མཚོ་ལྷོའི་སྲིད་གྲོས་དང་དམངས་འཐུས་ཚོགས་ཆེན་བདེ་བླག་ངང་མཇུག་སྒྲིལ་བ།
སྲིད་གྲོས་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་མཇུག་སྒྲིལ་བའི་མཛད་སྒོ།
ཟླ1པོའི་ཚེས17ཉིན་གྱི་ཕྱི་དྲོ་དང་ཚེས18ཉིན་གྱི་སྔ་དྲོར། སྲིད་གྲོས་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་དང་། མཚོ་ལྷོ་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བཞི་བ་མཚོ་ལྷོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བདེ་བླག་ངང་མཇུག་སྒྲིལ།
ཚེས17ཉིན་གྱི་ཕྱི་དྲོའི་སྲིད་གྲོས་གྲོས་ཚོགས་མཇུག་སྒྲིལ་བའི་མཛད་སྒོ་རུ་སྲིད་གྲོས་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཆོད་བྱུང་བ་དང་། སྲིད་གྲོས་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པ་ནས་བཟུང་བའི་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུར་གྲོས་ཆོད་བྱུང་བ། དེ་མིན་སྲིད་གྲོས་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་བྱུང་བ་བཅས་ཡིན།
མཚོ་ལྷོ་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བཞི་བ་མཇུག་སྒྲིལ་བ།
ཚེས18ཉིན་གྱི་སྔ་དྲོའི་མཚོ་ལྷོ་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བཞི་བ་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་གྲོས་ཆོད་འཆར་ཟིན་དང་། མཚོ་ལྷོ་ཁུལ2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་ལེན་གནས་ཚུལ་དང2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་ཟིན། མཚོ་ལྷོ་ཁུལ2012ལོའི་ནོར་སྲིད་སྔོན་རྩིས་ཀྱི་འཆར་ཟིན། མཚོ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན། མཚོ་ལྷོ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་བཅས་ལ་རིམ་བཞིན་གྲོས་ཆོད་བྱུང་བ་རེད།