ཁུལ་དཔོན་གཞོན་པ་ཨ་དགེ་འདུན་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་སུ་གཟིགས་ཞིབ་ཏུ་ཕེབས་པ།

འདི་ནི་ཁུལ་དཔོན་གཞོན་པ་ཨ་དགེ་འདུན﹝གཡོན་ནས་རྩིས་ན་གཉིས་པ﹞ལགས་ཀྱིས་
མཚོ་སྔོན་པོ་དྲ་བར་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།
སྤྱི་ཟླ6པའི་ཚེས15ཉིན། ལས་གནས་གསར་བའི་སྟེང་འབྱོར་མ་ཐག་པའི་མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཨ་དགེ་འདུན་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་སུ་འཚམས་འདྲི་གཟིགས་ཞིབ་ཏུ་ཕེབས་ཤིང་། ཁོང་གིས་མཚོ་སྔོན་པོའི་རྒྱ་ཡིག་དྲ་བ་དང་། བོད་ཡིག་དྲ་བ། མཚོ་སྔོན་པོ་གླུ་དབྱངས་དྲ་བ་དང་ཉེ་ཆར་སྒྲུབ་བཞིན་པའི་ཁྲི་ཀའི་ཡུལ་སྐོར་རིག་གནས་དྲ་བ་སོགས་ལ་ཞིབ་གཟིགས་མཛད་རྗེས་ལས་ཁུངས་ཀྱི་བྱ་བར་གདེང་འཇོག་མཐོན་པོ་གནང་བ་དང་། ལས་ཁུངས་ཀྱི་འགན་ཁུར་མི་སྣས་ཟིན་བྲིས་ཞིབ་བཤེར་བྱ་བའི་གལ་འགངས་རང་བཞིན་ཐད་ཀྱི་ངོ་སྤྲོད་དང་། མིག་སྔར་དྲ་རྒྱའི་ལྟེ་གནས་ལ་ཆེད་ལས་ལས་བྱེད་མི་སྣ་དཀོན་པའི་གནས་ཚུལ་སོགས་ནན་ཏན་གྱིས་གསན་རྗེས། ཁོང་གིས་བསྟན་དོན། གོང་རིམ་ནས་དྲ་རྒྱའི་ལྟེ་གནས་ལ་རྒྱབ་སྐྱོར་སྔར་ལས་ལྷག་པ་གནང་རྒྱུ་ཡིན་པ་དང་། རྗེས་སོར་འདི་ཕྱོགས་ནས་ཀྱང་སྔར་ཡོད་ཀྱི་དྲ་རྒྱའི་མཚན་སྙན་ལ་བརྟེན་ནས་རིམ་བཞིན་དྲ་རྒྱའི་ཚོང་གཉེར་བྱ་བར་མཐོང་ཆེན་དང་ཤུགས་སྣོན་བྱེད་དགོས་པའི་བླང་བྱ་བཏོན།

དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱི་ལས་བྱེད་མ་སྣ་དང་གླེང་མོལ་བྱེད་པ།
ཕྱག་ཕེབས་གནང་ཁར། ཁུལ་དཔོན་གཞོན་པ་ཨ་དགེ་འདུན་ལགས་ཀྱིས་ཐུགས་ཁུར་ཆེན་པོའི་སྒོ་ནས། མཚོ་སྔོན་པོ་དྲ་བ་འདི་མཚོ་སྔོན་ཞིང་ཆེན་ཁོ་ནར་མ་ཟད་བོད་ཁུལ་ཡོངས་སུ་ཡང་མཚན་སྙན་ཧ་ཅང་ཆེ་བས། མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཨུའི་གཞུང་ལས་ཁང་གིས་འདི་ལྟ་བུའི་གྲུབ་འབྲས་ཤིག་ལེན་ཐུབ་པ་ནི་ངོ་མས་ལས་སླ་མོ་ཞིག་མ་རེད་ཅེས་གསུངས།
ལྷ་འབྲུག་རྒྱལ་གྱིས་སྒྲིག་བསྒྱུར་བྱས།
