logo

ཀྲུང་གོའི་བོད་སྐད་སྨྱན་བྱད་བྱ་བའི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་ནས་ཡོངས་སུ་མཇུག་རྫོགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-02 ཀློག་གྲངས།:
  ཉེ་ལམ། ཀྲུང་གོའི་བོད་སྐད་སྨྱན་བྱད་བྱ་བའི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་ནས་ཡོངས་སུ་མཇུག་རྫོགས་པ་རེད། པེ་ཅིན་དང་། བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཀྱི་བོད་སྐད་དོ་དམ་ཞིབ་འཇུག་ལས་ཁུངས་ནས་ཐོན་པའི་འགོ་ཁྲིད་དང་ཆེད་མཁས་པ། དེ་ལས་གཞན་དུས་དེབ་དང་། རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་སོགས་ལས་རིགས་སོ་སོའི་འཐུས་ཚབ་པ60ལྷག་ཚོགས་འདུར་ཞུགས།
  ཚོགས་འདུའི་སྟེང་བོད་སྐད་སྨྱན་བྱད་ཀྱི་བྱ་བས་བོད་ཁུལ་གྱི་འཕེལ་རྒྱས་དང་བརྟན་འཇགས་ལ་མཐུན་རྐྱེན་བསྐྲུན་པ་དང་། བོད་སྐད་སྨྱན་བྱད་བྱ་བའི་ད་ལྟའི་གནས་བབ་དང་། མདུན་ལྗོངས། ནུས་པ། གོ་གནས། བོད་སྐད་ཡིག་གི་བཀོལ་སྤྱོད་དང་འཕེལ་རྒྱས། བོད་སྐད་ཁྲོད་ཀྱི་ཐ་སྙད་གསར་བ་བཀོལ་སྤྱོད་བྱེད་པ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་གནད་དོན་ལ་བགྲོ་གླེང་རྒྱ་ཆེན་པོ་བྱས་ཤིང་། འཐུས་ཚབ་པ་རྣམས་ཀྱིས་བོད་སྐད་སྨྱན་བྱད་ཀྱི་བྱ་བའི་ཐད་ལ་ལྟ་བ་གཅིག་གྱུར་བྱུང་པ་སྟེ། བོད་སྐད་སྨྱན་བྱད་ཀྱི་གསར་འགྱུར་གྱིས་སྤྱི་ཚོགས་ལ་མཐོང་ཆེན་བྱེད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེར་བྱས་ནས་ཕན་ཚུན་མཛའ་མཐུན་ཡོང་བ་དང་སློབ་སྦྱོང་བྱེད་པ། གླེང་ཕྱོགས་སྣེ་སྟོན་དང་ཆ་འཕྲིན་བརྒྱུད་སྒྲོག བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་ཐད་ལ་ནུས་པ་ཆེན་པོ་འདོན་པ། དེ་མིན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ལ་མགྱོགས་མྱུར་སྒོས་འཕེལ་རྒྱས་འབྱུང་བར་བྱས་རྗེས་འཇོག་དགོས་ཚུལ་བསྟན་པ་རེད། ཚོགས་འདུའི་ཐོག་གསར་འགྱུར་ལེགས་ཤོས72དང་། བསྒྱུར་རྩོམ་ལེགས་པོ48དང་། པར་ངོས་མཆོག་གྱུར26དང་། དཔྱད་རྩོམ་ཕུལ་བྱུང26བཅས་བདམས་པ་རེད།


འབྲེལ་ཡོད་འོས་སྦྱོར།