མཚོ་སྔོན་གྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་སྲོལ་ཡིག་ཐོག་མ་དེ་སྤྱི་ཟླ3པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།
རྩོམ་པ་པོ།:མི་ཆུང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-01-15
ཀློག་གྲངས།:
སྤྱི་ཟླ1པོའི་ཚེས13ཉིན། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་འཛུགས་སྐྲུན་ཡར་སྐུལ་གྱི་སྲོལ་ཡིག》དེ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་སྟེང་གྲོས་ཞིབ་ལ་གྲོས་འཆམ་བྱུང་ཞིང་། ད་ལོའི་སྤྱི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྩིས་ཡོད་པ་རེད། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་སྐྱེ་ཁམས་འཛུགས་སྐྲུན་གྱི་ཁྲིམས་འཛུགས་ཐོག་མ་ཡིན་ལ། ཀོས་ཀྲིག་ཞིང་ཆེན་ཕུད་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་ཐད་བཏོན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐེངས་གཉིས་པའང་ཡིན།
ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་ལ་ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྙིང་སྟོབས་དེ་ལག་ལེན་ཏུ་བསྟར་ཕྱིར། གོང་གནས་ཁྲིམས་གཞི་འཛིན་མེད་པའི་གནས་ཚུལ་འོག་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ནས་རང་ཚུགས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྲིམས་འཛུགས་བྱ་བ་བསྒྲུབས་པ་རེད། ལོ་ཕྱེད་རིང་གི་རིགས་པས་དཔྱད་ཞིབ་དང་བསམ་འཆར་བསྡུ་ལེན། ཡང་བཅོས་བསྐྱར་བཅོས་བརྒྱུད་ཕྱོགས་ཡོངས་ཀྱི་བསམ་འཆར་དང་གྲོས་གཞི་དང་དུ་བླངས་ཏེ་སྲོལ་ཡིག་འཆར་ཟིན་གྱི་སློབ་སྟོན་དགོངས་དོན་གསལ་ལ། སྒྲིག་གཞི་ཚུལ་དང་མཐུན་པ། ནང་དོན་འཐུས་ཚང་བ། ཀྲུང་དབྱང་གི་སྙིང་སྟོབས་དང་རང་ཞིང་གི་དོན་དངོས་དང་མཐུན་པ་ཞིག་འགྲུབ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་སྟེང་། རྒྱུན་ལས་ཨུ་ཡོན་ཚོགས་པས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་དང་མང་ཚོགས་སྐྱེ་ཁམས་དཔལ་ཡོན་གྱི་ནང་རྐྱེན་དུ་གཏོགས་པ། མང་ཚོགས་ཀྱི་ཁེ་ཕན་ལ་འགན་སྲུང་། སྐྱེ་ཁམས་རིག་གནས་འཛུགས་སྐྲུན། དབང་ཆ་དང་མ་ལག་ཆ་ཚང་བ་གཏན་འབེབས་སོགས་མུ་མཐུད་ནས་གྲོས་ཞིབ་མཛད་པ་མ་ཟད། བཟོ་བཅོས་ཀྱི་དགོངས་འཆར་བཏོན་ཏེ་མཐར《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་འཛུགས་སྐྲུན་ཡར་སྐུལ་གྱི་སྲོལ་ཡིག》འགྲུབ་པ་རེད། སྲོལ་ཡིག་འདི་ནི་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ནས་ལོ་གཅིག་གི་ནང་ལ་ལས་གཞི་དང་འཆར་འགོད། གྲོས་ཞིབ་གནང་བའི་རང་ཚུགས་ཅན་དང་སྔོན་ཐོན་ཅན། གསར་འཛུགས་ཅན་གྱི་སྲོལ་ཡིག་ཅིག་ཡིན་ལ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྒྲིག་ཁྲིམས་ཀྱིས་རམ་འདེགས་གནང་བར་མཐུན་རྐྱེན་བསྐྲུན་ཡོད་པ་རེད།
《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་འཛུགས་སྐྲུན་ཡར་སྐུལ་གྱི་སྲོལ་ཡིག》ལ་དོན་ཚན76ཡོད་ལ། དེར་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་བདག་དང་། འཆར་གཞི་དང་འཛུགས་སྐྲུན། སྲུང་སྐྱོབ་དང་དོ་དམ། ལྟ་སྐུལ་འོག་ཞིབ་བཤེར། བཅའ་ཁྲིམས་ཀྱི་འགན་ཁུར་སོགས་ཀྱི་ནང་དོན་གསལ་ཁ་ཆོད་པར་གཏན་འབེབས་གནང་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།