logo

ཀྲུང་གོའི་བོད་རིག་པའི་ཆེད་མཁས་འཐུས་ཚབ་ཚོགས་པས་ཉི་ཧོང་ལ་མཚམས་འདྲི་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-02 ཀློག་གྲངས།:


དགྲ་འདུལ་ལགས་ཀྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཐོག་གསར་འགོད་པས་དྲི་བར་ལན་འདེབས་པ།


ཨ་ལགས་བསྟན་འཛིན་དགེ་ལེགས་ལགས་ཀྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཐོག་
གསར་འགོད་པའི་དྲི་བར་ལན་འདེབས་པ།

  ཟླ8པའི་ཚེས31ཉིན། ཀྲུང་གོའི་བོད་རིག་པའི་ཆེད་མཁས་འཐུས་ཚབ་ཚོགས་པས་ཀྲུང་ཉི་མཛའ་འབྲེལ་ཆོས་ལུགས་ལས་རིགས་དང་། ཉི་ཧོང་རྒྱལ་ཚོགས་ཀྱི་གྲོས་མི། དེ་མིན་གསར་འགྱུར་ལས་རིགས་ཀྱི་མི་སྣར་འབྲེལ་འདྲིས་བྱས་པ་རེད།
  ཐེངས་འདིའི་འཐུས་ཚབ་ཚོགས་པའི་ཁྲོད་དུ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་སྒྲུབ་གཞོན་པའམ《ཀྲུང་གོའི་བོད་རིག་པ》དུས་དེབ་ཀྱི་འགོ་འཛིན་དགྲ་འདུལ་ལགས་དང་། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨ་ལགས་བསྟན་འཛིན་དགེ་ལེགས་སོགས་ཡོད། ཁོ་ཚོས་ཉི་ཧོང་ན་བཅའ་སྡོད་བྱས་ཡོད་པའི་གཞུང་ཚབ་ལས་སྒྲུབ་ཁང་དུ་ཉི་ཧོང་དམངས་གཙོའི་ཏང་དང་རང་དམངས་ཏང་སོགས་ཏང་ཤོག་མང་པོའི་རྒྱལ་ཚོགས་གྲོས་མི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་བསྡུས།
  ཚོགས་འདུའི་ཐོག་དགྲ་འདུལ་ལགས་ཀྱིས་ཉི་ཧོང་གི་རྒྱལ་ཚོགས་གྲོས་མི་དང་གསར་འགོད་པ་སོགས་ལ་བོད་ལྗོངས་ཀྱི་ལོ་རྒྱུས་དང་། ད་ལྟའི་མི་རིགས་ཆོས་ལུགས་སྲིད་ཇུས། དེ་མིན་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་སྐོར་མཚམས་སྦྱོར་བྱས་པ་རེད། ཁོང་གི་ལྟ་ཚུལ་ལྟར་ན་བཞུགས་མོལ་ཚོགས་འདུས་ཀྲུང་གོ་དང་ཉི་ཧོང་གཉིས་ཀྱི་ཕན་ཚུན་ལ་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་པར་ཕན་འབྲས་མངོན་སུམ་ཐོན་ཡོད་པ་རེད་ཟེར།
  རྒྱུས་ལོན་པ་ལྟར་ན། འདི་ནི་ཀྲུང་གོའི་བོད་རིག་པའི་ཆེད་མཁས་འཐུས་ཚབ་ཚོགས་པས་ཉི་ཧོང་ལ་འཚམས་འདྲི་བྱེད་ཐེངས་གཉིས་པ་ཡིན་ལ། ཉིན་ལྔ་རིང་དུ་འཐུས་ཚབ་ཚོགས་པས་ཏ་པན་སོགས་ཉི་ཧོང་གི་ས་གནས་འགའ་རུ་ཆོས་ལུགས་ལས་རིགས་དང་སྨྱན་བྱད་ལས་རིགས་ཀྱི་མི་སྣ་དང་། ཡུལ་དེར་སྡོད་པའི་ཀྲུང་གོ་བ། ཡུལ་དེ་ན་སློབ་སྦྱོང་བྱེད་བཞིན་པའི་ཀྲུང་གོའི་སློབ་མ་བཅས་ལ་འཚམས་འདྲི་དང་བརྗེ་རེས་བྱེད་རྒྱུ་རེད། ཟླ9པའི་ཚེས4ཉིན། འཐུས་ཚབ་ཚོགས་པ་ཉི་ཧོང་ནས་ཁོ་རེ་ཡ་རུ་སོང་ནས་མུ་མཐུད་དུ་འཚམས་འདྲི་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།