ཁྱད་འཕགས་རིགས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་ལས་ཐུན་ཏེའི་མཁར་ཞང་སྤྱི་ཚོགས་གོང་འཕེལ་ཐད་འགྱུར་ལྡོག་བྱུང་།
ཐུན་ཏེ་རྫོང་གིས་ལོ་གསུམ་ཅན་གྱི་ཁྱད་འཕགས་རིགས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་འཆར་བཀོད་འགོ་བརྩམས་པ་ནས་བཟུང་། ཞིང་ཆེན་དང་ཁུལ་ཨུའི་འབྲེལ་ཡོད་འགོ་ཁྲིད་ཀྱི་ཆོག་མཆན་དང་སྤྱིའི་བཀོད་སྒྲིག་ལྟར། མཛེས་སྡུག་འཛུགས་སྐྲུན་གཙོ་གནད་དུ་འཛིན་པ་དང་། ཆུ་གློག་ལམ་གསུམ་གྱི་ལས་གཞི། དབུལ་སྐྱོར་མཁྲེགས་གཏོར་དཔེ་སྟོན་སྡེ་བ་འཛུགས་སྐྲུན། དམངས་འཚོ་ལེགས་བཅོས་ལས་གཞི། རྗེས་མཐུད་ཐོན་ལས་གོང་སྤེལ་སོགས་ཀྱི་བྱ་བ་གཙོར་བཟུང་ནས། རྫོང་ཡོངས་ཀྱི་ནུས་ཤུགས་གཅིག་སྒྲིལ་སྒོས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་དམ་འཛིན་བྱས་ཐོག མཁར་ཞང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གོང་སྤེལ།མཁར་ཞང་ཕུང་གཅིག་ཅན་གྱི་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཏིངས་ཡོད་ཅིང་། ཐུན་ཏེ་རྫོང་གི་མཁར་ཞང་སྤྱི་ཚོགས་གོང་འཕེལ་ཐད་འགྱུར་ལྡོག་ཆེན་མོ་བྱུང་།
གཅིག་ནི་དབུལ་སྐྱོར་མཁྲེགས་གཏོར་ལས་དཔལ་འབྱོར་གོང་འཕེལ་ཐད་སྐུལ་ནས་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡིན་པ། དབུལ་སྐྱོར་མཁྲེགས་གཏོར་འཆར་བཀོད་ལག་བསྟར་བྱས་པ་ནས་བཟུང་། ཐུན་ཏེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཆབ་སྲིད་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་ནན་མོ་བྱས་པ་དང་། ཧུར་ཐག་གིས་ལས་གཞི་དངུལ་གཏོང་དང་ཁྱད་འཕགས་ཐོན་ལས་གསོ་སྤེལ་ཐད་ཤུགས་བསྣན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་བརྟན་ཞིང་མགྱོགས་པའི་སྒོ་ནས་འཕེལ་བ་རྒྱུན་འཁྱོངས་བྱས། རྫོང་ཡོངས་ཀྱི་ཐོན་ལས་སྤྱི་འབོར་དེ2011ལོའི་དུང་ཕྱུར8.8ནས་འཕར་ཏེ་2013ལོར་དུང་ཕྱུར11.78ལ་བསླེབས་པ་དང་། ལོ་རེར་ཆ་སྙོམས་ཀྱིས8.6%འཕར་བ་རེད། རྫོང་གཏོགས་གཏན་འཇགས་རྒྱུ་ནོར་གཏོང་ཚད་དུང་ཕྱུར7.1ནས་དུང་ཕྱུར12.87ལ་བསླེབས་པ་དང་། ལོར་རེར་ཆ་སྙོམས་ཀྱིས34%འཕར་བ་རེད། རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་སྤྱི་འབོར་དེ2011ལོའི་དུང་ཕྱུར4.72ནས་འཕར་ཏེ2013ལོར་དུང་ཕྱུར7.94ལ་བསླེབས་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་མི་རེར་ཆ་སྙོམས་སྒོར480འཕར་བ་རེད། དེ་བས་ད་ལྟ་ཐུན་ཏེ་རྫོང་གི་སྤྱི་ཚོགས་འཆམ་མཐུན་དང་། ཁྱིམ་མི་མཛའ་མཐུན། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ལེགས་པོ་མངོན་ཡོད།
གཉིས་ནི་དབུལ་སྐྱོར་མཁྲེགས་གཏོར་ལས་རྨང་གསུམ་འཛུགས་སྐྲུན་ཐད་སྐུལ་ནས་གཞི་རིམ་རྩ་འཛུགས་བསྟུད་མར་བརྟན་པོར་གྱུར་བ། དབུལ་སྐྱོར་མཁྲེགས་གཏོར་ལག་བསྟར་བྱས་པ་ནས་བཟུང་། རྫོང་ཡོངས་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་སྤེལ་བ་དེ་དམངས་སེམས་ཏང་སེམས་གཅིག་ཏུ་སྒྲིལ་བའི་སྲིད་གཙང་ལས་གཞི་དང་དམངས་སེམས་ལས་གཞི་ཞིག་ཏུ་བརྩིས་ནས། གཞི་རིམ་སྒྲིག་ཆས་ལེགས་བཅོས་བྱེད་པའི་ལས་གཞི་རབ་དང་རིམ་པ་ཞིག་འཆར་གཞི་བཀོད་དེ་ལག་བསྟར་བྱས་པ་སྟེ། སྡེ་བ་དང་སྡོད་ཁུལ26ལ་ཏང་ཡོན་བྱ་འགུལ་ཁང་གསར་དུ་བསྐྲུན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་རྨང་གཞི་སྒྲིག་ཆས་དང་གཞུང་སྒྲུབ་ཆ་རྐྱེན་ཞན་པའི་གནས་བབ་ལེགས་བཅོས་བྱས། གཞི་རིམ་རྩ་འཛུགས་ཀྱི་འཁོར་རྒྱུག་གྲོན་དངུལ་དང་སྡེ་བ་སྡོད་ཁུལ་གྱི་ཨུ་ཡོན་ཁང་གི་ལས་བྱེད་མི་སྣའི་ཟླ་ཕོགས་ཀྱི་ཚད་གཞི་ལེགས་སྒྲིག་བྱས་ཏེ་གོང་དུ་བསྟད་པ་སྟེ། སྡེ་བ་དང་སྡོད་ཁུལ་གྱི་ལས་བྱེད་མི་སྣའི་ཟླ་ཕོགས་སྒོར1385ནས་སྒོར3096ལ་བསྟད་པ་དང་། སྡེ་བ་རིམ་པའི་འཁོར་རྒྱུག་གྲོན་དངུལ་དེ་སྔོན་གྱི་སྒོར་ཁྲི2ནས་སྒོར་ཁྲི3.5ལ་བསྟད་ནས་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཀྱི་ཟླ་ཕོགས་ཀྱི་ཚད་གཞི་ལ་བསླེབས་པ་རེད། གཞི་རིམ་ཏང་རྩ་འཛུགས་ཀྱི་དོ་དམ་ཐབས་ལམ་ཐད་སྐུལ་ནས། རྫོང་དང་ཞང་གྲོང་དུ་ལས་བྱེད་པ102བདམས་ནས་སྡེ་བར་གཏན་སྡོད་བྱས་ཏེ་དབུལ་སྐྱོར་བྱ་བ་བསྒྲུབས་པ་དང་། དེ་ལས་སྒྱིད་ལུག་གཉོད་ཆུང་གི་སྡེ་བ8ལེགས་སྒྲིག་བྱས་ཤིང་། ལེགས་སྒྲིག་བྱེད་ཚད100%ལ་བསླེབས་ཡོད།སྔོན་ཐོན་ཏང་ཀྲི་པུའུ39ཁྲོད་ནས་ཏང་འཛུགས་དཔེ་སྟོན་ཀྲི་པུའུ15སྐྱེད་སྲིང་བྱས་ཤིང38%ཟིན་ཡོད། དེ་ལས་སྡེ་བ་རིམ་པའི་ཏང་རྩ་འཛུགས་སྒྱིད་ལུག་གཉོད་ཆུང་ཡིན་པ་བཅས་ཀྱི་གནད་དོན་འབུར་ཐོན་དག་ཐག་གཅོད་བྱས་ཐོག གཞི་རིམ་ཏང་ཡོན་ལས་བྱེད་པས་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་མངོན་གསལ་སོང་ནས། སྲོལ་ལུགས་ཚུལ་མཐུན་དང་། ལས་སྒྲུབ་མཉམ་བརྩོན་གྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་ཡོད།
གསུམ་ནི་དབུལ་སྐྱོར་མཁྲེགས་གཏོར་ལས་ཏང་སྲིད་ཀྱི་སྙན་གྲགས་རྒྱས་ནས་ལས་བྱེད་དང་མང་ཚོགས་ཀྱི་འབྲེལ་བ་སྔར་ལས་མཛའ་མཐུན་ཏུ་གྱུར་བ།དབུལ་སྐྱོར་མཁྲེགས་གཏོར་ལས་གཞི་ལག་བསྟར་མ་བྱས་པའི་སྔོན་ལ། ཐུན་ཏེ་རྫོང་གི་གཞུང་ལམ་གྱི་ཚད་རིམ་དམའ་བ་དང་། གློག་དྲའི་སྒྲིག་ཆས་རྗེས་ལས་ཡིན་པ། མཁར་གྲོང་ཅན་དུ་འགྱུར་ཚད་དམའ་བ། མཁར་ཞང་གི་གཅིག་གྱུར་འཕེལ་ཚད་དལ་བ་སོགས་ཀྱི་གནད་དོན་ལྷག་ཏུ་འབུར་ཐོན་ཡིན་པས། གནད་དོན་དེ་དག་གིས་ཐུན་ཏེ་རྫོང་གི་དཔལ་འབྱོར་གོང་སྤེལ་དང་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གོང་དུ་འཕེལ་བར་བར་ཆད་ཚབས་ཆེན་བཟོས། 《འཆར་བཀོད》ལག་བསྟར་བྱས་པ་ནས་བཟུང་། ཐུན་ཏེ་རྫོང་གིས་རྫོང་ཁོངས་ཀྱི་ཆུ་གློག་ལམ་གསུམ་སོགས་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་གནད་སར་བཟུང་ནས། མ་དངུལ་དུང་ཕྱུར7.6བཏང་སྟེ་ཆུ་གློག་ལམ་གསུམ་དང་སྡོད་ཁང་སོགས་ལས་གཞི102ལག་བསྟར་བྱས་ཤིང་།བགྲོད་ལམ་སྤྱི་ལེ439བསྐྱེད་པ་དང་ཁྱིམ་ཚང2169ལ་གློག་འཐེན། མི8000ལྷག་དང་ཕྱུགས་ཟོག་ཁྲི16ཡི་འཐུང་ཆུ་ཐད་ཀྱི་དཀའ་ཁག་སེལ། རོང་འབྲོག་མང་ཚོགས5575སྡོད་ཁང་གསར་བར་གནས་སྤོར་བ་རེད། དམངས་ཕན་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་ལས་གཞི་ཁུལ་གྱི་འགྲིམ་འགྲུལ་དང་ཆུ་གློག སྡོད་ཁང་། འཕྲིན་གཏོང་སོགས་རྨང་གཞི་སྒྲིག་ཆས་ལེགས་བཅོས་སུ་སོང་ནས། དམངས་སེམས་རབ་ཏུ་སྤྲོས་ཤིང་རྫོང་ཡོངས་ལས་བྱེད་མང་ཚོགས་ཀྱི་ཆོད་སེམས་སྔར་ལས་བརྟན་པར་གྱུར་ནས་ཕན་ཚུན་བར་གྱི་འབྲེལ་བ་སྔར་ལས་དམ་ཞིང་སྔར་ལས་མཛའ་མཐུན་དུ་གྱུར།
བཞི་ནི་དབུལ་སྐྱོར་མཁྲེགས་གཏོར་ལས་དམངས་འཚོ་ལེགས་བཅོས་ཐད་སྐུལ་ནས་མཁར་ཞང་གི་རྣམ་པ་གསར་བ་མངོན། ཐུན་ཏེ་རྫོང་གི་སྤྱི་ཚོགས་འཛུགས་སྐྲུན་དང་དམངས་འཚོ་འགན་སྲུང་ལ་དུས་ཡུན་རིང་པོ་ཞིག་ནས་གནད་དོན་གང་མང་ལ་ཕྲད་ཡོད་དེ། སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་རྗེས་ལས་ཡིན་པའི་གནས་བབ་དེ་རྩ་བ་ནས་བཅོས་སྒྱུར་བྱས་མེད་པ། ཞིང་ཕྱུགས་དཔལ་འབྱོར་བཟོ་ལས་ཅན་གྱི་ཆུ་ཚད་དམའ་བ། ས་ཁོངས་བར་གྱི་འཕེལ་རྒྱས་དོ་མཉམ་མིན་པ་སོགས་ཀྱི་གནད་དོན་མཆིས། དབུལ་སྐྱོར་མཁྲེགས་གཏོར་འཆར་བཀོད་ལག་བསྟར་བྱས་པ་ནས་བཟུང་། སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར2.1བཏང་ནས་རོང་འབྲོག་ཁུལ་དུ་སློབ་གསོའི་རྨང་གཞི་སྒྲིག་ཆས་དང་། འཕྲོད་བསྟེན་སྨན་བཅོས་མ་ལག སྤྱི་བའི་ཞབས་ཞུའི་མ་ལག་སོགས་ཀྱི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་རེད། དེ་ཡང་རྫོང་ཡོངས་ཀྱི་བྱིས་བཅོལ་ཁང་དེ2011ལོའི32ལས་འཕར་ཏེ་ད་ལྟ་བྱིས་བཅོལ་ཁང40ཡོད་པ་དང་། བྱིས་པ་སློབ་གྲྭ་ཞུགས་གྲངས1796ལས་འཕར་ཏེ་ད་ལྟ2217ལ་བསླེབས་ཡོད། སློབ་གྲྭ་ཞུགས་ཚད61%ནས78%ལ་འཕར། མཁར་གྲོང་གི་རྨང་གཞིའི་སྨན་བཅོས་འགན་སྲུང་དང་རོང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་གསར་བར་ཞུགས་ཚད100%དང99.9%ལ་བསླེབས་ནས། མཁར་གྲོང་གི་སྡོད་དམངས4242དང་རོང་འབྲོག་མང་ཚོགས8100ལ་སྲིད་གཞུང་གི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཐོབ་ཡོད། མཁར་ཞང་གི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་རྒྱ་སྐྱེད་པ་དང་སློབ་གསོའི་སྒྲིག་ཆས་ལེགས་བཅོས། མཁར་ཞང་སྤྱི་ཚོགས་སྐྱོར་འདེགས་སོགས་དམངས་འཚོའི་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་བྱས་པ་བརྒྱུད། ལོ་ངོ་གཅིག་ཁོ་ནའི་རིང་ལ་ལས་གཞི་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། རྫོང་ཡོངས་རྒྱ་ཆེའི་མང་ཚོགས་ཀྱི་བརྩོན་སེམས་སྔར་ལས་འཕེལ་བ་དང་། ལྷག་པར་དུ་དབུལ་ཕོངས་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་བརྩེ་སེམས་མང་ཚོགས་ལ་འབྲེལ་ནས་དམངས་འཚོ་ལ་ཐུགས་ཁུར་བྱེད་པར་སྙིང་ནས་ཐུགས་རྗེ་ཞུ་བཞིན་ཡོད་ལ། རང་འགུལ་སྒོས་འཕེལ་རྒྱས་བརྩོན་ནས་འབྱོར་འབྲིང་ལ་སྙེག་པའི་ཆོད་སེམས་བརྟན་པོར་གྱུར།
ལྔ་ནི་དབུལ་སྐྱོར་མཁྲེགས་གཏོར་ལས་མི་རིགས་མཐུན་སྒྲིལ་ལ་སྐུལ་ནས་སྤྱི་ཚོགས་ཀྱི་ལུགས་སྲོལ་ལེགས་བཅོས་མངོན་གསལ་བྱུང་། དུས་ཡུན་རིང་པོ་ཞིག་ལ། ཐུན་ཏེ་རྫོང་གི་གནས་ཚུལ་ནི་སྤྱི་ཚོགས་གྱི་འགལ་ཟླ་དང་རྩོད་གླེང་གང་མང་འབྱུང་ཞིང་གོང་འཕེལ་གྱི་གོམ་བགྲོས་རྗེས་ལས་ཡིན་ལ། ལྷག་པར་དུ་དབུལ་ཕོངས་ཀྱི་གནད་དོན་འབུར་ཐོན་ཡིན་པས། ས་གནས་ཀྱི་གཏན་འཇགས་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ཐད་ཤན་ཤུགས་ཆེན་པོ་ཐེབས་ཡོད། 2011ལོར་རྩྭ་སའི་རྩོད་གླེང6བྱུང་བ་དང་། རྐུ་འཕྲོག་གི་གྱོད་དོན26དང་གཏུག་བཤེར་གྱི་དོན་དག29བྱུང་། 2012ལོར་ཐུན་ཏེ་རྫོང་གི“3•15” གྲྭ་བཙུན་ཟིང་སློང་སོགས་ཀྱི་དོན་རྐྱེན་བྱུང་། 2012ལོར་དབུལ་སྐྱོར་མཁྲེགས་གཏོར་འཆར་བཀོད་ལག་བསྟར་བྱས་པ་ནས་བཟུང་། རྫོང་ཡོངས་སུ་ཡར་གཏུག་དང་ཚོགས་སྤྱིའི་དོན་རྐྱེན། བདེ་འཇགས་མ་ཡིན་པའི་རྒྱུ་རྐྱེན། རྩྭ་སའི་རྩེད་གླེང་སོགས་ཀྱི་དོན་རྐྱེན་གཅིག་ཀྱང་མ་བྱུང་། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་འཆམ་མཐུན་བསམ་ཞིང་འཕེལ་རྗེས་བརྩོན་པ། འབྱོར་ཕྱུག་ལ་སྙེག་པའི་རེ་འདུན་སྔར་ལས་དྲགས་པས། དམངས་ཀྱི་ཀུན་སྤྱོད་ལེགས་བཅོས་ཆེན་མོ་བྱུང་བ་དང་། 2013ལོར་ཞིང་ཆེན་ཡོངས་ཀྱི་ཡིག་གཏུག་བྱ་བའི་སྔོན་ཐོན་ས་ཁུལ་དུ་བདམས་ཞིང་། 2014ལོར་བསྟུད་མར་དུས་ཚིགས་གསུམ་ལ་ཡིག་གཏུག་གི་གནད་དོན་ཚབས་ཆེན་མ་བྱུང་།