logo

མཚོ་སྔོན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་ཞིག་གསོ་བྱ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-02-02 ཀློག་གྲངས།:

མཚོ་སྔོན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་ཞིག་གསོ་བྱ་རྒྱུ་རེད།
པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གི་འཁྲུངས་གཞིས།

  རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་བིས་མདོ་ན་ཡོད་པའི་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་གྱི་འཁྲུངས་གཞིས་ལ་ཞིག་གསོ་གནང་རྒྱུ་ཡིན་ཞིང་། འབྲེལ་ཡོད་ཀྱི་འཆར་བཀོད་སྒྲིག་འགོད་བྱེད་བཞིན་ཡོད་པ་རེད།
  པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་དེ་མཚོ་སྔོན་ཞིང་ཆེན་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཁོངས་ཀྱི་བིས་མདོ་ཡུལ་ཚོ་རུ་ཡོད་ཅིང་། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་རབ་བྱུང་བཅུ་དྲུག་པའི་ས་སྟག(སྤྱི་ལོ1938)ལོའི་ཟླ་བ་དང་པོའི་ཚེས་གསུམ་ཉིན་ཡུལ་དེ་རུ་ས་སྐྱ་འཁོན་གྱི་རིགས་ལས་མཆེད་པའི་བིས་མདོ་དཔོན་ཚང་དུ་ཡབ་བིས་མདོ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས།
  2013ལོའི་ཟླ5པར། པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་དང་བིས་མདོ་དགོན་པ་གཉིས་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་བྱ་ཡུལ་གཙོ་ཤས་གྲས་སུ་བཞག
  ཉེ་སྔོན་མཇུག་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་སྟེང་ཡ་རྫི་རྫོང་གི་དམངས་ཆེན་འཐུས་མིས་པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་ལ་ཞིག་གསོ་བྱེད་དགོས་པའི་གྲོས་གཞི་བཏོན་པ་ལྟར་ཞིང་ཆེན་རིག་དངོས་དོ་དམ་ཅུའུ་ཡིས་པཎ་ཆེན་འཁྲུངས་གཞིས་དང་བིས་མདོ་དགོན་པར་སྲུང་སྐྱོབ་དང་ཞིག་གསོ་བྱེད་པའི་ལས་གྲྭའི་འཆར་བཀོད་སྒྲིག་འགོད་བྱེད་བཞིན་ཡོད་པ་རེད།

 

 


འབྲེལ་ཡོད་འོས་སྦྱོར།