logo

༄༅། །2020ལོར་མཚོ་ལྷོ་ཁུལ་གྱིས་དམངས་ཕན་དོན་ཆེན་ཉི་ཤུ་བསྒྲུབ་རྒྱུ་རེད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་སྨྱན་གསར། དུས་ཚོད།:2020-01-10 ཀློག་གྲངས།:
“ལྔ་བཞིའི་འཐབ་ཇུས”གཏིང་ཟབ་སྒོས་ལག་བསྟར་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”བརྟན་བརླིང་ངང་སྐུལ་འདེད་བྱས་ཐོག  མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པ་བཅས་བྱ་ཆེད། 2020ལོར།   ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“ འཕེལ་རིམ་བརྟན་པོ་ཡིན་པ། བཅོས་སྒྱུར་སྐུལ་སྤེལ་དང་། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་དམངས་ཕན”གྱི་སྤྱིའི་བླང་བྱ་ལྟར། མ་དངུལ་སྒོར་དུང་ཕྱུར26ཧྲག་བསྡུས་བྱས་རྗེས། གཙོ་བོ་སློབ་ཞུགས་དང་ལས་ཞུགས། རྒན་གསོ། སྡོད་ཁང་དཀའ་ངལ་ཅན། དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས། རོང་འབྲོག་ཁུལ་གྱི་ཆུ་གློག་ལམ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་ལེགས་སྒྱུར། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད། མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བ་སོགས་ཀྱི་ཕྱོགས་ནས་དམངས་ལ་དོན་དངོས20བསྒྲུབ་སྟེ།  བྱིས་པར་སྐྱོང་མཁན་ཡོད་པ། བསླབ་ན་ཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་བ་ཡོད་པ། དབུལ་བོར་རོགས་སྐྱོར་ཡོད་པ་སོགས་ཀྱི་དམངས་སེམས་བྱ་གཞག་ཐད་མི་མཐུད་དུ་གྲུབ་འབྲས་གསར་བ་ལེན་པར་འབད་པ་བྱ་རྒྱུ་རེད།
1. མ་དངུལ་སྒོར་དུང་ཕྱུར1.1བཏང་སྟེ། སློབ་གྲྭ་ཆུང་འབྲིང་དང་། བྱིས་སྐྱོང་ཁང12གསར་འཛུགས་དང་རྒྱ་བསྐྱེད་པ། མཚོ་སྔོན་ཞིང་ཆེན་བོད་ཁུལ་སློབ་གསོ་ཆ་འཕྲིན་ཅན་གྱི་སྐུལ་འདེད་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། ལས་རིགས་སློབ་གསོའི་སློབ་སྒྲུབ་རྣམ་པ་ལེགས་བསྒྱུར་བྱེད་པ།  སློབ་མ80ཅང་སུའུ་ཡི་མཚོ་ལྷོ་མི་རིགས་མཐོ་འབྲིང་འཛིན་གྲྭར་མངག་རྒྱུ། གཞན་ཡུལ་གྱི་སློབ་འབྲིང་དང་ལས་རིགས་འཛིན་གྲྭའི་སློབ་མ200བསྡུ་བ་ཡོངས་འགྲུབ་བྱ་དགོས།
2.མ་དངུལ་སྒོར་ཁྲི1780བཏང་སྟེ། ཁུལ་ཡོངས་ནས་ནད་གཞི་ཚབས་ཆེན་རིགས30གཅིག་བསྡུས་ཀྱིས་སྨན་བཅོས་བྱ་རྒྱུ་ལག་བསྟར་དང་། རྨང་གཞི་སྤྱི་བའི་འཕྲོད་བསྟེན་རིགས15ཡི་ཞབས་ཕྱིའི་ལས་གཞི་ལག་བསྟར་བྱེད་པ། མུ་མཐུད་དུ་བདེ་ཐང་ལ་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་དང་ལུས་ཕུང་བདེ་ཐང་བརྟག་དཔྱད་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་རྒན་པའི་བདེ་ཐང་ཆུ་ཚད་ཇེ་མཐོར་གཏང་དགོས།
3.ལས་ཞུགས་དང་སླར་ཡང་ལས་ཞུགས་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི6000དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་མཁར་གྲོང་ནས་གསར་དུ་ལས་ཞུགས་བྱེད་པའི་མི་གྲངས2000ལ་འཕར་བར་བྱེད་པ། ཞིང་ཕྱུགས་ལས་ཀྱི་ངལ་རྩོལ་པ་ཁྲི4.5ལས་ཞུགས་བྱས་ནས་ངལ་རྩོལ་པའི་ཡོང་སྒོ་སྒོར་དུང་ཕྱུར3ལ་བསླེབ་པར་བྱ་དགོས།
4.མ་དངུལ་སྒོར་དུང་ཕྱུར3.04བཏང་སྟེ། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའིམཐོ་སྒང་གི་མཛེས་པའི་ཞིང་སྡེ30དང་མཛེས་པའི་མཁར་གྲོང2འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱེད་པ། “གཙང་སྤྱོད་ཁང་བཅོས་སྒྱུར”གྱི་ལོ་གསུམ་འཆར་གཞི་མུ་མཐུད་དུ་སྐུལ་འདེད་བཏང་ནས་རིགས་མི་འདྲ་བའི་གཙང་སྤྱོད་ཁང7166འཛུགས་སྐྲུན་བྱེད་པ། སྡོད་ཁང་དང་སྡོད་ཁུལ་རྙིང་བར་སྒྱུར་བཅོས་བྱེད་པའི་བྱ་བར་མུ་མཐུད་དུ་ཤུགས་སྣོན་བྱེད་པ་དང་། རོང་འབྲོག་ཁུལ་གྱི་སྡོད་ཁང་གི་སྤྱི་བའི་ཞབས་ཕྱིའི་སྒྲིག་ཆས་དང་སྡེ་བའི་ཁོར་ཡུག་ལེགས་བསྒྱུར་བྱས་ཏེ། རོང་འབྲོག་ཁྱིམ་ཚང6000གི་མང་ཚོགས་ཀྱི་གཏན་སྡོད་ཆ་རྐྱེན་ལེགས་སྒྱུར་བྱ་དགོས།
5.མ་དངུལ་སྒོར་དུང་ཕྱུར5བཏང་སྟེ། འགྲིམ་འགྲུལ་གཞུང་ལམ་བསྒྱུར་བཀོད་དང་ཆུ་འདྲེན་ལས་གཞི་སོགས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ།  སྐྱེལ་འདྲེན་ཞབས་འདེགས་ནུས་པ་བཅས་མུ་མཐུད་དུ་མཐོར་འདེགས་སུ་བཏང་སྟེ། འགྲིམ་འགྲུལ་རྨང་གཞིའི་སྣེ་ཁྲིད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་དགོས།
6.མ་དངུལ་སྒོར་ཁྲི4500བཏང་སྟེ། གུང་ཧོ་དང་ཁྲི་ཀ ཀོས་ནན་བཅས་རྫོང་གསུམ་གྱི་ཐོན་ལས་རོགས་སྐྱོར་དང་མང་ཚོགས་གནས་སྤོར་སྡེ་བར་བཅོས་སྐྱོང་དང་། ཉེན་ཁང་བཅོས་སྒྱུར་སོགས་ཀྱི་ལས་གཞི་ལག་བསྟར་བྱ་དགོས།
7.མ་དངུལ་སྒོར་ཁྲི3600བཏང་སྟེ། འབག་བཙོག་སྔོན་འགོག་དང་ཆུའི་སྐྱེ་ཁམས་སླར་གསོའི་ལས་གཞི་ལག་བསྟར་བྱེད་པ། ཁུལ་ཡོངས་ཀྱི་བརླན་གཤེར་ལྡན་པའི་སྐྱེ་ཁམས་དང་གཙང་སེལ་ནུས་པ་ཇེ་ཞན་དུ་འགྲོ་བ་སོགས་ཀྱི་འབུར་ཐོན་གྱི་ཁོར་ཡུག་གནད་དོན་གཙོར་བཞག་ནས་ཐག་གཅོད་བྱས་ཏེ། དོན་དངོས་ཐོག་རྨ་ཆུའི་བཞུར་རྒྱུད་ཀྱི་ཆུའི་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏང་དགོས།
8.མ་དངུལ་སྒོར་ཁྲི7000བཏང་ནས་ཁུལ་ཡོངས་ནས་སྲིད་འཛིན་སྡེ་བ68ལ4Gདྲ་ཚིགས118འཛུགས་སྐྲུན་བྱས་ཏེ། གཞུང་ལམ་འགྲམ་རྒྱུད་དང་ཡུལ་སྐོར་ལྗོངས་ཁུལ། ཆུ་མཛོད། མི་འདུས་སྡོད་བྱེད་ས་སོགས་ས་ཁུལ་གཙོ་བོ་དག་གི་བརྡ་རྟགས་མེད་པའི་ས་ཁུལ་ལ4Gསྐུད་མེད་དྲ་བའི་བརྡ་རྟགས་ཀྱིས་ཁེབས་པར་བྱ་དགོས།
9.མུ་མཐུད་དུ་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་འཆར་གཞི་ལག་བསྟར་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར1.6བཏང་ནས། ས་མུའུ་ཁྲི18.8ལ་སྡོང་བོ་འཛུགས་པ་དང་། ས་མུའུ་ཁྲི8.5ལ་ནགས་ཚལ་གསོ་སྐྱོང་བྱེད་པ། ས་མུའུ་ཁྲི12.5ལ་རི་འགོག་ནགས་གསོ་བྱེད་པ། བྱེ་འགྱུར་ས་ཞིང་སྔོན་འགོག་ས་མུའུ་ཁྲི9བཅས་ལ་སྡོང་འཛུགས་ལག་བསྟར་བྱ་དགོས།
10.སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི900ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་མཁར་ཤང་གི་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི3.7ལ་འགན་བཅོལ་ནང་ཞུགས་པའི་དངུལ་ཚབ་འཇལ་པ་དང་སྨན་བཅོས་རོགས་སྐྱོར་བྱ་དགོས།
11.ཡུལ་སྐོར་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི2388བརྩོན་ལེན་དང་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་ལས་གཞིའི་ཁ་གསབ་ལག་བསྟར་བྱེད་པ་དང་། ཡུལ་སྐོར་ལས་སྒྲུབ་མི2500ལ་གསོ་སྦྱོང་བྱེད་པ། རི་མཐོའི་སྟེགས་བུ་དང་ས་ཚིགས་ཀྱི་ལས་གྲྭ་གཙོ་བོའི་འཛུགས་སྐྲུན་ལས་གཞི2ལག་བསྟར་བྱ་རྒྱུ། “ཟློས་གར་སྡེ་བར་བསྐྱོད་པ”ཞེས་པའི་རིག་གནས་དམངས་ཕན་འཁྲབ་སྟོན་བྱ་འགུལ་ཐེངས110ལེགས་འགྲུབ་བྱ་དགོས།
12.མ་དངུལ་སྒོར་དུང་ཕྱུར1.5བཏང་ནས་ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི9.3བསྐྲུན་པ་དང་།  མ་དངུལ་སྒོར་ཁྲི4275བཏང་ནས་ཕག་གསོ་རྟེན་གཞི10ཡི་འཛུགས་སྐྲུན་ལ་རོགས་སྐྱོར་བྱ་རྒྱུ། ཚད་ལྡན་ཅན་གྱི་ནོར་ནག་རྒྱུད་སྤེལ་རྟེན་གཞི5དང་ཚད་ལྡན་ཅན་གྱི་ནོར་ནག་གསོ་སྤེལ་རྟེན་གཞི23བསྐྲུན་ནས་རྩྭ་ཐང་གི་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར3.995དོན་འཁྱོལ་བྱ་དགོས།
13.མ་དངུལ་སྒོར་དུང་ཕྱུར1.89བཏང་ནས་གུང་ཧོ་དང་ཁྲི་ཀ་རྫོང་གི་མཁར་གྲོང་སོལ་རླངས་གསོག་ཚད་སྙོམས་སྒྲིག་ལས་གཞི་ལག་ལེན་བསྟར་ཆེད། མང་ཚོགས་ཀྱིས་སོལ་རླངས་སྤྱོད་པ་བརྟན་པོ་ཡོང་བའི་འགན་ལེན་དང་ཁྲི་ཀ་རྫོང་གི་ཀ་རིང་གཙང་པོའི་འབབ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཟོ་གྲྭར་སྐུལ་འདེད་བཏང་སྟེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ནུས་པ་ཆེ་རུ་གཏང་དགོས།
14.མ་དངུལ་སྒོར་ཁྲི1700བཏང་ནས་རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ཆུ་ཚད་དང་། ཆུའི་བཟང་ངན། ཆུ་འཐུང་བདེ་བ། ཆུ་མཁོ་འདོན་འགན་ལེན་བྱེད་ཚད་སོགས་དམིགས་ཚད་ལོན་མེད་པའི་ལས་གཞི་རིམ་སྤོར་བསྒྱུར་བཀོད་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ཚད་གཞི་འགན་ལེན་ཁག་ཐེག་བྱ་དགོས།
15.རོགས་སྐྲུན་མ་དངུལ་སྒོར་ཁྲི8000དོན་འཁྱོལ་བྱས་ནས་ཅང་སུའུ་ཞིང་ཆེན་དང་བསམ་ཚུལ་བརྗེ་རེས་བྱས་ནས་ཕན་ཚུན་མཉམ་འདྲེས་ཡོང་བ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། གུང་ཧོ་རྫོང་མཁར་བྱང་ཁུལ་གསར་གྱི་ལོ་དགུའི་རྒྱུན་མཐུད་ལམ་ལུགས་སློབ་གྲྭ་དང་། ཀོས་ནན་རྫོང་གི་ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བ། ཐུན་ཏེ་རྫོང་མཁར་བྱང་བསྐོར་ལམ་འཛུགས་སྐྲུན་སོགས་ཀྱི་ལས་གཞི་ལག་བསྟར་བྱ་དགོས།
16.མ་དངུལ་སྒོར་ཁྲི4380བཏང་ནས་ཕྱུགས་ར་ས་མུའུ10བསྐོར་བ་དང་། རྩ་ས་མུའུ་ཁྲི20ལ་དུས་ཚིགས་ཀྱི་དབྱེ་མཚམས་བགར་བ་དང་། ཉམས་དམས་སུ་སོང་བའི་རྩ་ས་མུའུ19སླར་གསོ་བྱེད་པ། ལོ་མང་པོའི་མིས་བཟོས་གཟན་རྩ་ས་མུའུ་ཁྲི4དང་། དུག་རྩ་ས་མུའུ་ཁྲི2། ས་ནག་མུའུ་ཁྲི7བཅས་ལེགས་བཅོས་བྱེད་པ། མ་དངུལ་སྒོར་ཁྲི3015བཏང་ནས་རྩ་སར་གནོད་པའི་སྐྱེ་དངོས་དང་ཨ་བྲས་གནོད་པའི་ས་མུའ་ཁྲི593སྔོན་འགོག་ལག་བསྟར་དང་།  དེ་མིན། གནོད་འབུ་ས་མུའུ་ཁྲི10ལེགས་བཅོས་བྱ་དགོས།
17.མ་དངུལ་སྒོར་དུང་ཕྱུར1.15བཏང་ནས་སྟོང་ཧྥུའུ10ཡི་ལམ་ཐིག239.49སྤྱི་ལེ་གསར་སྐྲུན་དང་། གློག་གནོན་ཆས142གསར་དུ་ཁ་སྣོན་བྱས་ནས(གློག་ཤོངས་ཚད་ཀྲའོ་ཧྥུའུ་ཨན8.6གསར་སྣོན)ཁྱིམ་ཚང408ཀྱིས་གློག་བཀོལ་ཐུབ་པར་བྱ་དགོས།
18.ཀྲུང་དབྱང་དང་ཞིང་ཆེན་ཁུལ་ནོར་སྲིད་སྐྱེན་ཉུང་དངུལ་བུན་སྲིད་ཇུས་བཟང་བོ་ལག་བསྟར་དངོས་འབེབ་སྒོས་བུད་མེད་ལས་བཏོད་བར་དངུལ་བུན་སྒོར་ཁྲི3000བསྐྱིས་ནས་རྒྱ་ཆའི་བུད་མེད་རྣམས་ལ་རང་སྟེང་ནས་ལས་སྒོ་འབྱེད་པ་དང་འཚོ་བའི་ཡོང་འབབ་སྔར་ལས་མང་པོ་ཐོབ་པར་རོགས་རམ་བྱ་དགོས།
19.དངུལ་རྩའི་ལས་ཁུངས་དང་གྲོས་མོལ་བྱས་ནས་ཞིང་ལས་རྒྱབ་སྐྱོར་དངུལ་བུན་སྒོར་དུང་ཕྱུར11དང་།ཁེ་ལས་ཆུང་གྲས་ལ་དངུལ་བུན་སྒོར་དུང་ཕྱུར4བཅས་བསྐྱི་བ་དང་།“གཞི་རིམ་གཉིས་ཀྱི་མཉམ་འབྲེལ”གཞུང་ལས་ཁང་ཡོངས་སུ་མངོན་འགྱུར་བྱས་ནས་ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བའི་ཁེབས་ཚད98%རུ་སླེབས་པར་བྱ་དགོས།
20.མ་དངུལ་སྒོར་དུང་ཕྱུར1.45བཏང་ནས་ཁུལ་ཡོངས་ཀྱི་ཤང་གྲོང་གི་དཀའ་ངལ་ཆེ་བའི་མང་ཚོགས་ཁྲི3ལ་མ་མཐའི་འཚོ་བའི་འགན་སྲུང་དང་། སྐབས་ཐོག་གི་རོགས་སྐྱོབ་ལག་བསྟར་བྱ་ཆེད། ཁུལ་ཡོངས་ནས་ལོ70ཡན་ལ་སླེབས་པའི་རྒན་གྲས17420དང་། དབང་སྐྱོན་འབྲིང་ཤས་སུ་གཏོགས་པའི་མི10090ཡི་འཚོ་བའི་ཁ་གསབ་རོགས་དངུལ་དང་ཚབས་ཆེ་བའི་དབང་བོ་སྐྱོན་ཅན་གྱི“རོགས་དངུལ་གཉིས་ལྡན”བཅས་ལག་བསྟར་དང་།ད་དུང་གཅིག་བསྡུས་གཉོར་སྐྱོར་དང་གང་སར་འཁྱམས་པའི་དྭ་ཕྲུག205དང་། དཀའ་ངལ་ཅན་གྱི་བྱིས་པའི་རོགས་སྐྱོར་མ་དངུལ་ཁག་ཐེག་བྱ་དགོས།
འབྲེལ་ཡོད་འོས་སྦྱོར།