logo

སྲིད་གྲོས་སྐབས12པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-02-05 ཀློག་གྲངས།:

 སྲིད་གྲོས་སྐབས12པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།
སྲིད་གྲོས་སྐབས12པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།

  ཟླ2པའི་ཚེས3ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ཁུལ་ཚོགས་འདུ་ལྟེ་གནས་སུ་བསྡུས་ཤིང་།
  སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་རྟ་མགྲིན་སྒྲོལ་མ་དང་། རེན་ཅན་མིང་། ཏིང་ཀྱཱ་ཚང་ཀུན་བཟང་པདྨ་རྣམ་རྒྱལ། རྒྱ་བཟའ་ཚང་བློ་གསལ་རྒྱ་མཚོ་སོགས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བཞུགས།
  ཁུལ་ཡོངས་ཀྱི་རིགས་སོ་སོ་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན190ཡིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ་གྱི་འགན་འཁྲི་རླབས་ཆེན་ཕྲག་ཏུ་འཁུར་ཞིང་། སྲིད་ཞུགས་སྲིད་གླེང་གི་སྤྲོ་བ་ཆེན་པོས་རབ་ཏུ་བརྟས་ནས་ལྷན་གཅིག་ཏུ་འཛོམས་ཏེ་དམངས་འཚོ་མཉམ་གླེང་དང་། བྱུས་ཆེན་མཉམ་བགྲོ།  འཕེལ་རྒྱས་མཉམ་འགོད་བྱས།


ཚོགས་རའི་ཟུར་ཞིག

  སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་རྟ་མགྲིན་སྒྲོལ་མས་ཚོགས་འདུར་འགོ་འཛིན་མཛད་ཅིང་། ཚོགས་ཐོག་གྲོས་རིམ་ཁག་བཞི་བརྒྱུད་པ་སྟེ། གཅིག་ནི་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་ལ་འཐད་པ་བྱུང་བ་དང་། གཉིས་ནི་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན། གསུམ་ནི་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། བཞི་ནི་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ཡིག་ཐོག་ནས་བརྒྱུད་སྒྲོག་བྱས་པ་རེད།
 


འབྲེལ་ཡོད་འོས་སྦྱོར།