ཐུན་ཏེ་རྫོང་འབའ་ལུང་ཡུལ་ཚོ་ཁ་སྒང་སྡེ་བའི་གཞི་རྩའི་ཞིང་ཁའི་ཁོད་སྙོམས་ལས་གཞི་དེར་ཆོག་མཆན་ཐོབ་པ།
ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་འབའ་ལུང་ཡུལ་ཚོ་ཁ་སྒང་སྡེ་བའི་གཞི་རྩའི་ཞིང་ཁའི་ཁོད་སྙོམས་ལས་གཞི་དེར་ཆེད་མཁས་པས་དཔྱད་ཞིབ་བྱས་ནས་ཆོག་མཆན་ཐོབ་པ་དང་། སྤྱི་ཆིང488ལྷག་འཛུགས་སྐྲུན་བྱས་པ་དང་། རྨོ་ཞིང་སྤྱི་ཆིང47ལྷག་གསར་དུ་ཁ་བསྣན།
ཐུན་ཏེ་རྫོང་འབའ་ལུང་ཡུལ་ཚོ་ཁ་སྒང་སྡེ་བའི་གཞི་རྩའི་ཞིང་ཁའི་ཁོད་སྙོམས་ལས་གཞི་ནི་ཞིང་ཆེན་རིམ་པའི་མ་དངུལ་བཏང་བའི་ལས་གཞི་ཞིག་ཡིན་པ་དང་། བཟོ་སྐྲུན་དེར་སྤྱིའི་མ་དངུལ་སྒོར་མོ་ཁྲི1144ལྷག་བཏང་ཞིང་། འཛུགས་སྐྲུན་བྱེད་ཡུན་ལོ་གཅིག་རེད། ལས་གཞི་དེ་ལག་བསྟར་བྱས་རྗེས་མི་རེར་རྨོ་ཞིང་མུའུ་ཐིག་དང་གྲངས་ཆུང་ལྔ་རེ་ཁ་སྣོན་བྱེད་ཐུབ་པ་དང་། རྨོ་ཞིང་དེའི་སྟེང་ལོ་རེར་སྤྱིའི་རིན་ཐང་སྒོར་མོ141ལྷག་བསྐྲུན་ཐུབ། མཚོ་སྔོན་ཞིང་ཆེན་ས་ཞིང་གཅིག་གྱུར་ཁོད་སྙོམས་ལྟེ་གནས་ཀྱིས་སྣེ་ཁྲིད་དེ་རྩ་འཛུགས་བྱས་པའི་ཆེད་ལས་ཚན་ཆུང་གིས་ས་ཞིང་ཁོད་སྙོམས་དང་། ཞིང་ལ་ཆུ་འདྲེན་པའི་བཟོ་སྐྲུན། ཞིང་ཁའི་བགྲོད་ལམ་དང་ཞིང་ཁའི་ནགས་སྲུང་སྔོན་འགོག་བཟོ་སྐྲུན་འཆར་གཞིའི་ཇུས་འགོད་བཅས་ལ་ཕྱོགས་ཡོངས་ནས་རྩིས་ཞིབ་བྱས་པ་རེད། ཚང་མས་གཅིག་མཐུན་གྱིས་བལྟས་ན། འཛུགས་སྐྲུན་ལས་གཞི་དེས་ས་ཞིང་བཀོལ་སྤྱོད་བྱེད་ཚད་ཇེ་མཐོར་གཏོང་བ་དང་། རྨོ་ཞིང་གི་རྒྱ་ཁྱོན་ཇེ་མང་ཏུ་གཏོང་བ། ཞིང་ལས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ་དང་། ཞིང་བའི་ཡོང་སྒོ་ཇེ་མང་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།