༄༅།།ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2021-03-09
ཀློག་གྲངས།:
ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། བློ་བརྟན་འགྱུར་མེད་སྒོས་དམངས་འཚོའི་བདེ་སྐྱིད་གོང་དུ་སྤེལ་དགོས།
ཟླ3པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས7ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི“ལྔ་བཅུ་བཞི”དང་ཐ་ན་དེ་ལས་རིང་བའི་དུས་སྐབས་ཀྱི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་བླང་བྱ་ཙམ་མ་ཡིན་པར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཕྱོགས་གང་ཅིའི་ཐད་ཀྱི་སྤྱིའི་བླང་བྱ་ཡིན་པ་དང་། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་ལ་བཏོན་པའི་བླང་བྱ་ཁོ་ན་མ་ཡིན་པར་ས་ཁུལ་ཡོད་ཚད་འཕེལ་རྒྱས་གཏོང་བར་ངེས་པར་དུ་ལག་བསྟར་བྱ་དགོས་པའི་བླང་བྱ་ཡིན་ལ། དུས་སྐབས་ཤིག་དང་བྱ་བ་གཅིག་གི་བླང་བྱ་མ་ཡིན་པར་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱ་དགོས་པའི་བླང་བྱ་ཡིན། ས་གནས་སོ་སོས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་། དགེ་སྤེལ་སྐྱོན་སྤོང་བྱས་ནས་རང་ས་ཁུལ་གྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་སེམས་ལ་བཟུང་ནས། བློ་བརྟན་འགྱུར་མེད་སྒོས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཐོག སྐྱེ་ཁམས་དམིགས་སུ་འཛིན་པ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཚོ་བ་སྐྱོང་བ་བཅས་ཕན་ནུས་ལྡན་པའི་སྒོ་ནས་ཟུང་འབྲེལ་དམ་ཟབ་བྱེད་དགོས།
ཚོགས་འདུའི་ཐོག་ཝང་ཅན་ཅུན་དང་། ཨ་ཧྲེང་ཆིང་། ཁུང་ཆིང་ཅུས། བཀྲ་ཤིས་རྡོ་རྗེ། མོང་ཧའེ། ཧྲ་ཧྥུང་སོགས་འཐུས་མི་དྲུག་གིས་སོ་སོར་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་། ཆི་ལེན་རི་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཡུས་ཧྲུའུ་ཡི་གནོད་ཕྱིའི་བསྐྱར་སྐྲུན་གྱི་འགྱུར་ལྡོག་གསར་པ། མུ་རིའི་རྡོ་སོལ་གཏེར་ཁ་ཕྱོགས་བསྡུས་བཅོས་སྐྱོང་ཡག་པོ་བྱེད་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ཐད་བསམ་འཆར་བཏོན་པ་རེད། ཞི་ཅིན་ཕིང་གིས་གསན་ཞོར་དང་ཟིན་ཐོ་འགོད་ཞོར་བཀའ་འདྲི་ཡང་ཡང་གནང་ནས་འཐུས་མི་ཚོ་དང་སྤེལ་རེས་མཛད།
འཐུས་མིའི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གནང་། ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལོ་གཅིག་རིང་གི་བྱ་བ་དང“ལྔ་བཅུ་གསུམ”དུས་སྐབས་ཀྱི་འཕེལ་རྒྱས་ཁས་ལེན་གང་ལེགས་གནང་། མཚོ་སྔོན་གྱི་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ།ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས། བཅོས་བསྒྱུར་སྒོ་འབྱེད་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྐྱེ་ཁམས་དམིགས་སུ་འཛིན་པ་རྒྱུན་འཁྱོངས་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཚོ་བ་སྐྱོང་བའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་མི་ཆད་པར་གྲུབ་འབྲས་གསར་པ་ལེན་པ་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་དགོས་པའི་རེ་བ་བཏོན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་སྐྲུན་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་པའི་བྱ་བ་ཞིག་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས། མཚོ་སྔོན་གྱི་ལེགས་ཆ་དང་ཐོན་ཁུངས་ལ་ཟུང་འབྲེལ་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ནས།འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འདྲེན་ཡུལ་བཅས་སྐྲུན་ནས། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བཙུགས་ཐོག ས་གནས་དེ་གའི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་། མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་འགན་འཁྲི་ལྕི་མོ་འཁུར་ཡོད་པས། ངེས་པར་དུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་།གཙང་གསུམ་མགོ་ཁུངས་སྲུང་སྐྱོང་།“ཀྲུང་ཧྭའི་ཆུ་ལྕོག”སྲུང་སྐྱོང་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ནས། རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་དགོས། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་འབད་བརྩོན་ཆེན་པོ་བྱས་མོད། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ལྕི་ལ་ལམ་ཐག་རིང་བས། སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་གོ་གནས་ཨང་དང་པོར་བཞག་སྟེ། སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་ཀྱི་རང་རྟོགས་མངོན་པར་མཚོན་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོང་གི་ཆགས་སྟངས་ཇེ་ལེགས་སུ་གཏོང་བ། གཙོ་ནུས་ཐོན་ཁུལ་གྱི་ཆགས་སྟངས་དོན་འཁྱོལ་ནན་མོ་ཡོང་བ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང་།སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ།སྐྱེ་ཁམས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ། རྒྱལ་ཁབ་སྤྱི་གླིང་གཙོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པ་བཅས་ཀྱི་ཐད་སྔོན་ལ་བསྐྱོད་དེ། རི་སྔོ་ཆུ་དྭངས་དེ་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་གཟི་བརྗིད་ཅིག་ཏུ་འགྱུར་བར་བྱས་ནས། མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་སྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམངས་འཚོའི་ཞན་ཆ་གསབ་པར་ཤུགས་སྣོན་པ་དང་།དམངས་འཚོའི་དཀའ་གནད་སེལ་བ།དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བ།ལས་ཞུགས་དང་།སློབ་གསོ།སྤྱི་ཚོགས་འགན་བཅོལ། སྨན་བཅོས། རྒན་གསོ།བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ། སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་ཡོང་བ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་མི་འཚོ་སྡོད་བྱེད་པའི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་པ།དཔལ་ཡོན་ཡུལ་སྲོལ་སྐྱེད་སྲིང་བཅས་བྱས་ནས། མཛེས་སྡུག་ལྡན་པ་དང་སྡོད་འཚམ་ལས་འཚམ་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་བསྐྲུན་དགོས། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་པ།མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ།མི་རིགས་ཁག་གི་མང་ཚོགས་ལ་དོན་བཟང་དང་དོན་དངོས་མང་ཙམ་སྒྲུབ་པ།དཀའ་གནད་སེལ་བ་བཅས་བྱས་ནས།མི་རིགས་སོ་སོའི་མང་ཚོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་བཏང་སྟེ། མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་།སྤྱི་པའི་བདེ་འཇགས་ཀྱི་བྲེལ་བསྟུན་འཕྲལ་གཅོད་མ་ལག་འཐུས་ཚང་དུ་གཏོང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་བསལ་ནས། རྒྱལ་ཁབ་བདེ་འཇགས་དང་མི་དམངས་བདེ་སྡོད་ལས་བརྩོན་ཐུབ་པར་ཁག་ཐེག་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་སྤེལ་རྒྱུ་ནི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་ལས་འགན་གལ་ཆེན་ནི་ཏང་ཡོངས་ཀྱི་བློ་མཐུན་ལ་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་།ཐོག་མའི་བསམ་འདུན་དང་ལས་འགན་བརྟན་པོ་གཏོང་བའི་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུ་དེ་རེད། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་ཟིན་པས།རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཕན་འབྲས་ཐོན་པར་དམ་འཛིན་ནན་མོ་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཁྲོད། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ།རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ཕུགས་བསམ་དང་ཡིས་ཆེས་ཇེ་བརྟན་དུ་གཏོང་བ་དང་།ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་བཟོ་བ།འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་།འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ།རྙོག་འཛིང་ཆེ་བའི་གནས་བབ་ཀྱི་མདུན་དུ་ལམ་ནོར་བ་དང་དཀའ་ཚེགས་ཆེ་བའི་འཐབ་རྩོད་ཀྱི་མདུན་དུ་ཕྱིར་བཤོལ་བྱེད་མི་རུང་། སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་།ཀྲུང་གོ་གསར་བའི་ལོ་རྒྱུས།བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སློབ་གསོ་སྤེལ་བ་བརྒྱུད། རྒྱ་ཆེའི་མི་དམངས་མང་ཚོགས་སྤྱི་དང་ལྷག་པར་དུ་གཞོན་ནུ་དང་ལོ་ཆུང་རྣམས་ལ་ཀྲུང་གོ་གུང་ཁྲན་ཏང་གིས“བྱེད་ཐུབ་དོན་གང་ཡིན་པ”དང་། མར་ཁེ་སིའི་རིང་ལུགས“ཡུན་རིང་གནས་ཐུབ་དོན་ཅི་ཡིན་པ།”ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས“བཟང་དོན་ཅི་ཡིན་པ”སོགས་ཀྱི་གཞི་རྩའི་གནས་ལུགས་གསལ་པོར་ཤེས་པར་བྱེད་དགོས་ཤིང་། བློ་བརྟན་འགྱུར་མེད་སྒོས་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ་བྱས་རྗེས་འཇོག་དགོས།
ཏིང་ཞུའེ་ཞང་དང་ཁྲེན་ཞི། ཡིའུ་ཆོན་སོགས་གྲོས་ཞིབ་ནང་ཞུགས། །
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།

འབྲེལ་ཡོད་འོས་སྦྱོར།