logo

༄༅།།མཚོ་ལྷོ་ཁུལ་གྱིས2020ལོའི“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱ་འགུལ་སྤེལ།   

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-12-04 ཀློག་གྲངས།:
བྱ་འགུལ་གྱི་ཟུར་ཞིག
      ཟླ12པའི་ཚེས4ཉིན་ལ། མཚོ་ལྷོ་ཁུལ་གྱིས2020ལོའི“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱ་འགུལ་དེ་མཚོ་སྔོན་པོ་ཐང་ཆེན་དུ་སྤེལ་བ་རེད། 
བྱ་འགུལ་གྱི་ཟུར་ཞིག
      ཐེངས་འདིའི་བྱ་འགུལ་ལ་མཚོ་ལྷོ་ཁུལ་དང་གུང་ཧོ་རྫོང་གི་སྲིད་གཞུང་ལས་ཁུངས་དང་ཁེ་ལས། སྤྱི་ཚོགས་ཚོགས་པ་སོགས་ལས་ཁུངས60ལྷག་ཞུགས་པ་དང་། ལས་ཁུངས་སོ་སོས་རྩ་ཁྲིམས་གཙོ་བོར་བཟུང་བའི་ཞོར་དུ་རང་ཉིད་ཀྱི་ལས་སྒོ་དང་བསྟུན་ནས་འབྲེལ་ཡོད་ལས་རིགས་ཁག་གི་བཅའ་ཁྲིམས་དང་སྒྲིག་སྲོལ་སོགས་དྲིལ་བསྒྲགས་བྱས་ཤིང་།  ཐེངས་འདིར་གཙོ་བོ《རྩ་ཁྲིམས》དང《དམངས་དོན་ཁྲིམས་གཞུང》།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག》《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》སོགས་ཀྱི་ལག་དེབ་དང་དྲིལ་བསྒྲགས་བྱང་བུ་བཀྲམ་ནས་དྲིལ་བསྒྲགས་བྱས་པ་ཡིན། 
བྱ་འགུལ་གྱི་ཟུར་ཞིག
      ཐེངས་འདིའི་རྩ་ཁྲིམས་ཉིན་མོའི་བྱ་འགུལ་བརྒྱུད་ནས།  རྒྱ་ཆེའི་མི་དམངས་མང་ཚོགས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་སྒྲིག་སྲོལ་གང་རུང་ལ་སློབ་སྦྱོང་དང་རྒྱུས་ལོན། ངོས་འཛིན་ཡང་དག་ཐོབ་པར་སྟེགས་བུ་ལེགས་པོ་ཞིག་བསྐྲུན་པ་དང་། འདིས་ཕྱིས་སུ་དམངས་ཡོངས་ཀྱིས་དུས་རྒྱུན་དུ་ཁྲིམས་སྲོལ་སློབ་པ་དང་བརྩི་སྲུང་། བཀོལ་སྤྱོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་པར་རྨང་གཞི་ཡག་པོ་བཏིངས།
བྱ་འགུལ་གྱི་ཟུར་ཞིག
འབྲེལ་ཡོད་འོས་སྦྱོར།