logo

མཚོ་ལྷོ་ཁུལ་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྲིད་གྲོས་སྙན་ཞུ་ལ་གྲོས་ཞིབ་གནང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-22 ཀློག་གྲངས།:


མ་གཞོན་མཉམ་འབྲེལ་ཚོགས་པ།  ཆོས་ལུགས།  ཏང་ཁག་གང་ལའང་མི་གཏོགས་པ།  ཐེ་ཝན་དུ་སྡོད་
པའི་བོད་མི། གྲངས་ཉུང་མི་རིགས་བཅས་ཀྱི་ཁྱབ་ཁོངས་ནང་སྙན་ཞུལ་གྲོས་ཞིབ་བྱེད་པ།

         ཟླ10བའི་ཚེས21ཉིན། སྲིད་གྲོས་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་སྟེང་ཞུགས་པའི་ཨུ་ཡོན་དང་བློ་མཐུན་རྣམ་པས་ཀྲུའུ་ཞི་ཀརྨ་རྒྱལ་གྱིས་ཕུལ་པའི《རྒྱུན་ཨུ་ཚོགས་འདུའི་སྙན་ཞུ》དང་ཀྲུའུ་ཞི་གཞོན་པ་ཚེ་བསོད་རྒྱལ་གྱི《གྲོས་ཞིབ་བྱ་བའི་གནས་ཚུལ་སྙན་ཞུ》གཉིས་ལ་ནན་ཏན་སྒོས་གྲོས་མོལ་མཛད་ཅིང་།  ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་སྙན་ཞུ་འདི་གཉིས་ལ་གདེང་འཇོག་དང་ཁས་ལེན་ཆེན་པོ་བྱེད་པ་དང་ཆབས་ཅིག་ཏུ།  ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ལ་དམིགས་ཏེ་རང་ཉིད་ཀྱི་བསམ་འཆར་དང་ལྟ་སྟངས་ལྷུག་པོར་བརྗོད་པ་རེད། 


ཀྲུང་གུང་།  དམག་ཁག  དགུ་གསུམ་སློབ་ཚོགས།  ཆེད་ཞུ་སྐུ་མགྲོན།  གསོ་རིག་
འཕྲོད་བསྟན་བཅས་ཀྱི་ཁྱབ་ཁོངས་སུ་སྙན་ཞུ་ལ་གྲོས་ཞིབ་བྱེད་པ།

         སྟག་འབུམ་རྒྱལ་གྱིས་བཤད་རྒྱུར།  སྙན་ཞུ་འདི་གཉིས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་དངོས་ཡོད་གནས་ཚུལ་དང་མཐུན་སྟབས་གསན་པ་ཙམ་གྱིས་མི་ལ་སྒུལ་ཤུགས་དང་དྲན་ཚུལ་གསར་བ་བསྐྱེད་པར་བྱེད་ཅིང་།  སྲིད་གྲོས་སྐབས་བཅུ་གཅིག་པའི་ལོ་ལྔའི་བྱ་བར་ཕྱིར་དྲན་ཞིག་བྱས་ན། གཅིག་ནི་རྟོགས་ཞིབ་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་ཏང་ཨུ་སྲིད་གཞུང་གི་འཆར་ཇུས་ལ་རིན་ཐང་ལྡན་པའི་རྟོགས་ཞིབ་སྙན་ཞུ་མཁོ་སྤྲོད་བྱས་པ། གཉིས་ནི་སྲིད་གྲོས་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ་དང་།  སྲིད་གྲོས་མ་ལག་གྲོང་གསེབ་དང་གྲོང་སྡེབ་སོགས་སུ་བསྲིངས་ཏེ་སྲིད་གྲོས་ཀྱི་བྱ་བའི་ནུས་ཤུགས་མཐོར་འདེགས་བྱེད་པར་དགེ་མཚན་བསྐྲུན་པ།  གསུམ་ནི་མཚོ་ལྷོའི་མ་འོངས་འཕེལ་རྒྱས་ཀྱི་བརྗོད་གཞི་ཆེན་པོར་གྱུར་བའི་སློབ་གསོ་དང་སྡོད་ཁང་འགན་སྲུང་སོགས་ཀྱི་བྱ་བའི་ཐད་ལ་ཤུགས་བསྣན་ཏེ། ཏང་ཨུ་སྲིད་གཞུང་ལ་ཚད་མཐོའི་འཆར་ཇུས་མཁོ་སྤྱོད་གནང་བ། བཞི་ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་དང་མཐུན་རྐྱེན་ལེགས་པའི་ནུས་ཤུགས་འདོན་སྤེལ་གང་ལེགས་སྒོས་རྩྭ་ས་དང་ས་མཚམས།  ཆོས་ལུགས་སོགས་ཀྱི་གནད་དོན་ཐག་གཅོད་པར་ཤུགས་བསྣན་ཏེ་སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ལ་ནུས་བ་ཆེན་པོ་ཐོན་པ། 

 
དཔལ་འབྱོར།  སྤྱི་ཚོགས་ཚན་རིག་བཅས་ཀྱི་ཁྱབ་ཁོངས་སུ་སྙན་ཞུ་ལ་གྲོས་ཞིབ་བྱེད་པ།

         ཁུང་ཀྲན་ཝེ་ཡིས་བཤད་རྒྱུར།  སྙན་ཞུ་འདི་གཉིས་ཀྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བྱ་བར་སྤྱི་བསྡོམས་བྱས་ཡོད་ཅིང་། འདིས་སྲིད་གྲོས་ཀྱིས་འབྲེལ་བ་མཐུན་སྦྱོར་དང་ནུས་ཤུགས་གཅིག་བསྡུ།  བསམ་འཆར་བརྗོད་པ།  ཞབས་ཞུ་བཅས་སྒྲུབ་པའི་ནུས་བ་ཆེན་པོ་མངོན་པར་མཚོན་པ་དང་།  ཁུལ་ཡོངས་མང་ཚོགས་དང་ལས་བྱེད་པ་རྣམས་ལག་ལྡིང་གཅིག་ཏུ་སྦྲེལ་ཏེ་འཆམ་མཐུན་མཚོ་ལྷོ་དང་ཕྱུག་འགྱུར་མཚོ་ལྷོ།  བདེ་ཐང་མཚོ་ལྷོ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་བསྐྲུན་པ་རེད། 
         ཨུ་ཡོན་བདྨ་རིག་འཛིན་གྱིས་བསམ་འཆར་བཏོན་པ་སྟེ།  གཅིག  སློབ་གསོའི་སྒྲིག་སྟངས་ལེགས་སྒྲིག་བྱས་རྗེས་དགེ་རྒན་གྱི་སྒྲིག་ཁུངས་མི་གྲངས་ཤིན་ཏུ་ཉུང་ཞིང་།  མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་སློབ་གྲྭ་དང་པོ་ལ་མཚོན་ནའང་དགེ་རྒན་གྱི་སྒྲིག་ཁུངས་མི་གྲངས63ཆད་ཡོད་པ་རེད།  འབྲེལ་ཡོད་སྡེ་ཁག་གིས་དགེ་སློབ་ཀྱི་བརྒྱ་ཆའི་ཚད་བཟུང་སྟེ་འབྲེལ་ཡོད་གཏན་འཁེལ་ལྟར་དགེ་རྒན་སྒྲིག་བཀོད་བྱ་རྒྱུ་དང་།  དེའུ་མཚུངས་སུ་དགེ་རྒན་གྱི་སྒྲིག་ཁུངས་མི་གྲངས་ལ་འགུལ་ལྡན་གྱིས་དོ་དམ་བྱེད་དགོས་པ།  གཉིས།  སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་མཐོར་འདེགས་བྱ་རྒྱུ།  ད་ལྟའི་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ནི་ཉིན་རེར་སྒོར6.8ཡིན་པ་རེད།  དེ་ཡང་དངོས་གོང་འཕར་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་རྒྱུན་ལྡན་གྱི་འགྲོ་གྲོན་རྒྱུན་འཁྱོངས་བྱེད་ཁག་པ་དང་སློབ་མའི་འཚོ་བར་དཀའ་ཁག་བྱུང་བས།  སློབ་མའི་ཉིན་རེའི་འཚོ་བའི་ཚད་གཞི་དེ་སྒོར10རུ་འཕར་བར་རེ་སྨོན་བརྗོད་པ།  གསུམ།  འབྲེལ་ཡོད་སྡེ་ཁག་གིས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་མའི་ཁ་གྲངས་རྩིས་ལེན་བྱས་རྗེས། སློབ་གྲྭ་འདིའི་སློབ་མ374ཡི་འཚོ་བར་ཁ་གསབ་སྤྲོད་པ་སོགས་ཀྱི་བསམ་འཆར་བཏོན་པ། 


སློབ་གསོ།  རིག་གནས་སྒྱུ་རྩལ་བཅས་ཀྱི་ཁྱབ་ཁོངས་སུ་སྙན་ཞུ་ལ་གྲོས་ཞིབ་བྱེད་པ།

         དཔའ་འབྲུག་འབུམ་གྱིས་བསམ་འཆར་བརྗོད་པ་སྟེ།  གཅིག   སྲིད་གཞུང་གིས་མ་དངུལ་གཏོང་བ་དང་།  སྤྱི་ཚོགས་ཀྱིས་དངུལ་རྩ་བསྡུ་བ།  ལས་གཞི་བརྩོན་ལེན་སོགས་ཀྱི་ཐབས་ལམ་སྣ་མང་སྤྱད་དེ་མ་དངུལ་གཏོང་ཤུགས་དྲག་ཏུ་གཏོང་བ་དང་། བོད་ཀྱི་རིག་གནས་གནའ་དཔེ་ལེགས་སྒྲིག་བྱེད་ཤུགས་ཆེར་བསྐྱེད་ནས་སྲོལ་རྒྱུན་གྱི་ཁྱད་འཕགས་རིག་གནས་ཁྱབ་སྤེལ་དང་རྒྱུན་འཛིན་བྱེད་པ།  གཉིས།  《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གཞིར་བཞག་སྒོས་ས་མིང་རིག་གནས་བརྡ་འགྲེལ་བྱ་བར་དོ་སྣང་དང་།  ས་མིང་དོ་དམ་དང་ཁྱབ་སྤེལ་བྱེད་ཤུགས་མཐོར་འདེགས་བྱེད་པ།  གསུམ།  མཚོ་ལྷོའི་རྫོང་དང་གྲོང་སྡེབ་གཞུང་ལམ་འགྲམ་རྒྱུད་རོང་འབྲོག་མང་ཚོགས་ཀྱི་དྲིལ་སྒྲོག་སློབ་གསོ་བྱེད་ཤུགས་ཆེར་བསྐྱེད་དེ་སྤུས་ཚད་མཐོར་འདེགས་སྒོས་ཕྱི་ཕྱོགས་ལ་རྣམ་པ་ལེགས་པོ་ཞིག་སྐྲུན་པ།


བློ་མཐུན་དཔའ་འབྲུག་འབུམ་གྱིས་བསམ་འཆར་བརྗོད་པ། 

         ཀུན་བཟང་པདྨ་རྣམ་རྒྱལ་གྱིས་བསམ་འཆར་བཏོན་པ་སྟེ།  གཅིག   སྲ་བརྟན་ངང་དགོན་པའི་སྤྱི་ཚོགས་ཅན་གྱི་དོ་དམ་བྱ་བར་ཡར་སྐུལ་བྱེད་ཅིང་།  དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ཀྲུའུ་རིན་གྱི་ལོ་རེའི་ལོ་ཕོགས་མཐོ་རུ་འདེགས་པ་དང་།  དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ཀྲུའུ་རིན་གཞོན་པ་དང་འབྲེལ་ཡོད་ཁུངས་མིའི་ལོ་ཕོགས་ཐག་གཅོད་བྱས་ནས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་བྱ་བའི་བརྩོན་ལེན་རང་བཞིན་དང་རང་འགུལ་རང་བཞིན་བསྐྱེད་པར་བྱེད་པ།  མུ་མཐུད་དུ་དགོན་པ་དང་སྡེ་བ་རིམ་པའི་རྩ་འཛུགས་ཀྱིས་ལས་གཞི་ཡར་ཞུ་དང་དངོས་འབེབ་སོགས་ཀྱི་འབྲེལ་བ་སྙོམས་སྒྲིག་བྱེད་པ།  གཉིས།  གནས་གཞན་ལ་སྤོར་སྐྱོད་དང་།  གྲོང་སྡེབ་འཛུགས་སྐྲུན།  སྡོད་ཁང་འགན་སྲུང་སོགས་ཀྱི་ལས་གཞི་དངོས་འབེབ་བྱེད་དུས།  ཐོག་མར་མི་གཞི་རྩར་འཛིན་པ་དང་ཚན་རིག་སྒོས་འཆར་འགོད་བྱེད་པ།  ཕྱོགས་ཡོངས་ནས་བསམ་འཆར་བསྡུ་ལེན་བྱེད་རྒྱུ་དང་ཚན་རིག་སྒོས་མཐའ་དཔྱོད་བྱེད་པ། མང་ཚོགས་ཀྱི་འདོད་བློ་ལ་བརྩི་མཐོང་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཏེ་དོན་དངོས་ཐོག་དམངས་ལ་ཕན་པའི་ལས་གཞི་དངོས་འབེབ་བྱ་དགོས་པ། 


འབྲེལ་ཡོད་འོས་སྦྱོར།