རྔ་བ་སྒྲིག་བསྒྱུར་ཅུའི་ཅུའུ་ཀྲང་སྐལ་བཟང་ཐར་སོགས་ཀྱིས་མཚོ་ལྷོའི་བོད་སྐད་ཡིག་བྱ་བར་རྟོག་ཞིབ་གནང་བ།
བཞུགས་མོལ་གནང་བའི་ཡུལ་དངོས།
ཟླ3པའི་ཚེས11ཉིན། སི་ཁྲོན་རྔ་བ་བོད་ཆཱང་རང་སྐྱོང་ཁུལ་སྒྲིག་བསྒྱུར་ཅུའི་ཅུའུ་ཀྲང་སྐལ་བཟང་ཐར་ལགས་དང་། གཞུང་ལས་ཁང་གི་ཀྲུའུ་རིན་བྱང་ཆུབ་རྡོ་རྗེ་ལགས་སོགས་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དུ་ཕེབས་ནས་མཚོ་ལྷོའི་བོད་སྐད་ཡིག་བྱ་བའི་འཕེལ་རྒྱས་དང་། མཚོ་སྔོན་པོ་བོད་ཡིག་དང་རྒྱ་ཡིག་དྲ་ཚིགས་ཀྱི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གཏིང་ཟབ་གནང་། དེའི་མཚུངས་སུ་མཚོ་ལྷོ་ཁུལ་གྲོང་བྱང་ས་ཁུལ་གསར་པ་དང་མི་རིགས་ཀྱི་སློབ་གྲྭ་ཆུང་འབྲིང་སོགས་སུ་གཟིགས་ཞིབ་གནང་ནས་མཚོ་ལྷོའི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་རྒྱུས་ལོན་བྱས།
མཚོ་སྔོན་པོ་དྲ་བར་གཟིགས་ཞིབ་གནང་བ།
མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཚེ་ལོ་ལགས་ཀྱིས་མཚོ་ལྷོ་ཁུལ་བོད་སྐད་ཡིག་གཞུང་ལས་ཁང་གི་འབྲེལ་ཡོད་བྱ་བ་དང་བོད་ཡིག་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་སོགས་ངོ་སྤྲོད་བྱས་ཤིང་། རྔ་བ་སྒྲིག་བསྒྱུར་ཅུའི་ཅུའུ་ཀྲང་སྐལ་བཟང་ཐར་ལགས་ཀྱིས་བོད་ཡིག་འཚོལ་བཤེར་མ་ལག་གི་ལས་གཞིའི་འཛུགས་སྐྲུན་ལ་ཁས་ལེན་གནང་ཐོག ཁོང་ཚོས་ནུས་ཤུགས་ཅི་ཡོད་སྒོས་བོད་ཡིག་གི་རྒྱུ་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱེད་ངེས་ཞེས་བསྟན་པ་རེད།
རྔ་བ་ཁུལ་སྒྲིག་བསྒྱུར་ཅུས་མཚོ་ལྷོར་རྟོག་ཞིབ་གནང་བའི་བྱ་འགུལ་བརྒྱུད་ནས་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱིས་བོད་སྐད་ཡིག་བྱ་བའི་ཐད་ཕན་ཚུན་བགྲོ་གླེང་དང་ལས་སྒོའི་ཉམས་མྱོང་ཕན་ཚུན་བརྗེ་རེས་བྱེད་ཐུབ་པའི་ཁར། གྱོང་ཁ་འབུར་གསོ་དང་ཕྱར་བ་གྲུ་འདེགས་སྒོས་བོད་ཁུལ་གྱི་བོད་སྐད་ཡིག་བྱ་བར་ཐོད་བརྒལ་འབྱུང་བར་དགེ་མཚན་ཆེན་པོ་ལྡན་པ་རེད།