ཁྲ་འགུ་སྡེ་གསར་གྱི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ།
རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ།
ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།
དུས་ཚོད།:2011-09-24
ཀློག་གྲངས།:
འཛུགས་སྐྲུན་བྱས་རྗེས་ཀྱི་ཁྲ་འགུ་སྡེ་བའི་རྣམ་པ་གསར་བ།
ཟླ9བའི་ཚེས22ཉིན།མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་གྲོང་རྡལ་ཁྲ་འགུ་དགོན་པའི་རི་རྩེ་ནས་རྒྱང་ལྟ་བྱས་ཚེ། གྲལ་དག་པའི་འབྲོག་དམངས་ཀྱི་སྡོད་ཁང་གསར་བའི་རྣམ་པ་མིག་སྔར་དུ་གསལ་ལེར་མངོན་ཡོང་། ཏང་དང་རིམ་པ་སོ་སོའི་སྲིད་གཞུང་གི་ཐུགས་ཁུར་འོག ཁྲ་འགུ་སྡེ་གསར་འཛུགས་སྐྲུན་ལེགས་འགྲུབ་བྱུང། ཁྲ་འགུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་གསར་འགོད་པར་བཤད་རྒྱུར། ཡུས་ཧྲུའུ་བསྐྱར་འཛུགས་ཀྱི་དཔེ་སྟོན་སྡེ་བ་ཡིན་པའི་ཆ་ནས། ཁྲ་འགུ་སྡེ་བའི་ཆུ་དང་། གློག གཞུང་ལམ་བཅས་རྨང་གཞི་སྒྲིག་ཆས་ཚང་མ་ལེགས་འགྲུབ་བྱུང་ཡོད་ལ། སྡེ་དམངས་ཁྱིམ་ཚང206ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཡོད་ཟེར།
འབྲེལ་ཡོད་འོས་སྦྱོར།