2013ལོའི་བོད་ཡིག་པར་གཞིའི《མཚོ་ལྷོའི་སྲིད་དོན》འདོན་ཐེངས་དང་པོ་འགྲེམ་སྤེལ་བྱས་པ།
2013ལོའི་བོད་ཡིག་པར་གཞིའི《མཚོ་ལྷོའི་སྲིད་དོན》འདོན་ཐེངས་དང་པོ་འགྲེམ་སྤེལ་བྱས་པ།
མིག་སྔར། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་སྒྲིག་པའི་བོད་ཡིག་པར་གཞིའི《མཚོ་ལྷོ་སྲིད་དོན》དུས་ལྟར་འགྲེམ་སྤེལ་བྱས་ཤིང་། འདོན་ཐེངས་འདིའི་ནང《མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ལས་དོན“ལོ་ལྔའི་འཆར་འགོད་བཅུ་གཉིས་པ”(ཚན་བཤུས)》དང་། 《ཧའོ་ཕུན་གྱིས་མཚོ་ལྷོ་རུ་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་གལ་ཆེན》། 《ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ལ་ཕུལ་བའི་འཕྲིན》། 《མཚོ་ལྷོ་ཁུལ་མཁར་གྲོང་དམའ་སྲུང་དུད་ཁྱིམ་གྱི་གླ་ཁེའི་སྡོད་ཁང་དོ་དམ་གནས་སྐབས་ལག་བསྟར་བྱེད་ཐབས》། 《སྨན་རྫས་འཕྲོད་བསྟེན་མ་ལག་བཅོས་སྒྱུར་བྱ་བའི་བསྡུས་བཤད》སོགས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་ཡིག་ཆའི་ནང་དོན་འདུས།
ཡི་གེ་དང་པར་རིས་ཟུང་དུ་སྦྱར་བ།
མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས2011ལོར་བོད་ཡིག་པར་གཞིའི《མཚོ་ལྷོའི་སྲིད་དོན》སྤེལ་བ་ནས་བཟུང་། མཚོ་ལྷོ་ཁུལ་གྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་སྲིད་ཇུས་དང་བྱེད་ཕྱོགས་གསར་བ་ཁྱབ་སྒྲོག་བྱས་ཤིང་། སྔར་ལས་ལྷག་པར་སྲིད་བཀའ་བསྒྲགས་པ་དང་། ཁྲིམས་ལྟར་སྲིད་སྐྱོང་བར་སྔོན་སྐུལ། དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན། མི་དམངས་མང་ཚོགས་ཀྱི་སྲིད་ཇུས་ཁྲིམས་སྲོལ་གྱི་རྒྱུས་མངའི་དབང་ཆ་དང་། སྲིད་གཞུང་གི་སྲིད་བསྟར་སྤྱོད་ལུགས་ལ་ཞུགས་པའི་དབང་ཆ་དང་ལྟ་སྐུལ་དབང་ཆའི་དངོས་འབེབས་སོགས་ཀྱི་ཐད་ནས་ཡར་སྐུལ་གྱི་ནུས་པ་ཆེན་པོ་ཐོན།