མཚོ་ལྷོ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་བྱ་བའི་སྐུལ་སློང་ཚོགས་འདུ་བསྡུས་པ།
ཟླ7པའི་ཚེས13ཉིན། མཚོ་ལྷོ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་གཏོང་བའི་སྐུལ་སློང་ཚོགས་འདུ་བསྡུས། ཚོགས་འདུ་འདིས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་བྱ་བའི་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་བྱས་ཏེ། ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར་གྱི་བྱ་བ་སོ་སོར་བཀོད་སྒྲིག་དང་སྐུལ་སློང་བྱས། མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ནམ་ཁུལ་སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར་འགོ་ཁྲིད་ཚོ་ཆུང་གི་འགོ་གཙོ་ཀྲང་ཝུན་ཁོས་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུང་ཅེ་རིན། ཁུལ་འབྲེལ་ཡོད་ལུས་ཁུངས་ཀྱི་འགན་ཁུར་བ། རྫོང་རིམ་པའི་འགོ་ཁྲིད་དང་འགན་ཁུར་བ་སོགས་ཁྱོན་བསྡོམས་མི97ཚོགས་འདུར་ཞུགས་ཡོད།

མཚོ་ལྷོ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་བྱ་བ་གཏིང་ཇེ་ཟབ་ཏུ་གཏོང་བའི་སྐུལ་སློང་ཚོགས་འདུ་བསྡུ་པ།
ཚོགས་ཐོག་ཏུ། ཁུལ་དཔོན་ཀྲང་ཝུན་ཁུའེ་ཡིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བཤད་རྒྱུར་མཚོ་ལྷོ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར་བྱ་བ་སྤེལ་བ་ནས་བཟུང་། རྫོང་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ་གྲུབ་འབྲས་མི་དམན་པ་བླངས་པ་དང་མཉམ་དུ། མཚོ་ལྷོ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་བའི་ཁྲོད་ད་དུང་དཀའ་ཁག་དང་གནད་དོན་མི་ཉུང་བ་ཡོད་པས་ཧུར་ཐག་སྒོས་བྱ་བ་འདི་ཡར་སྤེལ་གཏོང་དགོས་ཟེར།
ཁུལ་དཔོན་ཀྲང་ཝུན་ཁུའེ་དང་རྫོང་སོ་སོའི་སྲིད་གཞུང་གི་འགན་ཁུར་བས་སྨན་བཅོས་འཕྲོད་བསྟེན་
བཅོས་སྒྱུར་དམིགས་འབེན་གྱི་འགན་ལེན་ཡི་གེའི་སྟེང་མིང་ཐོ་འགོད་པ།
ཁུལ་དཔོན་ཀྲང་ཝུན་ཁུའེ་ཡིས་ནན་གྱིས་བསྟན་དོན། “རྨང་གཞི་འཛིན་སྐྱོང་དང་། གཞི་རིམ་གོང་སྤེལ། ནང་རྐྱེན་ལེགས་འཛུགས”ཀྱི་སྤྱིའི་བླང་བྱ་དམ་པོར་བཟུང་ནས་བཅོས་སྒྱུར་གྱི་ལས་འགན་གཙོ་བོ་ལྔ་དང་འབྲེལ་ཏེ། ལམ་ལུགས་མ་ལག་འཐུས་ཚང་དང་གནད་དོན་གཙོ་བོ་ཐག་གཅོད་བྱེད་པ་ཟུང་དུ་སྦྲེལ་ཏེ་ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར་གོང་དུ་སྤེལ་དགོས་ཞེས་བཤད་པ་རེད།
ཚོགས་ཐོག་ཏུ་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱིས2011ལོའི་སྨན་བཅོས་འཕྲོད་བསྟེན་ལས་འགན་སོ་སོར་བགོས་ཤིང་ཁུལ་སྲིད་གཞུང་དང་རྫོང་སོ་སོའི་སྲིད་གཞུང་བར་སྨན་བཅོས་འཕྲོད་བསྟེན་འགན་ལེན་ཡི་གེ་བྲིས་པ་དང་། མང་རྫོང་དང་གསེར་ཆེན་རྫོང་སྲིད་གཞུང་སོ་སོས་རྫོང་རིམ་པའི་སྨན་ཁང་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ཐད་ཀྱི་བསམ་ཚུལ་གཏམ་བཤད་སྤེལ།
