logo

བོད་གཞས182སི་ཁྲོན་གྱི་བོད་གཞས་ཕྱོགས་བསྒྲིགས་ནང་དུ་བདམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-08 ཀློག་གྲངས།:

  《སི་ཁྲོན་ཞིང་ཆེན་གྱི་བོད་གཞས་ཕྱོགས་བསྒྲིགས》ནི་སི་ཁྲོན་ཞིང་ཆེན་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རོལ་དབྱངས་མཐུན་ཚོགས་བཅས་ཀྱི“གཟུགས་འདས་ཤུལ་བཞག་རིག་གནས་མྱུར་སྐྱོབ་ལས་གཞིའི”ཁག་གཙོ་བོ་ཞིག་ཡིན་ཞིང་། ད་ལོའི་ཟླ11པའི་བར་དུ་ལེགས་འགྲུབ་བྱུང་། གླུ་གཞས་ཀྱི་ཡོང་ཁུངས་གཙོ་བོ་ནི་རྔ་བ་ཁུལ་དང་དཀར་མཛེས་ཁུལ་གཉིས་ཡིན་པ་རེད།
  རྔ་བ་ཁུལ་རིག་གནས་ཅུའི་གསར་རྩོམ་གཞུང་ལས་ཁང་གིས་ལོ་ངོ་གཅིག་རིང་དུ་རྔ་བའི་ཁོངས་ཀྱི་ཨ་མདོ་དང་། རྒྱལ་རོང་། པདྨ་བཅས་ཀྱི་གླུ་གཞས182འཚོལ་སྡུད་དང་ལེགས་སྒྲིག་བྱས་ཏེ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ལ་ཡར་ཞུ་བྱས་ནས《སི་ཁྲོན་ཞིང་ཆེན་གྱི་བོད་གཞས་ཕྱོགས་བསྒྲིགས》སུ་བདམས་པ་རེད།
  ཐེངས་འདིའི་དམངས་ཁྲོད་གླུ་གཞས་འཚོལ་སྡུད་དང་། ལེགས་སྒྲིག མཇུག་མཐར《སི་ཁྲོན་ཞིང་ཆེན་གྱི་བོད་གཞས་ཕྱོགས་བསྒྲིགས》སུ་བདམས་པར་བརྒྱུད་ནས་ཕྱི་ཕྱོགས་སུ་ལེགས་པོར་ཁྱབ་སྒྲོག་བྱས་ཏེ་རྔ་བ་ཁུལ་གྱི་རིག་གནས་མཚན་སྙན་ཕྱོགས་ཀུན་ཏུ་རྒྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།