མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱིས་རོང་འབྲོག་མང་ཚོགས་སྟོང་གསུམ་དང་ཉིས་བརྒྱ་ལྷག་གསོ་སྦྱོང་བྱས་པ།
ཉེ་སྔོན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭའི་གསོ་སྦྱོང་ལྟེ་གནས་དང་གྲོང་ཁྱེར་དང་རྫོང་སོ་སོའི་འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་མཉམ་དུ་གསོ་སྦྱོང་གྲོས་མཐུན་བཅུ་བཀོད་དེ། མི་སྟོང་གསུམ་དང་ཉིས་བརྒྱ་དང་ལྔ་ཅུ་གསོ་སྦྱོང་བྱེད་རྩིས་ཡོད་པ་དང་། དེའི་ནང་དུ་རོང་འབྲོག་པའི“ལྷད་མེད་འཛིན་ཡིག”གི་གསོ་སྦྱོང་མི་གྲངས་བདུན་བརྒྱ་དང་། “ཉི་འོད་བཟོ་སྐྲུན”གྱི་གསོ་སྦྱོང་མི་སྣ་སྟོང་གཅིག་དང་དྲུག་བརྒྱ། “ཡང་བསྐྱར་ལས་ཀར་ཞུགས་པའི་བཟོ་སྐྲུན”གྱི་གསོ་སྦྱོང་མི་སྣ་དགུ་བརྒྱ་དང་ལྔ་བཅུ་ཡོད།
རེབ་དེའི་གསོ་སྦྱོང་དེ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་བའི་ཟླ་མཇུག་ནས་འགོ་བརྩམས་ནས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་ལྔ་བའི་ཟླ་མཇུག་བར་དུ་མཇུག་རྫོགས་རྒྱུ་རེད། སྡོམ་པས་སྐོར་ཁག་གསུམ་དུ་བགོས་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། སྐོར་ཁག་དང་པོ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་བའི་ཟླ་མཇུག་ནས་འགོ་བརྩམས་དེ་ཟླ་བཅུ་གཉིས་པའི་ཟླ་མཇུག་བར་དུ་མཇུག་རྫོགས་རྒྱུ་ཡིན་པ་དང་། སྡོམ་པས་མི་སྟོང་གཅིག་དང་དགུ་བརྒྱ་ཞུགས་རྒྱུ་རེད། སྐོར་ཁག་གཉིས་པ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་དང་པོ་ནས་ཟླ་གཉིས་པའི་ཟླ་མཇུག་བར་དུ་མཇུག་རྫོགས་རྒྱུ་ཡིན་པ་དང་མི་བདུན་བརྒྱ་གསོ་སྦྱོང་བྱེད་རྒྱུ་རེད།
སྐོར་ཁག་གསུམ་པ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་གཉིས་པའི་ཟླ་མཇུག་ནས་ཟླ་བཞི་བའི་ཟླ་སྟོད་དུ་མཇུག་རྫོགས་རྒྱུ་ཡིན་པ་དང་སྐབས་དེར་མི་སུམ་བརྒྱ་གསོ་སྦྱོང་བྱེད་རྒྱུ་རེད། དེའི་ནང་དུ་རླངས་འཁོར་ཁ་ལོ་བ་མི་སུམ་བརྒྱ་དང་ལྔ་བཅུ་གསོ་སྦྱོང་བྱེད་རྒྱུ་ཡིན་ལ་བྱ་བ་དེ་མཚོ་ནུབ་ཁུལ་ཉི་འོད་ཁ་ལོ་བའི་སློབ་གྲྭས་འགན་འཁུར་རྒྱུ་ཡིན་ཞིང་། ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཞི་བའི་ཟླ་སྟོད་ནས་ཟླ་ལྔ་བའི་ཟླ་མཇུག་བར་དུ་གསོ་སྦྱོང་བྱེད་རྒྱུ་རེད།