ཀྲང་ཝུན་ཁོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དུ་བདམས་པ།
མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲང་ཝུན་ཁོས།
ཟླ10བའི་ཚེས25ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲང་ཝུན་ཁོས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དུ་བདམས་ཤིང་། ཝང་ཅན་མིན་དང་། ཏུང་ཅེ་རིན། སྟག་འབུམ་རྒྱལ། ཉིན་ཁི་ཕུན། ཙོ་ཡུའུ་ལིན། ཚེ་རིང་ཐར་བཅས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པར་བདམས་པ་རེད།
མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་
ལྷན་ཁང་གི་ཀྲུའུ་རིན་དང་། ཀྲུའུ་རིན་གཞོན་པ། དྲུང་ཡིག་ཆེན་མོ།
འདེམ་བསྐོའི་སྟེང་མེའོ་ཧྲེན་ལིང་མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། རྟ་མགྲིན་ཚེ་རིང་དང་། ཡིན་མུ་ལེ། ཀྲང་ཡིན་ཀྲང་། དཔལ་ཆེན་རྒྱལ། རྟ་མགྲིན་སྒྲོལ་མ། གསེར་མཚོ་བཅས་ཀྲུའུ་རིན་གཞོན་པ་རུ་བདམས་ཤིང་། སུང་ཨེ་ཝུན་དྲུང་ཡིག་ཆེན་མོ་རུ་བསྐོས་པ་རེད།
མཚོ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཆོའོ་ཅན་དང་།
མཚོ་ལྷོ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་ཝང་ཀྲི།
དེ་མིན་ཆོའོ་ཅན་མཚོ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་དང་། ཝང་ཀྲི་མཚོ་ལྷོ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་རུ་བདམས་པ་རེད།