༄༅།།《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》སྐོར་གྱི་ཤེས་བྱ།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-04-15
ཀློག་གྲངས།:

1.《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》གཏན་འབེབས་བྱེད་དགོས་དོན་ཅི་ཡིན།
ལན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་དང་པོའི་ཐག་བཅད་བཞིན། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དང་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྲིད་དབང་སྲུང་སྐྱོབ། མི་དབང་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་བདེ་བླག་ངང་འཛུགས་པར་ཁག་ཐེག་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བཅས་བྱེད་ཆེད། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》གཏན་འབེབས་བྱས་པ་ཡིན།
2. 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་ནང་དོན་གཙོ་བོ་ནི་ཅི་ཞིག་ཡིན།
ལན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ལ་བསྡོམས་པས་ལེའུ7དང་དོན་ཚན84ཡོད། ནང་དོན་གཙོ་བོ་ལ། ལེའུ་དང་པོ་སྤྱིའི་རྩ་འཛིན་ནང་རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་དང་། རྒྱལ་ཁབ་བདེ་འཇགས་བྱ་བའི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན། དམངས་ཡོངས་འོས་འགན། བཅའ་ཁྲིམས་འགན་འཁྲི། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་སོགས་གཏན་འབེབས་བྱས་ཡོད། ལེའུ་གཉིས་པ་ནི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་ལས་འགན་ཡིན་ལ། ཁྱབ་ཁོངས་སོ་སོའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་འགན་འཁུར་གཏན་འབེབས་བྱས་ཡོད། ལེའུ་གསུམ་པ་ནི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་ཡིན་ལ། ལས་ཁུངས་སོ་སོ་དང་ས་གནས་སོ་སོའི་རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲི་གཏན་འབེབས་བྱས་ཡོད། ལེའུ་བཞི་བ་ནི་རྒྱལ་ཁབ་བདེ་འཇགས་ལམ་ལུགས་ཡིན་ལ་རྒྱལ་ཁབ་བདེ་འཇགས་ལམ་ལུགས་དང་ནང་རྐྱེན10གཏན་འབེབས་བྱས་ཡོད། ལེའུ་ལྔ་བ་ནི་རྒྱལ་ཁབ་བདེ་འཇགས་འགན་སྲུང་ཡིན་ལ། ཁྲིམས་སྐྱོང་དང་འགྲོ་གྲོན། དངོས་ཟོང་། འཇོན་མི་སོགས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་འགན་སྲུང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་ཡོད། ལེའུ་དྲུག་པ་ནི་སྤྱི་དམངས་དང་རྩ་འཛུགས་ཀྱི་འོས་འགན་དང་དབང་ཆ་ཡིན་ལ། སྤྱི་དམངས་དང་རྩ་འཛུགས་ཀྱིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཐད་དུ་བསྒྲུབ་དགོས་པའི་འོས་འགན་དང་ཁྲིམས་ལྟར་ཐོབ་འོས་པའི་དབང་ཆ་གཏན་འབེབས་བྱས་ཡོད། ལེའུ་བདུན་པ་ཞར་བྱུང་ནང་དུ《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་ལག་བསྟར་དུས་ཚོད་གཏན་འབེབས་བྱས་ཡོད།
3.ཅི་ཞིག་ལ་རྒྱལ་ཁབ་བདེ་འཇགས་ཟེར།
ལན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གཉིས་པའི་གཏན་འབེབས་ལྟར། རྒྱལ་ཁབ་བདེ་འཇགས་ཞེས་པ་ནི་རྒྱལ་ཁབ་ཀྱི་སྲིད་དབང་དང་བདག་དབང་། གཅིག་གྱུར། མངའ་ཁོངས་གཅིག་གྱུར། མི་དམངས་བདེ་སྐྱིད། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་གཞན་པའི་གནད་ཆེའི་ཁེ་ཕན་ལྟོས་འཇོག་གི་ཉེན་ཁ་མེད་པ། ཕྱི་ནང་གི་འཇིགས་སྐུལ་མི་ཐེབས་པའི་རྣམ་པ་དང་བདེ་འཇགས་རྣམ་པ་རྒྱུན་མཐུད་འགན་སྲུང་ཐུབ་པའི་ནུས་པ་ལ་ཟེར།
4.རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་སྲོག་ཤིང་ནི་ཅི་ཞིག་ཡིན།
ལན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གཉིས་པའི་གཏན་འབེབས་ལྟར། རྒྱལ་ཁབ་བདེ་འཇགས་ཞེས་པ་ནི་རྒྱལ་ཁབ་ཀྱི་སྲིད་དབང་དང་བདག་དབང་། གཅིག་གྱུར། མངའ་ཁོངས་གཅིག་གྱུར། མི་དམངས་བདེ་སྐྱིད། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་གཞན་པའི་གནད་ཆེའི་ཁེ་ཕན་ལྟོས་འཇོག་གི་ཉེན་ཁ་མེད་པ། ཕྱི་ནང་གི་འཇིགས་སྐུལ་མི་ཐེབས་པའི་རྣམ་པ་དང་བདེ་འཇགས་རྣམ་པ་རྒྱུན་མཐུད་འགན་སྲུང་ཐུབ་པའི་ནུས་པ་ལ་ཟེར། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་སྲོག་ཤིང་ནི་རྒྱལ་ཁབ་ཀྱི་སྲོག་ཤིང་ཁེ་ཕན་དང་གཞན་པའི་གནད་ཆེའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་སྟེ། དེ་ལ་རྒྱལ་ཁབ་ཀྱི་སྲིད་དབང་དང་བདག་དབང་། གཅིག་གྱུར། མངའ་ཁོངས་གཅིག་གྱུར། མི་དམངས་བདེ་སྐྱིད། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་གཞན་པའི་གནད་ཆེའི་ཁེ་ཕན་གྱི་བདེ་འཇགས་བཅས་འདུ།
5.རྒྱལ་ཁབ་བདེ་འཇགས་ལ་བདེ་འཇགས་རྣམ་པ་འདུ་བ་མ་ཟད་རྒྱབ་ཁབ་བདེ་འཇགས་སྲུང་སྐྱོང་གི་ནུས་པ་ཡང་འདུ་ཞེས་བཤད་དགོས་དོན་ཅི་ཡིན།
ལན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གཉིས་པར། རྒྱལ་ཁབ་བདེ་འཇགས་ཞེས་པ་ནི་རྒྱལ་ཁབ་ཀྱི་སྲིད་དབང་དང་བདག་དབང་། གཅིག་གྱུར། མངའ་ཁོངས་གཅིག་གྱུར། མི་དམངས་བདེ་སྐྱིད། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་གཞན་པའི་གནད་ཆེའི་ཁེ་ཕན་ལྟོས་བཅས་ཀྱི་ཉེན་ཁ་མེད་པ། ཕྱི་ནང་གི་འཇིགས་སྐུལ་མི་ཐེབས་པའི་རྣམ་པ་དང་བདེ་འཇགས་རྣམ་པ་རྒྱུན་མཐུད་འགན་སྲུང་ཐུབ་པའི་ནུས་པ་ལ་ཟེར་ཞེས་གཏན་འབེབས་བྱས་ཡོད་པ་ལྟར། བདེ་འཇགས་འཇིགས་སྐུལ་གྱི་རྒྱུ་རྐྱེན་རྩ་བ་ནས་མེད་པར་བཟོ་མི་ཐུབ་པས། རྒྱལ་ཁབ་བདེ་འཇགས་ནི་ལྟོས་བཅས་ཀྱི་བདེ་འཇགས་ཤིག་ཡིན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ལས་རྒྱལ་ཁབ་བདེ་འཇགས་ནི་ལྟོས་བཅས་ཀྱི་ཉེན་ཁ་མེད་པ་དང་ཕྱི་ནང་གི་འཇིགས་སྐུལ་མི་ཐེབས་པའི་རྣམ་པ་ཞེས་ནན་བཤད་བྱེད་པ་དེ་ནི་མུ་མཐུད་དུ་རང་སྟེང་གི་བདེ་འཇགས་སྲུང་སྐྱོང་ནུས་པ་འཛུགས་སྐྲུན་བྱས་ནས་བདེ་འཇགས་མིན་པའི་རྒྱུ་རྐྱེན་གྱིས་རྒྱལ་ཁབ་ལ་ངོ་བོ་རང་བཞིན་གྱི་གནོད་སྐྱོན་ཐེབས་པ་ཁྱད་གསོད་དང་དོགས་ཟོན་བྱེད་དགོས་པ་དེ་ཡིན། དེ་བས། རྒྱལ་ཁབ་བདེ་འཇགས་ཀྱི་རྣམ་པ་ནན་གྱིས་སྟོན་དགོས་པ་མ་ཟད་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་ནུས་པ་སྔར་ལས་མཐོར་འདེགས་དང་རྒྱལ་ཁབ་བདེ་འཇགས་་སྲུང་སྐྱོང་གི་ནུས་པར་ཤུགས་སྣོན་བྱེད་པའམ་ནན་བཤད་བྱེད་དགོས། དུས་མཚུངས་སུ། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་ལེའུ་ལྔ་བར་ཆེད་དུ་རྒྱལ་ཁབ་བདེ་འཇགས་འགན་སྲུང་གཏན་ལ་ཕབ་ཡོད།
6.རྒྱལ་ཁབ་བདེ་འཇགས་བྱ་བའི་མཛུབ་སྟོན་བསམ་བློ་ནི་ཅི་ཞིག་ཡིན།
ལན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གསུམ་པར་གཏན་ལ་ཕབ་པ་ལྟར་ན། རྒྱལ་ཁབ་བདེ་འཇགས་བྱ་བ་དེ་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ལྟ་བ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་བདེ་འཇགས་རྩ་དོན་དུ་འཛིན་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་གཞི་རྩར་འཛིན་པ། དཔལ་འབྱོར་གྱི་བདེ་འཇགས་རྨང་གཞིར་འཛིན་པ། དམག་དོན་དང་རིག་གནས། སྤྱི་ཚོགས་བདེ་འཇགས་འགན་སྲུང་དུ་བྱེད་པ། རྒྱལ་སྤྱིའི་བདེ་འཇགས་སྐུལ་སྤེལ་བྱེད་པ་བརྟེན་ས་བྱས་ཐོག ཁྱབ་ཁོངས་སོ་སོའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དང་། རྒྱལ་ཁབ་བདེ་འཇགས་མ་ལག་འཛུགས་སྐྲུན་སྒོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ལམ་བུར་བགྲོད་རྒྱུ་དེའོ།
7. 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ནང་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ལྟ་བ་ཅི་ལྟར་གཏན་ལ་ཕབ་ཡོད།
ལན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གསུམ་པར། རྒྱལ་ཁབ་བདེ་འཇགས་བྱ་བ་དེ་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ལྟ་བ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་བདེ་འཇགས་རྩ་དོན་དུ་འཛིན་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་གཞི་རྩར་འཛིན་པ། དཔལ་འབྱོར་གྱི་བདེ་འཇགས་རྨང་གཞིར་འཛིན་པ། དམག་དོན་དང་རིག་གནས། སྤྱི་ཚོགས་བདེ་འཇགས་འགན་སྲུང་དུ་བྱེད་པ། རྒྱལ་སྤྱིའི་བདེ་འཇགས་སྐུལ་སྤེལ་བྱེད་པ་བརྟེན་ས་བྱས་ཐོག ཁྱབ་ཁོངས་སོ་སོའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དང་། རྒྱལ་ཁབ་བདེ་འཇགས་མ་ལག་འཛུགས་སྐྲུན་སྒོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ལམ་བུར་བགྲོད་རྒྱུ་དེའོ་ཞེས་གཏན་ལ་ཕབ་ཡོད། རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ལྟ་བ་རྒྱུན་འཁྱོངས་བྱེད་པ་ནི《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་འཛུགས་པའི་མཛུབ་སྟོན་བསམ་བློ་ཡིན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་ལེའུ་དང་དོན་ཚན་ཡོད་ཚད་དུ་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ལྟ་བའི་བླང་བྱ་བརྩི་སྲུང་བྱས་ཡོད། རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ལྟ་བ་དེ《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་མགོ་མཇུག་བར་གསུམ་དུ་ཐིམ་ཡོད། དཔེར་ན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་བདེ་འཇགས་ལ་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ལྟ་བའི་ངོ་བོའི་ཁྱད་ཆོས་ཡིན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བཞི་བར། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་བདེ་འཇགས་བྱ་བར་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་གཏན་ལ་ཕབ་ཡོད། མི་དམངས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ལྟ་བས་རྒྱུན་འཁྱོངས་བྱེད་པའི་རྩ་བའི་ཁེ་ཕན་ཡིན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་དང་པོའི་ཁྲིམས་འཛུགས་རྩ་དོན་ནང་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཞེས་དང་། དོན་ཚན་བདུན་པའི་གཞི་རྩའི་ཚད་གཞི་ནང་མིའི་ཐོབ་ཐང་ལ་བརྩི་བཀུར་དང་འགན་སྲུང་བྱས་ནས། ཁྲིམས་ལྟར་སྤྱི་དམངས་ཀྱི་དབང་ཆ་དང་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། དོན་ཚན་བཅུ་དྲུག་པ་རྒྱལ་ཁབ་བདེ་འཇགས་ཀྱི་ལས་འགན་ལ་སྲུང་སྐྱོང་བྱེད་པ་ཞེས་པར། རྒྱལ་ཁབ་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་དང་འཕེལ་རྒྱས། མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ། འཚོ་སྡོད་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་པོ་བསྐྲུན་པ། བྱ་བ་དང་འཚོ་བའི་ཁོར་ཡུག་བསྐྲུན་པ། མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་གཞན་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་ཞེས་གཏན་ལ་ཕབ་ཡོད། དོན་ཚན་སོ་གསུམ་པར། རྒྱལ་ཕྱིའི་ཀྲུང་གོའི་སྤྱི་དམངས་དང་རྩ་འཛུགས། ལས་ཁུངས་ཀྱི་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་བཅས་ཀྱི་སྲུང་སྐྱོབ་ལ་ཆེད་དམིགས་ཀྱི་གཏན་འབེབས་བྱས་ཡོད། རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ལྟ་བ་ནི་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་བདེ་འཇགས་ལྟ་བ་ཡིན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གཉིས་པ་རྒྱལ་ཁབ་བདེ་འཇགས་ཀྱི་ལས་འགན་ལ་སྲུང་སྐྱོང་བྱེད་དགོས་ཞེས་པར། ཁྱབ་ཁོངས་སོ་སོའི་རྒྱལ་ཁབ་བདེ་འཇགས་ཀྱི་ལས་འགན་སྲུང་སྐྱོང་ཐད་རྒྱུད་རིམ་ལྡན་པའི་གཏན་འབེབས་གནང་ཡོད། རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ལྟ་བར། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གཉིས་མངོན་འགྱུར་བྱེད་པ་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་བཏོན་ཡོད། དུས་མཚུངས་སུ། རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ལྟ་བ་དངོས་འབེབས་བྱེད་ཆེད། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་ལེའུ་གསུམ་པར་རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲི་སྲུང་སྐྱོང་དང་། ལེའུ་བཞི་བར་རྒྱལ་ཁབ་བདེ་འཇགས་ཀྱི་ལམ་ལུགས། ལེའུ་ལྔ་བར་རྒྱལ་ཁབ་བདེ་འཇགས་ཀྱི་འགན་སྲུང་། ལེའུ་དྲུག་པར་སྤྱི་དམངས་དང་རྩ་འཛུགས་ཀྱི་འོས་འགན་དང་དབང་ཆ་བཅས་གཏན་ལ་ཕབ་ཡོད།
8. 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་སྐོར་ཅི་ལྟར་གཏན་འཁེལ་བྱས་ཡོད།
ལན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ནང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་བདེ་འཇགས་བྱ་བར་འགོ་ཁྲིད་པར་རྒྱུན་འཁྱོངས་བྱེད་པའི་སྐོར་ལ་ཕྱོགས་གཉིས་ནས་འབུར་དུ་ཐོན་པར་བྱས་ཡོད། གཅིག་ནི་དོན་ཚན་བཞི་བའི་གཏན་འབེབས་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་བདེ་འཇགས་བྱ་བར་འགོ་ཁྲིད་པར་རྒྱུན་འཁྱོངས་བྱས་ནས། གཅིག་བསྡུས་གཅིག་གྱུར་དང་ནུས་མཐོ་ཟིལ་ཤུགས་ལྡན་པའི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལམ་ལུགས་འཛུགས་དགོས་ཞེས་བཤད་ཡོད། གཉིས་ནི་དོན་ཚན་ལྔ་བའི་གཏན་འབེབས་ནང་། ཀྲུང་དབྱང་གི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཁུངས་ཀྱིས་རྒྱལ་ཁབ་བདེ་འཇགས་བྱ་བའི་ཇུས་ཆོད་དང་གྲོས་མོལ་མཐུན་སྦྱོར་ལ་འགན་འཁུར་ནས། རྒྱལ་ཁབ་བདེ་འཇགས་འཐབ་ཇུས་དང་འབྲེལ་ཡོད་གནད་ཆེའི་སྲིད་ཇུས་ཁ་ཕྱོགས་ཞིབ་འཇུག་གཏན་འབེབས་དང་མཛུབ་སྟོན་ལག་བསྟར་བྱེད་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་གནད་ཆེའི་དོན་ཚན་དང་བྱ་བ་གཙོ་བོར་གཅིག་གྱུར་བཀོད་སྒྲིག་དང་མཐུན་སྦྱོར་བྱས་ནས། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་སྐུལ་འདེད་བྱེད་དགོས་ཞེས་བཀོད་ཡོད། འདིའི་ཀྲུང་དབྱང་གི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཁུངས་ཞེས་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པར་ཐག་བཅད་ནས་བཙུགས་པའི་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་ལ་ཟེར་བ་ཡིན།
9.རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལམ་ལུགས་ནི་ཅི་ཞིག་ཡིན།
ལན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བཞི་བར། རྒྱལ་ཁབ་བདེ་འཇགས་བྱ་བ་དེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ལ། གཅིག་བསྡུས་གཅིག་གྱུར་དང་ནུས་མཐོ་ཟིལ་ཤུགས་ལྡན་པའི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལམ་ལུགས་འཛུགས་དགོས་ཞེས་གཏན་ལ་ཕབ་ཡོད། རྒྱལ་ཁབ་བདེ་འཇགས་ལས་དོན་ལ་ཚོར་སྐྱེན་ཆེ་ཞིང་རྙོག་འཛིང་ཡིན་པས། དེ་ལ་འཐབ་ཇུས་བཟང་བོ་འཐེན་དགོས་པ་མ་ཟད་བཀའ་རྒྱ་དང་ལེན་ཡང་མཁོ་བ་ཡིན། ངེས་པར་དུ་གཅིག་བསྡུས་གཅིག་གྱུར་དང་ནུས་མཐོ་ཟིལ་ཤུགས་ལྡན་པའི་ལམ་ལུགས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་འགོ་ཁྲིད་མངོན་འགྱུར་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཐག་བཅད་ནས་བཙུགས་པའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད། རྒྱལ་ཁབ་ཡུན་རིང་བདེ་འགོད་ཀྱི་ཁ་ཚ་དགོས་གཏུག་གི་རེ་བ་མངོན་འགྱུར། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་གྲུབ་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པ་བཅས་ཀྱི་འགན་སྲུང་གལ་ཆེན་དེ་ཡིན། དེའི་དམིགས་ཡུལ་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ལ་གདོང་གཏད་པའི་རྣམ་པ་གསར་བ་དང་ལས་འགན་གསར་བར་སྔར་ལས་འཚམ་པར་བྱེད་པ་དང་། གཅིག་བསྡུས་གཅིག་གྱུར་དང་ནུས་མཐོ་ཟིལ་ཤུགས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ལམ་ལུགས་བཙུགས་ནས་རྒྱལ་ཁབ་བདེ་འཇགས་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་རྒྱུ་དེ་ཡིན། 2014ལོའི་ཟླ1པོའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་གྲོས་ཚོགས་བསྡུས་ནས། ཞི་ཅིན་ཕིང་གིས་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ལི་ཁོ་ཆང་དང་ཀྲང་ཏི་ཅང་གཉིས་ཀྱིས་ཀྲུའུ་ཞི་གཞོན་པའི་འགན་འཁུར་བར་ཐག་བཅད་ལ། ཁོངས་གཏོགས་སུ་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་འགའ་ཡོད།
10. 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ནང་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཁུངས་ཀྱི་འགན་འཁྲི་གང་དག་གཏན་འབེབས་བྱས་ཡོད།
ལན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བའི་ནང་། ཀྲུང་དབྱང་གི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཁུངས་ཀྱིས་རྒྱལ་ཁབ་བདེ་འཇགས་བྱ་བའི་ཇུས་ཆོད་དང་གྲོས་མོལ་མཐུན་སྦྱོར་ལ་འགན་འཁུར་ནས། རྒྱལ་ཁབ་བདེ་འཇགས་འཐབ་ཇུས་དང་འབྲེལ་ཡོད་གནད་ཆེའི་སྲིད་ཇུས་ཁ་ཕྱོགས་ཞིབ་འཇུག་གཏན་འབེབས་དང་མཛུབ་སྟོན་ལག་བསྟར་བྱེད་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་གནད་ཆེའི་དོན་ཚན་དང་བྱ་བ་གཙོ་བོར་གཅིག་གྱུར་བཀོད་སྒྲིག་དང་མཐུན་སྦྱོར་བྱས་ནས། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་སྐུལ་འདེད་བྱེད་དགོས་ཞེས་གཏན་ལ་ཕབ་ཡོད། འདིའི་ཀྲུང་དབྱང་གི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཁུངས་ཞེས་པ་ནི་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་ལ་ཟེར་བ་ཡིན། ཀྲུང་དབྱང་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་འགན་འཁྲིའི་སྐོར་ལ་དོན་ཚན་ལྔ་བ་ཁོ་ན་མ་ཡིན་ཏེ། གཞན་པའི་དོན་ཚན་ནང་དུ་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཁུངས་ཞེས་ཐད་ཀར་བཀོད་མེད་ནའང་། རྒྱལ་ཁབ་བདེ་འཇགས་ལམ་ལུགས་དང་ནང་རྐྱེན་འཛུགས་སྐྲུན་ལ་འབྲེལ་བའི་དོན་ཚན་མང་བོའི་ཁྲོད་དུ། རྒྱལ་ཁབ་ཞེས་པ་གཙོ་ཚིག་ཏུ་བཀོད་ཡོད་པ་ནི་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཁུངས་ལ་ཟེར་བ་ཡིན། དཔེར་ན་དོན་ཚན་བཞི་བའི་ནང་གི་རྒྱལ་ཁབ་བདེ་འཇགས་ལམ་ལུགས་ནང་རྐྱེན་ལྟ་བུའོ།
11.ཅི་ཞིག་ལ་རྒྱལ་ཁབ་བདེ་འཇགས་ཐབས་ཇུས་ཟེར།
ལན། རྒྱལ་ཁབ་བདེ་འཇགས་ཐབས་ཇུས་ཞེས་པ་ནི་རྒྱལ་ཁབ་བདེ་འཇགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མཛུབ་སྟོན་ཐབས་ཇུས་ལ་ཟེར་བ་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྤྱད་ནས་རྒྱལ་ཁབ་བདེ་འཇགས་ཁེ་ཕན་སྲུང་སྐྱོང་བྱེད་པའི་སྤྱིའི་བསམ་ཚུལ་ཡིན། དེ་ལ་སྲོལ་རྒྱུན་གྱི་དམག་དོན་ཐབས་ཇུས་འདུ་བ་མ་ཟད། ཆབ་སྲིད་དང་དཔལ་འབྱོར། ཚན་རྩལ། རིག་གནས། ཆ་འཕྲིན། ཐོན་ཁུངས། སྐྱེ་ཁམས་སོགས་ཕྱོགས་གང་ཐད་ཀྱི་བདེ་འཇགས་གནད་དོན་དང་འབྲེལ་བའི་འཆར་འགོད་ལ་ཟེར། 《རྒྱལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན6པར། རྒྱལ་ཁབ་ཀྱིས་རྒྱལ་ཁབ་བདེ་འཇགས་ཐབས་ཇུས་མཚམས་མི་ཆད་པར་འཐུས་ཚང་དུ་བཏང་ནས། ཁྱོན་ཡོངས་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་བདེ་འཇགས་གནས་བབ་ལ་དཔྱོད་དཔག་བྱེད་དགོས། རྒྱལ་ཁབ་བདེ་འཇགས་ཐབས་ཇུས་ཀྱི་མཛུབ་སྟོན་བྱེད་ཕྱོགས་དང་ཡུན་རིང་དང་དུས་འབྲིང་གི་དམིགས་འབེན། གཙོ་གནད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་སྲིད་ཇུས། བྱ་བའི་ལས་འགན་དང་བྱེད་ཐབས་གསལ་བོར་ཤེས་དགོས་ཞེས་གཏན་ལ་ཕབ་ཡོད། དུས་མཚུངས་སུ།《རྒྱལ་བདེ་འཇགས་བཅའ་ཁྲིམས》དོན་ཚན47པར། སྡེ་ཁག་སོ་སོ་དང་ས་ཁུལ་སོ་སོས་བྱེད་ཐབས་ནུས་ལྡན་སྤྱད་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ཐབས་ཇུས་དོན་འཁྱོལ་བྱེད་དགོས་ཞེས་གཏན་ལ་ཕབ་ཡོད། 2015ལོའི་ཟླ1པོའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་གྲོས་ཚོགས་བསྡུས་ནས། 《རྒྱལ་བདེ་འཇགས་ཐབས་ཇུས་རྩ་གནད》ལ་གྲོས་ཞིབ་བྱས་ནས་ཡིད་འཐད་བྱུང་ལ། འདི་ནི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན།
12. 《རྒྱལ་བདེ་འཇགས་བཅའ་ཁྲིམས》ནང་མི་དམངས་བདེ་འཇགས་ཐད་གཏན་འབེབས་གང་དག་ཡོད།
ལན། མི་དམངས་ཀྱི་བདེ་འཇགས་རྩ་དོན་དུ་འཛིན་པ་ནི《རྒྱལ་བདེ་འཇགས་བཅའ་ཁྲིམས》ཀྱི་བཀྲག་ས་ཆེན་པོ་གཅིག་ཡིན་ལ་ཕྱོགས་གཉིས་ཀྱི་ཐད་འབུར་དུ་ཐོན་ཡོད་པ་སྟེ། གཅིག་ནི་མི་དམངས་བདེ་འཇགས་ཐད་ཀྱི་མཐོང་ཆེན་དང་སྲུང་སྐྱོབ་སྟེ། དཔེར་ན། དོན་ཚན1པོའི་ཁྲིམས་འཛུགས་རྩ་དོན་ཁྲོད་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན་ཡོད། དོན་ཚན 2པའི་ནང་མི་དམངས་ཀྱི་བདེ་འཇགས་རྒྱལ་ཁབ་བདེ་འཇགས་ཀྱི་རྒྱུ་རྐྱེན་ལ་ཚུད་དུ་འཇུག་དགོས་ཞེས་བསྟན་ཡོད། དོན་ཚན3པའི་ནང་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ལྟ་བ་ཡིས་མི་དམངས་བདེ་འཇགས་རྩ་དོན་དུ་འཛིན་དགོས་ཞེས་ནན་གྱིས་བསྟན་ཡོད། དོན་ཚན7པའི་ནང་མིའི་ཐོབ་ཐང་ལ་བརྩི་བཀུར་དང་འགན་སྲུང་བྱས་ནས་ཁྲིམས་ལྟར་སྤྱི་དམངས་ཀྱི་དབང་ཆ་དང་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་འབུར་དུ་དོད་ཡོད། དོན་ཚན16པའི་ནང་རྒྱལ་ཁབ་ཀྱིས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་འཕེལ་རྒྱས་དང་སྲུང་སྐྱོང་། མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ། འཚོ་གནས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་པོ་བསྐྲུན་པ། བྱ་བ་དང་འཚོ་བའི་ཁོར་ཡུག་བརྟན་འཇགས་བྱེད་པ། མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་གཞན་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས་ཞེས་གཏན་ལ་ཕབ་ཡོད། དོན་ཚན27པར་ཁྲིམས་ལྟར་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། དོན་ཚན33པར་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས། ཕྱི་རྒྱལ་གྱི་ཀྲུང་གོའི་སྡོད་དམངས་དང་རྩ་འཛུགས། ལས་ཁུངས་ཀྱི་བདེ་འཇགས་དང་ཚུལ་མཐུན་ཁེ་དབང་སོགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གཏན་ལ་ཕབ་ཡོད། གཉིས་ནི་རྒྱལ་ཁབ་བདེ་འཇགས་དང་སྤྱི་དམངས་དབང་ཆ་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ་སྟེ། དཔེར་ན། དོན་ཚན7པའི་ནང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་དུས། རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་དགོས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྩ་དོན་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་ཁྲིམས་ཀྱིས་སྐྱོང་བ་རྒྱལ་ཁབ་བདེ་འཇགས་བྱ་བའི་ཚད་ཐིག་བྱེད་དགོས་ཞེས་ནན་གྱི་བསྟན་ཡོད། དོན་ཚན66པར་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁའི་དོ་དམ་ཚོད་འཛིན་འགན་འཁྲི་ལག་བསྟར་བྱེད་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁ་ཐག་གཅོད་བྱེད་པའི་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱོད་དགོས་པ་དང་། དེ་རྒྱལ་ཁབ་བདེ་འཇགས་ཉེན་ཁས་བཟོ་སྲིད་པའི་ཉེན་ཁའི་རང་བཞིན་དང་ཚད་རིམ། ཁྱབ་ཁོངས་དང་འོས་འཚམ་ཡིན་དགོས། བྱེད་ཐབས་མང་པོ་ལས་གཅིག་གདམ་དགོས་ཚེ། སྤྱི་དམངས་དང་རྩ་འཛུགས་ཀྱི་ཁེ་ཕན་ལ་ཆེས་ཆེ་བའི་སྲུང་སྐྱོབ་བྱེད་པར་ཕན་པ་དེ་གདམ་དགོས་ཞེས་གཏན་ལ་ཕབ་ཡོད། དོན་ཚན83པར་རྒྱལ་ཁབ་བདེ་འཇགས་ཀྱི་བྱ་བའི་ཁྲོད། སྤྱི་དམངས་ཀྱི་དབང་ཆ་དང་རང་དབང་ལ་ཚད་བཀག་གཏོང་བའི་དམིགས་བསལ་གྱི་བྱེད་ཐབས་སྤྱོད་དགོས་ཚེ། ཁྲིམས་དང་མཐུན་པ་ཡིན་དགོས་ལ། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་དོན་དངོས་དགོས་མཁོ་ཡིན་དགོས་པ་སོགས་གཏན་ལ་ཕབ་ཡོད།
13.རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་དུས་གཞི་རྩའི་རྩ་དོན་གང་དག་བརྩི་སྲུང་བྱེད་དགོས།
ལན། རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་ལྟ་བའི་བླང་བྱར་གཞིགས་ནས། རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ནང་གཤམ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱ་བའི་རྩ་དོན་དག་གསལ་བོར་བསྟན་ཡོད། གཅིག་ནི་ཁྲིམས་སྐྱོང་དང་མིའི་ཁེ་དབང་འགན་སྲུང་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་སྟེ། དེའི་སྲོག་ཤིང་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་མིའི་ཁེ་དབང་ལ་བརྩི་བཀུར་དང་འགན་སྲུང་བྱེད་པ་དེ་ཡིན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཆེན་མོ་དང་རྒྱལ་ཁབ་བདེ་འགོད་ཀྱི་སྤྱིའི་སྒྲིག་སྲོལ་ཡིན། རང་རྒྱལ་གྱི་རྩ་ཁྲིམས་ཁྲོད། སྤྱི་དམངས་དང་རྒྱལ་ཁབ་ཀྱི་ལས་ཁུངས། དྲག་ཆས་སྟོབས་ཤུགས། ཏང་སྲིད་དང་སྤྱི་ཚོགས་ཚོགས་པ་སོ་སོ། ཁེ་ལས་དོན་ལས་རྩ་འཛུགས་སོ་སོ་བཅས་ཡོད་ཚད་ཀྱིས་རྩ་ཁྲིམས་དང་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་དགོས་པ་དང་། རྩ་ཁྲིམས་དང་ཁྲིམས་ལུགས་ལ་འགལ་བའི་བྱ་སྤྱོད་ཡོད་ཚད་ལ་ངེས་པར་དུ་ཆད་གཅོད་བྱེད་པར་གཏན་ལ་ཕབ་ཡོད། རྩ་ཁྲིམས་དང་ཁྲིམས་ལུགས་བརྩི་སྲུང་བྱེད་པ་ནི། གཙོ་བོ་རྩ་ཁྲིམས་ལམ་ལུགས་སྲུང་སྐྱོང་བྱས་ནས། རྒྱལ་ཁབ་ཀྱི་ལས་ཁུངས་དང་ལས་བྱེད་མི་སྣའི་སྤྱི་དབང་སྤྱོད་པའི་ཚོད་འཛིན་ལ་ཤུགས་སྣོན་དགོས། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པ་དེ་རྒྱལ་ཁབ་ཀྱི་ལས་ཁུངས་ཡོད་ཚད་ལ་འབྲེལ་ཡོད། ལྷག་པར་དུ་བྲེལ་མྱུར་གནས་བབ་ལ་ཐོན་པའམ་དམག་འཁྲུག་ཁྱབ་སྒྲོག་གི་གནས་བབ། རྒྱལ་ཡོངས་སྤྱིའམ་བྱེ་བྲག་སྐུལ་སློང་བྱེད་པ་བཅས་ཀྱི་གནས་ཚུལ་འོག བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་ཡོད་པའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་གཏན་འབེབས་བྱས་པའི་དམིགས་བསལ་བྱེད་ཐབས་སྤྱོད་དགོས། སྤྱི་བའི་དབང་ཆ་སྤྱོད་པའི་ཚོད་འཛིན་གཙོ་བོར་བཟུང་ནས། ཁྲིམས་ལྟར་སྤྱི་དམངས་ཀྱི་དབང་ཆ་དང་རང་དབང་སྲུང་སྐྱོབ་བྱེད་དགོས། དུས་མཚུངས་སུ། ནག་ཉེས་བཟོ་བའམ་མིའི་ཐོབ་ཐང་ལ་སྣང་ཆུང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་བཀག་འགོག་བྱས་ནས། རྒྱལ་ཁབ་བདེ་འཇགས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་འདེགས་དགོས། གཉིས་ནི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་སོ་སོའི་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་ལ། འཕེལ་རྒྱས་ནི་བདེ་འཇགས་ཀྱི་རྨང་གཞི་ཡིན། བདེ་འཇགས་དང་འཕེལ་རྒྱས་ཏེ་དོན་ཆེན་འདི་གཉིས་གཅིག་གྱུར་འཆར་འགོད་བྱས་ནས། འཕེལ་རྒྱས་དང་བསྟུན་ནས་རྒྱལ་ཁབ་བདེ་འཇགས་ནུས་པ་མུ་མཐུད་དུ་མཐོར་འདེགས་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྐུལ་འདེད་བྱེད་དགོས། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་ནུས་པ་མུ་མཐུད་དུ་འཕེལ་བར་བརྟེན། འཕེལ་རྒྱས་ལ་བརྟན་འཇགས་ཀྱི་ཁོར་ཡུག་འདོན་སྤྲོད་བྱས་ནས། རྒྱུན་མཐུད་འཕེལ་རྒྱས་དང་རྒྱུན་མཐུད་བདེ་འཇགས་གཅིག་ལ་གཅིག་བརྟེན་བྱེད་པ་མངོན་འགྱུར་བྱེད་དགོས། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ནང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་སྦྱོར་ཡོང་དགོས་ཞེས་གཏན་ལ་ཕབ་ཡོད་པ་འདིས། འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་ཀྱི་གནད་འགག་ཡིན་པའི་གཙོ་གནད་ཀྱི་འཐབ་ཇུས་བརྡར་གཅོད་མངོན་ཡོད། ནང་ཁུལ་བདེ་འཇགས་དང་ཕྱི་རོལ་བདེ་འཇགས། རྒྱལ་ཁོངས་བདེ་འཇགས་དང་རྒྱལ་དམངས་བདེ་འཇགས། སྲོལ་རྒྱུན་བདེ་འཇགས་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས། རང་རྐང་བདེ་འཇགས་དང་སྤྱི་བའི་བདེ་འཇགས་བཅས་ནི་ཕན་ཚུན་འབྲེལ་བ་དམ་པོ་ཡོད་པས། གཅིག་མ་བདེ་ཚེ་ཡོད་ཚད་ལ་གནོད་པས། ངེས་པར་དུ་གཅིག་གྱུར་བཀོད་སྒྲིག་བྱེད་དགོས། ཕྱོགས་གཅིག་ནས་བདག་དབང་དང་མངའ་ཁོངས། ཆབ་སྲིད་བདེ་འཇགས་རྒྱལ་ཁབ་བདེ་འཇགས་ཀྱི་བྱ་བ་གཙིགས་ཆེན་དུ་བཟུང་ནས་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། ཚན་རྩལ། སྐྱེ་ཁམས། ཐོན་ཁུངས་ཁྱབ་ཁོངས་བཅས་དང་འཇིགས་སྐུལ་རིང་ལུགས། དྲག་ཆས་དར་ཁྱབ། མཚམས་བརྒལ་ཉེས་གསོག དུག་འཚོང་བྱེད་པ་སོགས་སྲོལ་རྒྱུན་མིན་པའི་བདེ་འཇགས་གནད་དོན་ལ་ཕྱོགས་ཡོངས་འཆར་འགོད་དང་ཕྱོགས་བསྡུས་སྲིད་བསྟར་བྱས་ནས་ཐག་གཅོད་དོན་འཁྱོལ་བྱེད་དགོས། གསུམ་ནི་ཐུན་མོང་བདེ་འཇགས་རྒྱུན་འཁྱོངས་ལ་སྐུལ་འདེད་བྱེད་དགོས། རྒྱལ་ཁབ་ནང་ལ་རྐང་ཚུགས་པ་དང་། མིག་རྒྱང་རྒྱལ་སྤྱི་ཡོངས་ལ་བཞག་སྟེ། ཞི་བདེ་གོང་སྤེལ་དང་མཉམ་ལས་མཉམ་རྒྱལ་གྱི་དར་ཆ་མཐོ་རུ་སྒྲེང་ནས། ཕན་ཚུན་ཡིད་ཆེས་དང་མཉམ་ཕན། འདྲ་མཉམ། མཉམ་སྒྲུབ་བཅས་རྒྱུན་འཁྱོངས་སྒོས། རང་རྒྱལ་གྱི་ཁེ་ཕན་རྒྱ་བསྐྱེད་ལ་འགེབས་སྲུང་བྱེད་ཞོར་དུ་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་དུ་བདེ་འཇགས་སྤེལ་རེས་དང་མཉམ་ལས་སྤེལ་ཏེ། རྒྱལ་སྤྱིའི་བདེ་འཇགས་སྲུང་སྐྱོང་གི་འོས་འགན་འཁུར་སྒྲུབ་བྱེད་དགོས་པ་དང་། ཐུན་མོང་བདེ་འཇགས་ལ་སྐུལ་འདེད་བྱེད་པ། འཛམ་གླིང་ཞི་བདེ་ལ་སྲུང་སྐྱོང་བཅས་བྱེད་དགོས། བཞི་ནི་སྔོན་འགོག་གཙོ་བོ་དང་། རྩ་ལག་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆེད་དོན་བྱ་བ་དང་མང་ཚོགས་ལམ་ལུགས་གཉིས་ཟུང་དུ་འབྲེལ་དགོས། སྔོན་འགོག་དང་བཅོས་སྐྱོང་མཉམ་སྤྱོད་རྒྱུན་འཁྱོངས་བྱས་ན། ཆུ་མ་ཡོང་གོང་གི་རགས་ཞེས་པའི་དཔེ་བཞིན་སྔོན་འགོག་ཐུབ་པ་དང་རྩ་བ་ཡོ་བསྲང་དང་འགོ་ཁུངས་གཙང་མར་བཟོ་ཐུབ་བོ། ཆེད་དོན་ལས་ཁུངས་དང་གཞན་པ་འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་འགན་ནུས་འདོན་སྤེལ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། སྤྱི་དམངས་དང་རྩ་འཛུགས་སྐུལ་སློང་རྒྱ་ཆེར་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་མ་བྱུང་སྔོན་ལ་འགོག་ཟོན་དམ་པོ་དང་། འབྱུང་བཞིན་པ་ལ་བཀག་འགོག་རྣལ་མོ། བྱུང་ཟིན་པ་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་བཅད་དེ། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་འགག་སྒོ་བརྟན་པོ་འཛུགས་དགོས།
14.རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་ཁྲིམས་སྐྱོང་རྩ་དོན་ལ་བླང་བྱ་གང་དག་ཡོད།
ལན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན7པའི་གཏན་འཁེལ་ལྟར་ན། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ནི། རྩ་ཁྲིམས་དང་ཁྲིམས་ལུགས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་དང་། སྤྱི་ཚོགས་རང་ལུགས་ཀྱི་ཁྲིམས་སྐྱོང་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འགྲོ་བ་མིའི་དབང་ཆ་ལ་བརྩི་བཀུར་དང་འགན་སྲུང་། ཁྲིམས་ལྟར་སྤྱི་དམངས་ཀྱི་ཁེ་དབང་དང་རང་དབང་སྲུང་སྐྱོང་བྱེད་དགོས། “སྤྱི་ཚོགས་རང་ལུགས་ཀྱི་ཁྲིམས་སྐྱོང་རྩ་དོན་རྒྱུན་འཁྱོངས་བྱེད་དགོས”ཞེས་པ་ལ་དུས་རྒྱུན་དུ་རྩ་ཁྲིམས་བླ་མེད་དང་། འགྲོ་བ་མིའི་དབང་ཆ་ལ་བརྩི་བཀུར་དང་འགན་སྲུང་། ཁེ་དབང་ངེས་པར་དུ་ཁྲིམས་ལྟར་ལོངས་སྤྱོད་བྱེད་དགོས་པ་སོགས་གོང་གསལ་ནང་དོན་འདུ་བ་ཡིན། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ལ་ཁྲིམས་སྐྱོང་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། སྤྱིར་བཏང་དོན་སྙིང་ཐོག་གི་ཁྲིམས་སྐྱོང་རྩ་དོན་ཡང་བརྩི་སྲུང་བྱེད་དགོས། སྒོས་སུ་ཁྲིམས་ལྟར་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པར། མི་དམངས་ཀྱི་གཙོ་གཞིའི་གོ་གནས་དང་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ། ཀྲུང་གོའི་དོན་དངོས་གཞིར་འཛིན་དགོས་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་ནན་གྱིས་བསྟན་པ་འབུར་དུ་ཐོན་དགོས། “འགྲོ་བ་མིའི་དབང་ཆ་ལ་བརྩི་བཀུར་དང་འགན་སྲུང་བྱེད་དགོས”ཞེས་པ་ནི་སྤྱི་ཚོགས་རང་ལུགས་ཁྲིམས་སྐྱོང་གི་རྩ་བའི་རྩ་དོན་ཡིན་ལ། འགྲོ་བ་མིའི་དབང་ཆ་ནི་དེང་རབས་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ཁྲིམས་ལུགས་ཀྱིས་མིའི་གཙོ་གཞིའི་གོ་གནས་དང་ལ་རྒྱ། རང་དབང་། ཁེ་ཕན་སོགས་ཀྱི་ཆེས་དམའ་བའི་ཚད་གཞིའི་བཅད་ཐིག་གི་ངོས་འཛིན་ས་ཡིན། དོན་ཚན་འདིར་འགྲོ་བ་མིའི་དབང་ཆ་ལ་བརྩི་བཀུར་དང་འགན་སྲུང་། སྤྱི་དམངས་ཀྱི་ཁེ་དབང་དང་རང་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས་པ་གསལ་བོར་གཏན་འཁེལ་བྱས་པ་ནི་དེང་རབས་ཁྲིམས་སྐྱོང་སྙིང་སྟོབས་ཀྱི་མཚོན་རྟགས་ཡིན་ལ། རྒྱལ་ཁབ་བདེ་འཇགས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་འབྲས་ཡོད་བྱུང་བ་དང་། དམངས་གཙོ་དང་སྒོ་འབྱེད་ཅན་གྱི་རྒྱལ་ཁབ་སྣང་བརྙན་ཡག་པོ་བཞེངས་སྐྲུན་བྱེད་པ་ལ་ཕན་ནོ།
15.རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་རྩ་དོན་ལ་བླང་བྱ་གང་དག་ཡོད།
ལན། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན8པའི་གཏན་འཁེལ་ལྟར་ན། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ནི་ངེས་པར་དུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་སྦྱོར་ལེགས་པོ་བྱེད་དགོས་པ་ལ། རྒྱལ་ཁབ་བདེ་འཇགས་བྱ་བ་ནི་ངེས་པར་དུ་ནང་ཁུལ་བདེ་འཇགས་དང་ཕྱི་རོལ་བདེ་འཇགས། རྒྱལ་ཁོངས་བདེ་འཇགས་དང་རྒྱལ་དམངས་བདེ་འཇགས། སྲོལ་རྒྱུན་རང་ལུགས་བདེ་འཇགས་དང་སྲོལ་རྒྱུན་རང་ལུགས་ལ་མི་གཏོགས་པའི་བདེ་འཇགས། རང་རྐང་བདེ་འཇགས་དང་ཐུན་མོང་བདེ་འཇགས་བཅས་ལ་སྤྱི་ཡོངས་གཅིག་གྱུར་འཆར་འགོད་བྱེད་དགོས།

འབྲེལ་ཡོད་འོས་སྦྱོར།