འབྲུག་ཡུལ་གྱི་རྒྱལ་པོ་གསར་བ་གསེར་ཁྲིར་མངའ་གསོལ་བ།

འབྲུག་ཡུལ་གྱི་རྒྱལ་ས་ཐིམ་པུ་རུ་རྒྱལ་རབས་ལྔ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ཅོད་པན་བཞེས་པའི་མཛད་སྒོར་ཞབས་བསྒྱུར་བ།

འབྲུག་ཡུལ་གྱི་རྒྱལ་ས་ཐིམ་པུ་རུ་རྒྱལ་རབས་ལྔ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་གསེར་ཁྲིའི་ཅོད་པན་བཞེས་ཤིང་རྟེན་འབྲེལ་ཞུས་པ།
ཉེ་ལམ། འབྲུག་ཡུལ་གྱི་རྒྱལ་ས་རུ་རྒྱལ་པོ་གསར་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ་སྤེལ་ཞིང་། འཛམ་གླིང་སྟེང་ལོ་ན་ཆེས་གཞོན་པའི་དམངས་གཙོ་རྒྱལ་ཁབ་ཀྱི་གཙོ་འཛིན་གྱི་ཆོ་ལོ་ཐོབ།
ད་ལོར་ལོ་ན་ཉེར་བརྒྱད་ཡིན་པའི་རྒྱལ་པོ་གསར་བ་རྣམ་རྒྱལ་དབང་ཕྱུག་གིས་ཉིག་ཅིན་སློབ་གྲྭ་ཆེན་མོའི་རབ་འབྱམས་པའི་ཐོབ་ཐང་བླངས་ཡོད་པ་དང་། འབྲུག་ཡུལ་རྒྱལ་ཁབ་ཀྱི་རྒྱལ་རབས་ལྔ་བ་ཡིན་ཞིང་འཛམ་གླིང་སྟེང་ཆེས་གཞོན་པའི་རྒྱལ་པོ་ཡིན། གསེར་ཁྲིར་མངའ་གསོལ་བའི་མཛད་སྒོའི་སྟེང་ཡབ་ཆེན་གྱིས་ ཁོང་ལ་རྒྱལ་པོའི་ཅོད་པན་བསྩལ།
དགོངས་ལོ་ལྔ་བཅུ་སོན་པའི་རྣམ་རྒྱལ་དབང་ཕྱུག་གི་ཡབ་ཆེན་ལ་རྒྱལ་ནང་དུ་བསྙེན་བཀུར་བླ་མེད་ཐོབ་ཀྱིན་ཡོད་ལ། ཁོང་གིས་འབྲུག་ཡུལ་གྱི་བཅོས་སྒྱུར་དང་དེང་རབས་ཅན་གོང་སྤེལ་གྱི་ཆེད་དུ་ལོ་གཉིས་ཀྱི་སྔོན་གསེར་ཁྲི་ནས་བུད་དེ། རྒྱལ་རྒྱུད་ཀྱིས་འབྲུག་ཡུལ་མི་དམངས་འབུམ་ཚོ་དྲུག་ལྷག་ལ་དབང་བསྒྱུར་བའི་ལོ་རྒྱུས་མཇུག་རྫོགས་པར་བྱས། ད་ལོའི་ཟླ་གསུམ་པར། འབྲུག་ཡུལ་དུ་ཐོག་དང་བའི་དམངས་གཙོ་འདེམ་བསྐོ་བྱས་ཏེ་རྒྱལ་ཚོགས་དང་དབུ་བློན་གསར་བ་འདེམས་ཐོན་བྱུང་།
