༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཨ་མདོའི་བརྙན་འཕྲིན།
དུས་ཚོད།:2020-10-21
ཀློག་གྲངས།:
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོམ་རྩིས་བཅའ་ཁྲིམས།》དང《རྒྱལ་ཡོངས་མི་འབོར་ཡོངས་བཤེར་སྲོལ་ཡིག》གི་གཏན་ཁེལ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2020ལོར་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པ་སྤེལ་རྒྱུའི་ཐག་གཅོད་བྱས་ཡོད་པས། འབྲེལ་ཡོད་དོན་དག་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།
གཅིག ཡོངས་བཤེར་བྱ་ཡུལ།
ཡོངས་བཤེར་ཚད་གཞིའི་དུས་ཚོད་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་རང་བྱུང་མི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་རོལ་དུ་གནས་ཀྱང་གཞིས་ཆགས་མེད་པའི་ཀྲུང་གོའི་སྤྱི་དམངས། དེའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་དུས་ཐུང་ནང་གནས་སྡོད་བྱས་ཡོད་པའི་མངའ་ཁོངས་ཕྱིའི་མི་སྣ་ཚུད་མེད།
གཉིས། ཡོངས་བཤེར་ནང་དོན།
རུས་མིང་དང་། སྤྱི་དམངས་ཐོབ་ཐང་ཨང་རྟགས། ཕོ་མོ། ན་ཚོད། མི་རིགས། སློབ་གསོ་མྱངས་ཚད། ལས་སྒོ། ལས་རིགས། གནས་སྤོ་འཁོར་སྐྱོད། གཉེན་སྒྲིག་བུ་སྐྱེས། ཤི་བ། སྡོད་ཁང་སོགས་ཀྱི་གནས་ཚུལ།
གསུམ། ཡོངས་བཤེར་དུས་ཚོད།
ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་གཞིའི་དུས་ཚོད་ནི 2020 ལོའི་ཟླ11ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་ཡིན། དུད་ཚང་དུ་ལས་ཀ་བྱེད་པའི་དུས་ཚོད་ནི 2020 ལོའི་ཟླ10 ཚེས11ཉིན་ནས་ཟླ 12 ཚེས 10 ཉིན་བར་ཡིན།
བཞི། ཡོངས་བཤེར་བྱེད་ཐབས།
སྲིད་གཞུང་གི་མི་འབོར་ཡོངས་བཤེར་ལས་ཁུངས་ཀྱིས་ཡོངས་བཤེར་མི་སྣ་དུད་ཁྱིམ་དུ་མངགས་ནས་ཐོ་འགོད་བྱེད་པ་དང་། ཡང་ན་དུད་ཁྱིམ་རང་བདག་གིས་ཡོངས་བཤེར་རེའུ་མིག་སྐོང་བ། ཡོངས་བཤེར་པ་དང་ཡོངས་བཤེར་མཛུབ་ཁྲིད་པ་དུད་ཚང་དུ་བསྐྱོད་ནས་ཐོ་འགོད་བྱེད་སྐབས། ངེས་པར་དུ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་མི་འབོར་ཡོངས་བཤེར་ལས་ཁུངས་ཀྱིས་གཅིག་གྱུར་ཐོག་སྤྲད་པའི་ལས་ཀའི་ལག་ཁྱེར་སྟོན་དགོས།
ལྔ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོམ་རྩིས་བཅའ་ཁྲིམས།》དང་《རྒྱལ་ཡོངས་མི་འབོར་ཡོངས་བཤེར་སྲོལ་ཡིག》གི་གཏན་ཁེལ་ལྟར། སྤྱི་དམངས་ལ་མི་འབོར་ཡོངས་བཤེར་ལ་གཞོགས་འདེགས་བྱས་ཏེ་ཡོངས་བཤེར་ལ་མཁོ་བའི་དཔྱད་ཡིག་ཇི་མ་ཇི་བཞིན་མཁོ་འདོན་བྱེད་པའི་འོས་འགན་ཡོད། རིམ་པ་སོ་སོའི་ཡོངས་བཤེར་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་ཡོངས་བཤེར་བྱ་ཡུལ་གྱི་མི་སྒེར་གྱི་ཆ་འཕྲིན་ངེས་པར་དུ་གསང་བ་ནན་མོ་བྱ་དགོས།
དྲུག
ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་། སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་དང་དེའི་འགན་ཁུར་པ། རིམ་པ་སོ་སོའི་ཡོངས་བཤེར་ལས་ཁུངས་དང་ཡོངས་བཤེར་མི་སྣ་ལ་ཡོངས་བཤེར་ལས་དོན་ཁྲོད་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་ཚེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་བཅའ་ཁྲིམས་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན། མི་འབོར་ཡོངས་བཤེར་བྱ་ཡུལ་གྱིས་ཡོངས་བཤེར་ལས་ཁུངས་དང་ཡོངས་བཤེར་མི་སྣས་ཁྲིམས་ལྟར་མི་འབོར་ཡོངས་བཤེར་ལས་དོན་སྤེལ་རྒྱུར་བཀག་འགོག་བཟོས་བ་བདེ་སྐྱོང་དོ་དམ་དང་འགལ་བའི་བྱ་སྤྱོད་དུ་གྲུབ་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་ཆད་གཅད་རྒྱུ་ཡིན།
སྤྱི་ཚོགས་ལས་རིགས་ཁག་དང་ཡོངས་བཤེར་བྱ་ཡུལ་ཀུན་གྱིས་ཧུར་ཐག་གིས་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་འདུན་པའི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ནས།
2020.10
2020.10
འབྲེལ་ཡོད་འོས་སྦྱོར།