༄༅།།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་ཧྲིལ་བོའི་གནས་སྐོར་སྐུལ་སྤེལ་སྲོལ་ཡིག
རྩོམ་པ་པོ།:ཁོན་ཐར་ཚེ་རིང་གིས་བསྒྱུར།
ཡོང་ཁུངས།:མཚོ་བྱང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།
དུས་ཚོད།:2020-07-29
ཀློག་གྲངས།:
(2020ལོའི་ཟླ4བའི་ཚེས1ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་དྲུག་པས་གྲོས་འཆམ་བྱུང་ཞིང་། 2020ལོའི་ཟླ6པའི་ཚེས10ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པས་ཆོག་མཆན་བཀོད།)
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། རང་ཁུལ་གྱི་མངའ་ཁོངས་ཧྲིལ་བོའི་གནས་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་སྐོར་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས། རང་ཁུལ་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།
དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་ནང་གི་མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་དང་འཛུགས་སྐྲུན། གཉེར་སྐྱོང་། ཞབས་ཞུ། དོ་དམ་སོགས་ཀྱི་བྱེད་སྒོར་སྤྱོད་དགོས།
སྲོལ་ཡིག་འདིའི་ནང་བརྗོད་པའི་མངའ་ཁོངས་ཧྲིལ་བོའི་གནས་སྐོར་ཞེས་པ་ནི་རང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་དེ་གནས་སྐོར་བྱ་ཡུལ་ཆ་ཚང་ཞིག་ཏུ་བརྩིས་ནས། གནས་སྐོར་ལས་རིགས་དེ་ལེགས་ཆ་ལྡན་པའི་ཐོན་ལས་སུ་བྱས་ཡོད་ལ། མངའ་ཁོངས་ནང་ཁུལ་གྱི་གནས་སྐོར་ཐོན་ཁུངས་སྡུད་སྒྲིལ་དམ་ཚགས་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་སྤྱི་འདོམས་དོ་དམ་བྱེད་པ། མངའ་ཁོངས་ཧྲིལ་བོ་འཛུགས་སྐྱོང་། ལས་རིགས་ཡོངས་རྫོགས་མཉམ་འབྲེལ། ཡུལ་ལྗོངས་ཡོངས་འཛུགས་སྐྲུན། དམངས་ཡོངས་ཞུགས་པ། རྒྱུ་རྐྱེན་གཙོ་བོ་མཐོར་གཏོང་། མ་ལག་ཡོངས་ཀྱི་ཚོང་གཉེར་བཅས་ལག་བསྟར་བྱས་ཏེ། གནས་སྐོར་འཕེལ་རྒྱས་ཀྱི་མངའ་ཁོངས་ཧྲིལ་བོ་ཅན་དང་གནས་སྐོར་མཁོ་སྤྲོད་སྤུས་ཚད་ཅན། གནས་སྐོར་བཅོས་སྐྱོང་ཚད་ལྡན་ཅན། གནས་སྐོར་ཕན་འབྲས་ཆེ་ཤོས་ཅན་བཅས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་གཏོང་སྟངས་མངོན་འགྱུར་བྱེད་དགོས་པ་དེ་ཡིན།
མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་དེ་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ་སོགས་ཀྱི་དོ་དམ་མངའ་ཁོངས་དང་འབྲེལ་བ་ཡོད་ཚེ། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་དགོས།
དོན་ཚན་གསུམ་པ། མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་སྐུལ་སྤེལ་གཏོང་བར་སྤྱི་འདོམས་མཐུན་སྦྱོར་དང་མཉམ་འདྲེས་འཕེལ་རྒྱས་གཏོང་བ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ། ཁུལ་གྱི་གནས་ཚུལ་ལ་གཞིགས་ནས་ཁྱད་ལྡན་འཕེལ་རྒྱས་གཏོང་བ། བསྒྱུར་བཅོས་གསར་གཏོད་དང་། ནང་དོན་འཕེལ་རྒྱས་གཏོང་བ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གནས་སྐོར་ལས་རིགས་ཀྱི་མངའ་ཁོངས་ཧྲིལ་བོ་མཉམ་སྐྲུན་དང་ལས་རིགས་ཡོངས་རྫོགས་མཉམ་འདྲེས། དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་མངོན་འགྱུར་ཡོང་བ་བྱེད་དགོས།
དོན་ཚན་བཞི་བ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ཀྱི་མགོ་ཁྲིད་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས་ལ། ཏང་ཨུས་མགོ་ཁྲིད་དང་། སྲིད་གཞུང་གིས་གཅིག་གྱུར་འཆར་འགོད། སྡེ་ཁག་ཚང་མ་མཉམ་འགུལ་བྱེད་པ། མངའ་ཁོངས་ཚང་མས་མཉམ་སྒྲུབ་བྱེད་པ་བཅས་ཀྱི་ཕྱོགས་བསྡུས་མཐུན་སྦྱོར་ལམ་སྲོལ་འཛུགས་དགོས།
གནས་སྐོར་གཙོ་གཉེར་སྡེ་ཁག་གིས་མངའ་ཁོངས་ཧྲིལ་བོའི་གནས་སྐོར་ཐོན་ཁུངས་སྡུད་སྒྲིལ་དང་འཆར་འགོད། གནས་སྐོར་གསར་སྤེལ་དང་ཐོན་ལས་སྐུལ་འདེད། གནས་སྐོར་ལྟ་སྐུལ་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན། གནས་སྐོར་བྲིན་ཚོང་ཁྱབ་གདལ་དང་གཟུགས་བརྙན་མཐོར་གཏོང་། གནས་སྐོར་སྤྱི་བའི་ཞབས་ཞུ་དང་མ་དངུལ་དོ་དམ། གནས་སྐོར་གྲངས་གཞིའི་སྡོམ་རྩིས་དང་ཕྱོགས་བསྡུས་དཔྱད་ཞིབ་སོགས་ཀྱི་བྱ་བའི་འགན་ཁུར་དགོས།
འཕེལ་རྒྱས་བསྒྱུར་བཅོས་དང་བཟོ་ལས་ཆ་འཕྲིན། འགྲིམ་འགྲུལ་སྐྱེལ་འདྲེན། རོང་འབྲོག་ཚན་རྩལ། སྡོད་ཁང་འཛུགས་སྐྲུན། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག ནགས་ལས་རྩྭ་ཐང་། འཚུབ་བསྟུན་དོ་དམ། ཁྲོམ་རའི་ལྟ་སྐུལ། འཕྲོད་བསྟེན་བདེ་ཐང་། མི་རིགས་ཆོས་ལུགས། ནོར་སྲིད། ཆུ་བེད། སློབ་གསོ། སྤྱི་བདེ། དབུལ་སྐྱོར་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་སོ་སོའི་འགན་འཁྲི་ལྟར་མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་སྐུལ་སྤེལ་གཏོང་བའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་དགོས།
ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོང་དང་ཐོན་ཁུངས་གསར་སྤེལ། བདེ་འཇགས་ལྟ་སྐུལ་དོ་དམ། སྒྲིག་ལམ་སྲུང་སྐྱོང་། རྩོད་གཞི་ཐག་གཅོད། དཔལ་ཡོན་གནས་སྐོར་དྲིལ་སྒྲོག་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།
སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་མངའ་ཁོངས་ཧྲིལ་བོའི་གནས་སྐོར་ལ་སྐུལ་སྤེལ་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་སྟེ། སྡེ(སྡོད)དམངས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་དགོས་པའི་སློབ་གསོ་བཏང་ནས། ཡ་རབས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མངའ་ཁོངས་ཧྲིལ་བོའི་གནས་སྐོར་ནང་ཞུགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།
དོན་ཚན་ལྔ་བ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་གནས་སྐོར་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་ཞབས་ཞུ་དང་ཁྲིད་སྟོན། མཐུན་སྦྱོར། ལྟ་སྐུལ་བཅས་ཀྱི་ནུས་པ་འདོན་སྤེལ་དང་། གནས་སྐོར་རྩོད་གཞི་འདུམ་འགྲིག ལས་རིགས་ཀུན་སྤྱོད་ཀྱི་སློབ་གསོ་དང་ལས་སྒོའི་གསོ་སྦྱོང་སྒྲིག་འཛུགས་བཅས་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས།
སྤྱི་ཚོགས་རྩ་འཛུགས་དང་སྤྱི་དམངས་ཧུར་ཐག་གིས་གནས་སྐོར་དང་བླང་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་ལྕག་བཏང་ནས། ཆ་འཕྲིན་བློ་འདྲི་དང་ལོ་ཙཱ་སྣེ་ལེན། སྒྲིག་ལམ་སྲུང་སྐྱོང་། འཚུབ་བསྟུན་རོགས་སྐྱོབ། ཡ་རབས་ཁྲིད་སྟོན། ལམ་ཁྲིད་མཛུབ་སྟོན་སོགས་ཀྱི་ཐད་དང་བླང་ཞབས་ཞུ་འདོན་སྤྲོད་བྱེད་དགོས།
དོན་ཚན་དྲུག་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་གཞིར་བཟུང་ནས། གནས་སྐོར་འཕེལ་རྒྱས་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་བཙུགས་ནས་ལོ་འཁོར་གྱི་ནོར་སྲིད་སྔོན་རྩིས་ནང་བཅུག་སྟེ། འཕེལ་རྒྱས་གཏོང་རྒྱུའི་དགོས་མཁོ་གཞིར་བཟུང་ནས་ལོ་རེ་བཞིན་ཁ་སྣོན་བྱེད་དགོས།
གནས་སྐོར་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་དེ་གཙོ་བོ་གནས་སྐོར་འཆར་འགོད་སྒྲིག་བཟོ་དང་། མཛེས་ལྗོངས་ཁུལ(གནས)འཛུགས་སྐྲུན། གནས་སྐོར་དྲིལ་སྒྲོག་བྲིན་ཚོང་། གནས་སྐོར་ཚོང་ཟོག་ཞིབ་སྤེལ། གནས་སྐོར་སྤྱི་བའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན། ཡུལ་སྡེའི་གནས་སྐོར་འཛུགས་སྐྲུན། བློ་རིག་ལྡན་པའི་གནས་སྐོར་འཛུགས་སྐྲུན། གནས་སྐོར་སློབ་གསོ་གསོ་སྦྱོང་སོགས་ཀྱི་ཐད་སྤྱོད་དགོས།
དོན་ཚན་བདུན་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་མངའ་ཁོངས་ཧྲིལ་བོའི་གནས་སྐོར་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན། བཀོལ་སྤྱོད། གདེང་འཇོག སྐུལ་ལྕག་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། གནས་སྐོར་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས།
དོན་ཚན་བརྒྱད་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་དམིགས་ཚད་དཔྱད་ཞིབ་མ་ལག་ནང་བཅུག་ནས། དམིགས་ཚད་དཔྱད་ཞིབ་དོ་དམ་ལག་བསྟར་བྱེད་དགོས།
ལེའུ་གཉིས་པ། འཆར་འགོད་དང་ལག་བསྟར།
དོན་ཚན་དགུ་བ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་ལོ་འཁོར་འཆར་གཞིའི་ནང་འཇུག་དགོས།
དོན་ཚན་བཅུ་བ། ཁུལ་དང་རྫོང་གི་གནས་སྐོར་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་འཆར་འགོད་གཞིར་བཟུང་ནས། མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་བཟོ་རྒྱུ་རྩ་འཛུགས་བྱེད་དགོས། ཁུལ་གནས་སྐོར་གཙོ་སྐྱོང་སྡེ་ཁག་གིས་རྫོང་སོ་སོའི་མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བར་མཛུབ་སྟོན་བྱ་དགོས། རྫོང་གནས་སྐོར་གཙོ་སྐྱོང་སྡེ་ཁག་གིས་མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་གྱི་འཆར་འགོད་གཞིར་བཟུང་ནས་གནས་སྐོར་ལས་རིགས་སོ་སོའི་ཆེད་དོན་འཆར་འགོད་དང་། ལས་རྣམ་གསར་བའི་འཆར་འགོད་བཟོས་ཆོག་པ་ཡིན།
རིགས་སྣ་ཚོགས་ཀྱི་གནས་སྐོར་འཆར་འགོད་སྒྲིག་གཞི་གཏན་འབེབས་བྱས་ཚར་རྗེས། རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་གིས་གོང་རིམ་གནས་སྐོར་གཙོ་སྐྱོང་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་དཔྱད་ཞིབ་བྱེད་རྒྱུའི་རྩ་འཛུགས་བྱེད་པ་དང་། དཔྱད་ཞིབ་གྲོས་འཆམ་བྱུང་རྗེས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་ལག་བསྟར་བྱེད་དགོས་པར་མ་ཟད། གོང་རིམ་གནས་སྐོར་གཙོ་སྐྱོང་སྡེ་ཁག་ལ་སྤྲད་དེ་ཐོ་འགོད་བྱེད་དགོས། ཁྲིམས་བཀོད་གོ་རིམ་མ་བརྒྱུད་པར་ཆོག་མཆན་བཀོད་མི་ཆོག་པ་དང་རང་དགར་གྱིས་བཟོ་བཅོས་དང་བསྒྱུར་བཅོས་བྱས་མི་ཆོག
མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་འཆར་འགོད་རྨང་གཞིར་བྱས་ཏེ་མཁར་གྲོང་སྤྱིའི་འཆར་འགོད་དང་། ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་བཅས་དང་རང་བྱུང་དང་མི་ཆོས་ཐོན་ཁུངས་གཞན་དག་གི་སྲུང་སྐྱོང་བེད་སྤྱོད་འཆར་འགོད་ལ་འབྲེལ་མཐུད་བྱེད་དགོས།
འཕེལ་རྒྱས་བཅོས་བསྒྱུར་དང་། རང་བྱུང་ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། སྐྱེ་ཁམས་ཁོར་ཡུག་སོགས་སྡེ་ཁག་གིས་འབྲེལ་ཡོད་ཆེད་དོན་འཆར་འགོད་བཟོ་སྐབས། རིམ་པ་གཅིག་མཚུངས་ཀྱི་གནས་སྐོར་གཙོ་སྐྱོང་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱས་ནས། མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་གྱི་དགོས་མཁོར་གཞིགས་ནས་གཅིག་གྱུར་འཆར་འགོད་བྱས་ཏེ། མངའ་ཁོངས་ཧྲིལ་བོའི་གནས་སྐོར་ལ་འཕེལ་རྒྱས་ཀྱི་བར་སྟོང་སྔོན་ཉར་བྱེད་དགོས།
དོན་ཚན་བཅུ་གཅིག་པ། མཛེས་ལྗོངས་ཁུལ་གྱི་དོ་དམ་ལས་ཁུངས་ཀྱིས་མངའ་ཁོངས་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་འཆར་འགོད་གཞིར་བཟུང་ནས། འབྲེལ་ཡོད་སྡེ་ཁག་དང་སྤྱི་དམངས། ཆེད་མཁས་པའི་བསམ་འཆར་བསྡུ་ལེན་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་འཆར་འགོད་གཏན་འབེབས་བྱེད་པ་དང་། རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་བཀོད་དུ་བཅུག་ནས་ལག་བསྟར་བྱེད་དགོས།
མཛེས་ལྗོངས་ཁུལ་གྱིས་འཆར་འགོད་ལྟར་གསར་སྤེལ་འཛུགས་སྐྲུན་ནན་མོ་བྱ་དགོས་ལ། རང་དགར་དུ་སྒྱུར་མི་ཆོག དོན་དངོས་ནས་སྒྱུར་དགོས་བྱུང་ཚེ། སྔོན་མའི་མཆན་འགོད་གོ་རིམ་ལྟར་སྙན་སེང་བཀའ་འཁྲོལ་ཞུ་དགོས་ལ། འཆར་འགོད་དང་མི་མཐུན་པ་ཡིན་ན་གསར་སྐྲུན་དང་བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱས་མི་ཆོག
མཛེས་ལྗོངས་ཁུལ་གྱི་དོ་དམ་ལས་ཁུངས་དང་གསར་སྤེལ་གཉེར་སྐྱོང་མཁན་གྱིས་མཛེས་ལྗོངས་ཁུལ་གྱི་རོང་འབྲོག་པ་ནང་དུ་ཞུགས་སུ་བཅུག་ནས་ཁེ་སྤོགས་ལེན་པའི་སྒྲིག་ལུགས་འཛུགས་དགོས་ལ། མཛེས་ལྗོངས་ཁུལ་གྱི་རོང་འབྲོག་པའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས།
དོན་ཚན་བཅུ་གཉིས་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་བཀོད་གོ་རིམ་ལྟར། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་དང་བྱེད་ཐབས་དཔྱད་གཞིར་བཟུང་ནས་མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱས་ཚུལ་ལ་དཔྱད་དཔོག་བྱ་དགོས་པར་མ་ཟད། སྤྱི་ཚོགས་སྟེང་ཁྱབ་སྒྲོག་བྱེད་དགོས།
ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་གནས་སྐོར་ཐོན་ཁུངས་ཡོངས་བཤེར་དང་བེད་སྤྱོད་བྱས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཆར་འགོད་དང་མཛེས་ལྗོངས་ཁུལ་གྱི་འཆར་འགོད། སྐྱེ་ཁམས་ཁོར་ཡུག་དང་གནས་སྐོར་མཛེས་ལྗོངས་ལ་གཏོར་བརླག་གཏོང་བའི་སྒྲིག་འགལ་འཛུགས་སྐྲུན་གང་བྱུང་དུ་བྱེད་པ་ལ། ཁྲིམས་ལྟར་དུས་བཅད་ནང་བཤིག་པ་དང་གནས་སྤོའམ་ཡང་ན་བསྐྱར་སྐྲུན་བཅས་བྱེད་དུ་འཇུག་དགོས།
དོན་ཚན་བཅུ་གསུམ་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་གནས་སྐོར་ཐོན་ཁུངས་གསར་སྤེལ་གཉེར་སྐྱོང་ཕྱིར་འཐེན་སྒྲིག་སྲོལ་བཙུགས་ནས། མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་ལྟར་གསར་སྤེལ་འཛུགས་སྐྲུན་དང་གཉེར་སྐྱོང་མ་བྱས་པའི་དབང་གིས་གནས་སྐོར་ཐོན་ཁུངས་ལ་གཏོར་བཤིག་བཏང་བའམ་ཡང་ན་ཡུན་རིང་བེད་མེད་དུ་བཞག་པ་དང་གསར་སྤེལ་བྱེད་ཤུགས་མི་འདང་བའི་རིགས་ཡོད་ན། གནས་སྐོར་ཐོན་ཁུངས་གསར་སྤེལ་གཉེར་སྐྱོང་བྱེད་དབང་ཁྲིམས་ལྟར་ཕྱིར་བསྡུ་བྱ་དགོས།
ལེའུ་གསུམ་པ། འགན་ལེན་དང་སྐུལ་འདེད།
དོན་ཚན་བཅུ་བཞི་བ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་མངའ་ཁོངས་ཧྲིལ་བོའི་གནས་སྐོར་མ་དངུལ་འཇོག་པ་དང་། གནས་སྐོར་ལ་མཁོ་བའི་ས་ཆ། གཉེར་སྐྱོང་དོ་དམ། ཞབས་ཞུ་འགན་སྲུང་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་གསར་གཏོད་བྱས་ནས། སྲིད་ཇུས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས།
དོན་ཚན་བཅོ་ལྔ་བ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་མ་དངུལ་གཏོང་སྡུད་བྱེད་སྟངས་གསར་གཏོད་བྱེད་པ་དང་། ཐབས་ལམ་མང་བོའི་ཐོག་ནས་མ་དངུལ་གྲབས་གསོག་བྱེད་པ། མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ཀྱི་མ་འཇོག་ཁྲིད་སྟོན་ལམ་སྲོལ་དང་ཐོན་ལས་བྱ་དགའི་ཁ་གསབ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གནས་སྐོར་འཕེལ་རྒྱས་ཀྱི་སྤྱི་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་མ་དངུལ་ཆ་ཚང་སྒྲིག་པ། མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་སུ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
འཕེལ་རྒྱས་བསྒྱུར་བཅོས་དང་བཟོ་ལས་ཆ་འཕྲིན། འགྲིམ་འགྲུལ་སྐྱེལ་འདྲེན། རོང་འབྲོག་ཚན་རྩལ། སྡོད་ཁང་འཛུགས་སྐྲུན། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག ནགས་ལས་རྩྭ་ཐང་། ནོར་སྲིད། ཆུ་བེད། དབུལ་སྐྱོར་སོགས་སྡེ་ཁག་གིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་དང་མ་དངུལ་གཞན་དག་བཀོད་སྒྲིག་བྱེད་སྐབས། མངའ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་གཏོང་རྒྱུར་སྔོན་ལ་རྒྱབ་སྐྱོར་བྱེད་དགོས།
ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡིན་པའི་གནས་སྐོར་གཉེར་སྐྱོང་མཁན་དེ་འབྲེལ་ཡོད་སྡེ་ཁག་གིས་ཞིབ་དཔྱད་གཏན་འཁེལ་དང་ཡོངས་བསྒྲགས་བྱས་རྗེས་དངུལ་བུན་གྱི་སྐྱེད་གསབ་རྒྱབ་སྐྱོར་རམ་ཡང་ན་བྱ་དགའ་དང་ཁ་གསབ་མ་དངུལ་གྱི་རོགས་སྐྱོར་བྱེད་དགོས།
དོན་ཚན་བཅུ་དྲུག་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་གནས་སྐོར་གྱི་ལས་རྣམ་གསར་བ་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་གནས་སྐོར་དང་རིག་གནས། སྐྱེ་ཁམས། སློབ་གསོ། འགྲིམ་འགྲུལ། ཞིང་ནགས། དབུལ་སྐྱོར། ཆུ་བེད། སྡོད་ཁང་འཛུགས་སྐྲུན། ཚོང་དོན། ལུས་རྩལ། ལུས་གསོ་སོགས་ཀྱི་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལྟ་སྐོར་སྤྲོ་གསེང་དང་། ངལ་གསོ་གུང་གསེང་། ལོ་རྒྱུས་རིག་གནས། ཚན་རིག་ཞིབ་འཇུག དུས་སྟོན་འགྲེམས་སྟོན། མི་རིགས་ལུས་རྩལ། གངས་འཁྱགས་གནས་སྐོར། མཚན་མོའི་གནས་སྐོར། ལུས་གསོའི་གནས་སྐོར། དམའ་མོའི་བར་སྣང་གནས་སྐོར། སྒྱུ་རྩལ་འཁྲབ་སྟོན་སོགས་སྣ་མང་ཅན་གྱི་ཐོན་རྫས་མ་ལག་གསར་སྤེལ་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་བཅུ་བདུན་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་ཡུལ་སྡེ་གནས་སྐོར་དེ་མངའ་ཁོངས་ཧྲིལ་བོའི་གནས་སྐོར་དང་མཁར་གྲོང་ཅན་གྱི་རྣམ་པ་གསར་པའི་འཛུགས་སྐྲུན་མ་ལག་ནང་བཅུག་ནས་འཆར་གཞིའི་མཛུབ་སྟོན་ལ་ཤུགས་སྣོན་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་བའི་ཞབས་ཞུའི་སྒྲིག་བཀོད། འབྲེལ་ཡོད་ངལ་གསོའི་སྤྲོ་གསེང་གི་ཆ་སྡེབ་སྒྲིག་བཀོད་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། ཡུལ་སྡེའི་གནས་སྐོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས།
རོང་འབྲོག་པ་ཁྲིམས་ལྟར་ཡུལ་སྡེའི་གནས་སྐོར་ནང་ཞུགས་རྒྱུར་སྐུལ་ལྕག་དང་རོགས་སྐྱོར་བྱེད་པ་དང་། གྲོང་མིའི་སྡོད་ཁང་དང་སྦྲ་གུར། རྩྭ་ཐང་། ཞིང་ར། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྡེའི་གནས་སྐོར་གཉེར་སྐྱོང་བྱེད་སྒོ་སྤེལ་བ་དང་། ཡུལ་གྲོང་གི་རིག་གནས་ནང་དོན་སྔོག་འདོན་བྱེད་པར་དོ་སྣང་ཆེན་པོ་བྱ་དགོས་ལ། ཡུལ་སྡེའི་གནས་སྐོར་གསར་སྤེལ་བྱེད་སྟངས་གསར་གཏོད་བྱེད་པ། མཚོ་བྱང་གི་ཁྱད་ལྡན་ཡུལ་སྡེའི་གནས་སྐོར་ཐོན་རྫས་གསར་སྤེལ་བཅས་བྱས་ནས། ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་དང་རོང་འབྲོག་པའི་ཡོང་སྒོ་འཕར་བར་སྐུལ་འདེད་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་སྒེར་འཁོར་བསྐོར་ནས་གནས་སྐོར་བྱེད་པའི་འགྲིམ་འགྲུལ་དྲ་བ་དང་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། སྒེར་འཁོར་ཁང་བ་ཅན་གྱི་སྒར་ས་བཀོད་སྒྲིག་ལུགས་མཐུན་བྱེད་པ། སྒེར་འཁོར་བསྐོར་ནས་གནས་སྐོར་བྱེད་པའི་ཞབས་ཞུའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།
ཚོང་གཉེར་བྱེད་མཁན་ལ་སྒེར་འཁོར་གནས་སྐོར་དང་། རང་མོས་གནས་སྐོར་བྱེད་པའི་ཐོན་རྫས་གསར་སྤེལ་དང་། རང་འཁོར་བསྐོར་ནས་གནས་སྐོར་བྱེད་པའི་རྟེན་གཞི། ཞབས་ཞུའི་ས་ཚིགས་སོགས་འཛུགས་སྐྲུན་བྱེད་པར་བསྔགས་སྐུལ་དང་རོགས་སྐྱོར་བྱ་དགོས།
ལྕགས་རྟར་ཞོན་པའི་ལམ་དྲའི་འཛུགས་སྐྲུན་ལ་སྐུལ་ལྕག་དང་རོགས་སྐྱོར་བྱེད་པ་དང་། ལམ་རྒྱུད་དུ་ལྗོངས་གཟིགས་སྟེགས་བུ་དང་མཁོ་སྤྲོད་ས་ཚིགས་འཛུགས་པ། མཚོ་སྔོན་པོ་སྐོར་བའི་ལྕགས་རྟའི་གནས་སྐོར་ལས་རིགས་གསར་གཏོད་བཅས་བྱས་ནས་ལྕགས་རྟ་ཞོན་པའི་གནས་སྐོར་ཐོན་ལས་འཕེལ་རྒྱས་སྐུལ་འདེད་གཏོང་དགོས།
དོན་ཚན་བཅུ་དགུ་བ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་མཐོ་གཞོང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་གནས་སྐོར་དང་། གསར་བརྗེའི་གནས་སྐོར། དམངས་སྲོལ་རིག་གནས་གནས་སྐོར། ཡུལ་སྡེའི་གནས་སྐོར། ཞིབ་འཇུག་སློབ་སྦྱོང་གནས་སྐོར། སྒེར་འཁོར་བསྐོར་ནས་གནས་སྐོར་བྱེད་པ་དང་ལྕགས་རྟར་ཞོན་ནས་གནས་སྐོར་བྱེད་པ་སོགས་མངའ་ཁོངས་ཧྲིལ་བོའི་གནས་སྐོར་སྤུས་རྟགས་སྐྱེད་སྲིང་བྱེད་དགོས།
དག་སྣང་གི་མདའ་བཞིའི་གསེར་དངུལ་ཐང་སྟེ-རྡུལ་ཕྲན་མཁར་དང་། གནམ་མཐའི་མདོ་ལའི་བཙུན་མོ་དམར་ཡག་མ་དང་ཨ་མྱེས་སྟོང་སོའི་མཛེས་ལྗོངས། གསེར་མདོག་འཇུ་ལག་གི་ལེ་དབར་བརྒྱ་ཡིས་ཆོད་པའི་ལོག་དཀར་མེ་ཏོག་གི་མཛེས་ལྗོངས། བོད་མཁར་རྐང་ཚའི་གསེར་ཉའི་གཞིས་ཁྱིམ་སོགས་ལྟེ་བའི་གནས་སྐོར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་སྐུལ་འདེད་གཏོང་བ་དང་། Aརིམ་པའི་མཛེས་ལྗོངས་ཁུལ་རིམ་སྤོར་ལ་སྐུལ་འདེད་བཏང་ནས་མཚོ་བྱང་གི་ཐོན་ཁུངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡིན་པ་དང་སྒྲིག་བཀོད་ཞབས་ཞུ་རྩེར་སོན་གྱི་སྤུས་ཚད་མཐོ་བའི་མཛེས་ལྗོངས་ཁུལ(གནས)ཁག་ཅིག་གཏོད་དགོས།
ཀྲུང་གོའི་ཐོག་དང་བོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞིའི་གནས་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིར་བརྟེན་ནས། རྒྱལ་ཁབ་རིམ་པའི་གསར་བརྗེའི་གནས་སྐོར་སྤུས་རྟགས་སྐྲུན་དགོས།
དོན་ཚན་ཉི་ཤུ་བ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་དྲིལ་སྒྲོག་ཐོན་ཁུངས་སྡེབ་སྒྲིག་བྱས་ནས། སྲིད་གཞུང་དང་ཁེ་ལས་མཉམ་དུ་ཞུགས་པའི་མངའ་ཁོངས་ཧྲིལ་པོའི་གནས་སྐོར་སྤུས་རྟགས་ཀྱི་ལངས་གཟུགས་ཚོང་གཉེར་ལམ་སྲོལ་བཙུགས་ཏེ་གཙོ་ཆེའི་དྲ་ཚིགས་དང་། ཡུལ་སྐོར་དྲ་ཚིགས། རང་ངོས་སྨྱན་སྦྱོར་སོགས་སྨྱན་སྦྱོར་གསར་བ་སྣ་ཚོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ལ། ཕྱོགས་མཐའ་མང་བོ་དང་ལས་སྟེགས་མང་བོའི་དྲིལ་སྒྲོག་ཚོང་གཉེར་དང་ཆ་འཕྲིན་ཞབས་ཞུ་སྤེལ་དགོས།
ཁུལ་དང་རྫོང་གི་གནས་སྐོར་གཙོ་སྐྱོང་སྡེ་ཁག་གིས་རིག་གནས་གནས་སྐོར་བྱེད་སྒོ་ཆེ་གྲས་དང་དེ་བཞིན་སྤྱི་ཡོངས་ཀྱི་སྣང་བརྙན་དྲིལ་སྒྲོག་དང་ཁྱབ་གདལ་གཏོང་རྒྱུ་རྩ་འཛུགས་དང་མཐུན་སྦྱོར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་ཕྱི་ཕྱོགས་ཀྱི་ལས་དོན་དང་། དཔལ་འབྱོར་ཉོ་ཚོང་། རིག་གནས། ཚན་རྩལ། ལུས་རྩལ་སོགས་ཀྱི་བྱེད་སྒོ་གལ་ཆེན་སྤེལ་བའི་ཁྲོད་རང་ཁུལ་དང་རྫོང་གི་མངའ་ཁོངས་ཧྲིལ་བོའི་གནས་སྐོར་སྤུས་རྟགས་དང་ཐོན་རྫས་ཁྱབ་སྤེལ་དང་བེད་སྤྱོད་བྱ་དགོས།
ལེའུ་བཞི་བ། ཞབས་ཞུ་དང་དོ་དམ།
དོན་ཚན་ཉེར་གཅིག་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་མངའ་ཁོངས་ཧྲིལ་བོའི་གནས་སྐོར་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། འགྲིམ་འགྲུལ་དང་ཁོར་ཡུག འཕྲོད་བསྟེན། འཕྲིན་གཏོང་། བདེ་འཇགས། ཆུ་གློག རླངས་འཁོར་འཇོག་ས། གནས་སྐོར་གསང་སྤྱོད་ཁང་། མཚོན་རྟགས་བྱང་བུ་སོགས་གནས་སྐོར་གྱི་སྤྱི་བའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ལ། མུ་མཐུད་དུ་འགན་སྲུང་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། སྤྱི་བའི་འགྲིམ་འགྲུལ་ལྟེ་གནས་དང་། གནས་སྐོར་བསྡུ་འགྲེམ་བྱེད་ས། གནས་སྐོར་མཛེས་ལྗོངས་ཁུལ(གནས)བཅས་སུ་གནས་སྐོར་བའི་ཞབས་ཞུའི་ལྟེ་གནས་བཙུགས་ནས། འགྲིམ་འགྲུལ་དང་། ཟ་མ། ཞག་སྡོད། གནམ་གཤིས། བདེ་འཇགས། སྨན་བཅོས་མྱུར་སྐྱོབ། གནས་སྐོར་དྲིལ་སྒྲོག་འགྲེམས་སྟོན་སོགས་ཀྱི་སྤྱི་བའི་ཆ་འཕྲིན་དང་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱེད་དགོས།
དོན་ཚན་ཉེར་གཉིས་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་མངའ་ཁོངས་ཧྲིལ་བོའི་གནས་སྐོར་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྲིད་འཛིན་ཞིབ་མཆན་དང་སྒྲུབ་གཉེར་གོ་རིམ་སྟབས་བདེ་རུ་གཏོང་དགོས་ལ། བྱ་བ་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ཐབས་ཇུས་འགོད་པ་དང་ལག་བསྟར། དོ་དམ། ཞབས་ཞུ། མཇུག་འབྲས་བཅས་ཡོངས་བསྒྲགས་བྱ་རྒྱུ་སྐུལ་འདེད་གཏོང་དགོས།
དོན་ཚན་ཉེར་གསུམ་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་གནས་སྐོར་དང་དེའི་འབྲེལ་ཡོད་ལས་རིགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི། ས་གནས་ཀྱི་ཚད་གཞི་ལག་བསྟར་ནན་མོ་བྱེད་པ་དང་། ཚད་ལྡན་ཅན་གྱི་བྱེད་ཐབས་སྤྱད་དེ་འཛུགས་སྐྲུན་དང་གཉེར་སྐྱོང་། དོ་དམ། ཞབས་ཞུ་བཅས་རྩ་འཛུགས་བྱེད་དགོས།
རིག་གནས་གནས་སྐོར་དང་སྐྱེ་ཁམས་ཁོར་ཡུག སྤྱི་བདེ། འགྲིམ་འགྲུལ་སྐྱེལ་འདྲེན། ཁྲོམ་རའི་ལྟ་སྐུལ། འཚུབ་བསྟུན་དོ་དམ་སོགས་སྡེ་ཁག་གིས་ཐུན་མོང་ཐོག་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་གནས་སྐོར་གཉེར་སྐྱོང་མཁན་གྱི་ཁྲིམས་ལྟར་ཚད་ལྡན་གཉེར་སྐྱོང་བྱེད་པར་ལྟ་སྐུལ་ཁྲིད་སྟོན་བྱེད་དགོས།
གནས་སྐོར་གཉེར་སྐྱོང་མཁན་དང་ལས་རིགས་མཐུན་ཚོགས། སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་ལས་རིགས་ཀྱི་གཉེར་སྐྱོང་ཚད་ལྡན་དང་ཞབས་ཞུའི་ཚད་གཞི་གཏན་འབེབས་བྱེད་པར་བསྔགས་སྐུལ་བྱས་ནས། ལས་རིགས་ཀྱི་རང་གཅུན་ལ་ཤུགས་སྣོན་པ་དང་། སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བཅས་བྱ་དགོས།
དོན་ཚན་ཉེར་བཞི་བ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་མངའ་ཁོངས་འདིའི་ནང་གི་གནས་སྐོར་བདེ་འཇགས་ལས་དོན་གྱི་འགན་ཁུར་རྒྱུ་དང་། མངའ་ཁོངས་ཧྲིལ་བོའི་གནས་སྐོར་བདེ་འཇགས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། གནས་སྐོར་འཚུབ་བསྟུན་དོ་དམ་བྱེད་རྒྱུ་དེ་སྲིད་གཞུང་གི་འཚུབ་བསྟུན་དོ་དམ་མ་ལག་ནང་བཅུག་སྟེ་གནས་སྐོར་ཐད་ཀྱི་གློ་བུར་དོན་རྐྱེན་གྱི་འཚུབ་བསྟུན་སྔོན་ཇུས་བཟོ་རྒྱུ་སྒྲིག་འཛུགས་བྱེད་པ་མ་ཟད་འཚུབ་བསྟུན་སྦྱོང་བརྡར་བྱེད་པ་དང་། གནས་སྐོར་བདེ་འཇགས་ཀྱི་འགན་སྲུང་ནུས་པ་ཇེ་མཐོར་གཏོང་དགོས།
ཁྲོམ་རའི་ལྟ་སྐུལ་དང་འཕྲོད་བསྟེན་བདེ་ཐང་སོགས་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་གནས་སྐོར་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ལས་དོན་སྤེལ་ནས་བཟའ་བཅའི་བདེ་འཇགས་ཀྱི་ཡིད་རྟོན་ཡིག་ཚགས་གཏན་འབེབས་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་འཇུག་སྒོ་དང་གནས་སྐོར་བསྡུ་འགྲེམ་ལྟེ་གནས། བཟའ་བཅའི་གཉེར་སྐྱོང་བྱ་ཡུལ་སོགས་སུ་བཟའ་བཅའི་བདེ་འཇགས་ལྟ་སྐུལ་ཚད་འབེབས་རིམ་དབྱེའི་དོ་དམ་རིམ་པ་དང་། དེ་བཞིན་བཟའ་བཅའི་མ་དཔེ་འཐེན་བཤེར་གྱི་གནས་ཚུལ་ཡོངས་བསྒྲགས་བྱས་ནས་གནས་སྐོར་བའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས།
གནས་སྐོར་གཉེར་སྐྱོང་མཁན་གྱིས་གནས་སྐོར་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་འཁུར་དགོས་ལ། གནས་སྐོར་བདེ་འཇགས་ལམ་ལུགས་འཛུགས་པ་དང་། བདེ་འཇགས་ཀྱི་འགན་ཁུར་མི་སྣ་གཏན་ཁེལ་བྱེད་པ། དགོས་ངེས་ཀྱི་བདེ་འཇགས་སྒྲིག་ཆས་དང་སྒྲིག་བཀོད་སྒྲིག་སྦྱོར་བཅས་བྱས་ནས་གནས་སྐོར་བའི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་དགོས། གནས་སྐོར་བའི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པའི་གནས་ཚུལ་སྔོན་ལ་གནས་སྐོར་བར་གསལ་བཤད་ཡང་དག་བྱེད་པའམ་ཡང་ན་ཉེན་བརྡ་གསལ་བོ་གཏོང་དགོས་པར་མ་ཟད། བྱེད་ཐབས་སྤྱད་དེ་གནོད་འཚེ་མི་ཡོང་བ་བྱེད་དགོས།
དོན་ཚན་ཉེར་ལྔ་བ། ཁུལ་དང་རྫོང་གི་གནས་སྐོར་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་གནས་སྐོར་ཁྲོམ་རའི་ཡིད་རྟོན་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གནས་སྐོར་གཉེར་སྐྱོང་མཁན་དང་ལས་གཉེར་མི་སྣའི་ཡིད་རྟོན་ཐོ་འགོད་དང་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ལ། དུས་བཅད་ལྟར་གནས་སྐོར་གཉེར་སྐྱོང་མཁན་གྱི་ཡིད་རྟོན་ལ་གདེང་འཇོག་བྱེད་དགོས་པར་མ་ཟད་ཡོངས་བསྒྲགས་ཀྱང་བྱེད་དགོས།
གནས་སྐོར་གཉེར་སྐྱོང་མཁན་གྱིས་ཡོངས་བསྒྲགས་དང་ཁྲིམས་མཐུན། ཡིད་རྟོན་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱེད་དགོས་པ་དང་། གཉེར་སྐྱོང་བྱས་པའི་ཚོང་ཟོག་དང་ཞབས་ཞུའི་རིགས་ལ་རིན་གོང་གསལ་འགོད་དང་། སྤུས་ཚད་དང་རིན་གོང་མཐུན་པ། ཁ་དན་ཚིག་གནས་བཅས་བྱེད་དགོས།
གློག་རྡུལ་ཚོང་དོན་ལས་སྟེགས་བརྒྱུད་གནས་སྐོར་ལས་སྒོ་གཉེར་རིགས་ལ་གཉེར་སྐྱོང་ཐོབ་ཐང་དང་། ལས་གཉེར་ལག་ཁྱེར། གཉེར་སྐྱོང་ཆོག་འཐུས་བཅས་ཡོད་དགོས་པར་མ་ཟད། དེའི་དྲ་ཚིགས་གཙོ་ངོས་ཀྱི་གསལ་སའི་གནས་སུ་སྤྱི་བསྒྲགས་བྱེད་དགོས་པ་དང་། ཁྱབ་བསྒྲགས་བྱས་པའི་གནས་སྐོར་གཉེར་སྐྱོང་ཆ་འཕྲིན་དུས་ཐོག་དང་བདེན་པ། ཡང་དག་ཡིན་དགོས།
དོན་ཚན་ཉེར་དྲུག་པ། ཁུལ་དང་རྫོང་གི་གནས་སྐོར་གཙོ་སྐྱོང་སྡེ་ཁག་གིས་གནས་སྐོར་ཞུ་གཏུག་དང་ཐེར་འདོན་དང་ལེན་ལམ་སྲོལ། མགྱོགས་མྱུར་ཐག་གཅོད་ལམ་སྲོལ་བཅས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཞུ་གཏུག་དང་ཐེར་འདོན་ཁ་པར། དྲ་ཚིགས་སོགས་ཡོངས་བསྒྲགས་བྱེད་དགོས།
འབྲེལ་ཡོད་སྡེ་ཁག་གིས་གནས་སྐོར་ཐད་ཀྱི་ཞུ་གཏུག་བྱས་རིགས་གནས་དེ་ནས་ཐག་གཅོད་བྱེད་དགོས་ལ། གནས་ཚུལ་རྙོག་འཛིང་ཆེ་བའི་དབང་གིས་གནས་དེ་ནས་ཐག་གཅོད་བྱེད་མི་ཐུབ་པ་ཡིན་ན། ཉིན་གཉིས་ཀྱི་ནང་ཚུན་དུ་དང་ལེན་བྱེད་ཐུབ་མིན་ཐག་གཅོད་བྱེད་དགོས། དང་ལེན་བྱེད་མི་ཐུབ་པའམ་འབྲེལ་ཡོད་སྡེ་ཁག་ལ་སྤྲད་ནས་ཐག་གཅོད་བྱེད་དུ་འཇུག་དགོས་པ་ཡིན་ན། ཞུ་གཏུག་མཁན་ལ་རྒྱུ་མཚན་གསལ་བཤད་བྱེད་དགོས།
དང་ལེན་བྱས་ཟིན་པའི་གནས་སྐོར་ཞུ་གཏུག་དེ། དང་ལེན་བྱས་ཉིན་ནས་བཟུང་གི་ཉིན་ཉི་ཤུའི་ནང་ཚུན་དུ་ཐག་གཅོད་བྱས་ཚར་དགོས་ལ། དམིགས་བསལ་གྱི་གནས་ཚུལ་བྱུང་ནས་དུས་འགྱངས་གཏོང་དགོས་ན་ཞུ་གཏུག་བྱེད་མཁན་ལ་རྒྱུ་མཚན་བཤད་དགོས་པ་དང་། དུས་འགྱངས་བཏང་བའི་དུས་ཡུན་ཉིན་སུམ་ཅུ་ལས་བརྒལ་མི་ཆོག
ལས་ཁུངས་དང་མི་སྒེར་གྱིས་གནས་སྐོར་ལས་རིགས་ནང་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཐེར་འདོན་བྱེད་པ་ལ། བརྟག་དཔྱད་བྱས་ནས་དོན་དངོས་དང་མཐུན་པ་ཡིན་ན་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་དགོས།
དོན་ཚན་ཉེར་བདུན་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་ཕྱོགས་བསྡུས་ཁྲིམས་འཛིན་དཔུང་སྡེའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་བསྡུས་ཁྲིམས་འཛིན་ལམ་སྲོལ་བཙུགས་ནས་ཁྲིམས་འཛིན་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་གནས་སྐོར་ཁྲོམ་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་པ། ཁྲིམས་ལྟར་ཁྲིམས་འགལ་ལུགས་འགལ་གྱི་གཉེར་སྐྱོང་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱས་ནས། གནས་སྐོར་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།
སྲིད་འཛིན་ཁྲིམས་འཛིན་སྡེ་ཁག་གིས་ཁྲིམས་བཀོད་གོ་རིམ་གཞིར་བཟུང་ནས་གཟབ་ནན་དང་དྲང་གཞག ཚུལ་ལྡན་བཅས་ཀྱིས་ཁྲིམས་འཛིན་དགོས་པ་ལས་གནས་སྐོར་གཉེར་སྐྱོང་མཁན་གྱི་རྒྱུན་ལྡན་གྱི་གཉེར་སྐྱོང་བྱེད་སྒོར་ཤུགས་རྐྱེན་གཏོང་མི་ཆོག་པ་དང་། གནས་སྐོར་བ་དང་གནས་སྐོར་གཉེར་སྐྱོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བཏང་མི་ཆོག
སྤྱི་བདེ་དང་འགྲིམ་འགྲུལ་སྡེ་ཁག་གིས་གནས་སྐོར་གྱི་གཞུང་ལམ་གཙོ་བོ་དང་མཛེས་ལྗོངས་ཁུལ་གྱི་མཐའ་འཁོར་གྱི་འགྲོ་ལམ་ལ་ལམ་སྟོན་སྣེ་ཁྲིད་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ཆུང་གྲས་བྱུང་བར་གོ་སྐོན་སློབ་གསོ་ནན་དུ་བཏང་ནས་འཇམ་པོའི་སྒོ་ནས་ཁྲིམས་འཛིན་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་གནས་སྐོར་མི་ཆོས་སློབ་གསོ་དང་དཔལ་ཡོན་གནས་སྐོར་སློབ་གསོར་ཤུགས་སྣོན་བརྒྱབ་ནས། གནས་སྐོར་བྱ་ཡུལ་གྱི་ཡུལ་མིའི་དཔལ་ཡོན་བྱང་ཚད་མཐོ་རུ་བཏང་སྟེ་གནས་སྐོར་ཁོར་ཡུག་བཟང་བོ་ཞིག་སྐྲུན་དགོས། གནས་སྐོར་བར་སྤྱི་ཚོགས་ཀྱི་སྤྱི་བའི་སྤྱོད་བཟང་དང་མཛེས་ལྗོངས་ཁུལ་གྱི་དོ་དམ་གཏན་འབེབས་ལ་བརྩི་སྲུང་བྱེད་པར་ཁྲིད་སྟོན་བྱས་ནས། ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ཏེ་ཡ་རབས་ངང་གནས་སྐོར་བྱེད་དུ་འཇུག་དགོས།
ལེའུ་ལྔ་བ། བཅའ་ཁྲིམས་ཀྱི་འགན་ཁུར།
དོན་ཚན་ཉེར་དགུ་བ། སྲོལ་ཡིག་འདིའི་གཏན་འབེབས་ལ་འགལ་བའི་བྱ་སྤྱོད་ཡོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།
དོན་ཚན་སུམ་ཅུ་བ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་གནས་སྐོར་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གི་ལས་དོན་མི་སྣས་མངའ་ཁོངས་ཧྲིལ་བོའི་གནས་སྐོར་ལྟ་སྐུལ་དོ་དམ་ལས་དོན་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཚེ་ཐད་ཀའི་གཙོ་འགན་ཁུར་མཁན་དང་ཐད་ཀའི་འགན་འཁྲི་ཁུར་མཁན་གཞན་དག་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་པ་ཡིན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་རྒྱུ།
དོན་ཚན་སོ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་གནས་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ནས། གནས་སྐོར་བའི་མི་ལུས་ལ་གནོད་འཚེ་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པ་ཡིན་ན། ཁྲིམས་ལྟར་དེ་བསྟུན་གྱི་ཁྲིམས་ལུགས་ཀྱི་འགན་ཁུར་དུ་འཇུག་དགོས།
དོན་ཚན་སོ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་གནས་སྐོར་བས་གནས་སྐོར་བྱེད་པའི་བརྒྱུད་རིམ་ཁྲོད་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བ་དང་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་བཏང་ནས། བདེ་འཇགས་དོ་དམ་གྱི་ཆད་གཅོད་བྱ་སྤྱོད་བཟོས་པ་ཡིན་ན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། གནས་སྐོར་ཐོན་ཁུངས་ལ་གཏོར་བཤིག་བཏང་བ་དང་གནས་སྐོར་ཞབས་ཞུའི་སྒྲིག་བཀོད་ལ་གཏོར་སྐྱོན་བཟོས་པ་ཡིན་ན་ཁྲིམས་ལྟར་དེ་བསྟུན་གྱི་ཁྲིམས་ལུགས་ཀྱི་འགན་ཁུར་དུ་འཇུག་དགོས།
ལེའུ་དྲུག་པ། ཞར་བྱུང་དོན་ཚན།
དོན་ཚན་སོ་གསུམ་པ། སྲོལ་ཡིག་འདི2020ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

འབྲེལ་ཡོད་འོས་སྦྱོར།