logo

མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-02-06 ཀློག་གྲངས།:

མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་བསྡུས་པ།
མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་བསྡུས་པ།

  ཟླ2པའི་ཚེས4ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་ཁུལ་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་ཤིང་། ཚོགས་ཐོག་འཐུས་མི219ཞུགས་ཡོད་པ་རེད།


ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་གནང་བཞིན་པ།

  མཚོ་ལྷོའི་ཏང་སྲིད་དམག་ཁོངས་ཀྱི་འགོ་ཁྲིད་རྣམས་ཚོགས་འདུར་ཞུགས་ལ། ཚོགས་འདུའི་ཐོག་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་གནང་བ་སྟེ། གཅིག་ནས2014ལོའི་བྱ་བར་ཕྱིར་གཞིགས་དང་། གཉིས་ནས2015ལོའི་བྱ་བའི་སྤྱིའི་བླང་བྱ་དང་འགན་འཁྲི། བྱེད་ཐབས། གསུམ་ནས་སྲིད་གཞུང་གི་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཁྲིམས་ལྟར་སྲིད་འཛིན་དང་དམངས་ལ་ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོ་རུ་འདེགས་པ་བཅས་ཁག་གསུམ་འདུས་པ་རེད།
 


འབྲེལ་ཡོད་འོས་སྦྱོར།