logo

༄༅།།གསར་བརྗེའི་གནས་མཆོག་ལས་འཕྲོས་པའི་ཏང་གི་ལོ་རྒྱུས། ཡན་ཨན་གྱི་སྙིང་སྟོབས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2021-06-11 ཀློག་གྲངས།:
       ཡན་ཨན་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་སེམས་ནང་གི་གསར་བརྗེའི་གནས་མཆོག་དང་། མི་རབས་འགའ་ཤས་ཀྱིས་ལང་ཚོ་དང་ཁྲག་དྲོན་བཏོན་མྱོང་ས་ཞིག་ཡིན། 1935ལོའི་ཟླ10བར། ཀྲུང་དབྱང་དམར་དམག་གིས་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་བྱས་ཏེ་ནུབ་བྱང་གི་གསར་བརྗེའི་གནས་གཞི་ས་ཁུལ་དུ་སླེབས།
       དབྱང་ཅ་ལིང་གི་གསར་བརྗེའི་གནས་རྙིང་ནི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བཞུགས་གནས་རྙིང་བ་ཡིན་ཞིང་། དེ་ཡན་ཨན་གྲོང་ཁྱེར་གྱི་ནུབ་བྱང་གི་སྤྱི་ལེ2ཀྱི་སར་ཡོད། སྔོན་ཆད་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་ཚོའི་བཞུགས་གནས་ཡིན། 1942ལོར་དེར་ཀྲུང་དབྱང་ཚོགས་ཁང་ཆེན་མོ་བཙུགས་པ་དང་། 1945ལོའི་ཟླ4བའི་ཚེས23ཉིན་ནས་ཟླ6པའི་ཚེས11ཉིན་བར་ཀྲུང་དབྱང་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་གཟབ་རྒྱས་ངང་འཚོགས་ཡོད། སྐབས་དེ་དུས་འདི་གར་ད་དུང་ཐོན་སྐྱེད་ལས་འགུལ་དང་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་མྱོང་ཡོད། ད་ཆ་གཙོ་བོ་ཀྲུང་གུང་ཀྲུང་དབྱང་གི་ཚོགས་ཆེན་བདུན་པའི་ཚོགས་གནས་དང་ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུ་འཚོགས་ཡུལ་ཁག་གཉིས་ལྟ་སྐོར་བྱེད་སར་གྱུར་ཡོད། ཚོགས་རའི་རྒྱབ་ཕྱོགས་སུ་རི་བོ་ཆུང་ཆུང་ཞིག་ཡོད་པའི་ལྡེབས་སུ་ས་དོང་སྟར་བ་ཞིག་ཡོད་པ་དེ་ནི་མའོ་ཙེ་ཏུང་དང་ཀྲུའུ་ཏེ། ཀྲོའུ་ཨེན་ལའེ་སོགས་འགོ་ཁྲིད་བློ་མཐུན་ཚོའི་དེ་སྔའི་བཞུགས་གནས་ཡིན།
      ང་ཚོ་ཡན་ཨན་དུ་བསྐྱོད་ཚེ། ཡན་ཨན་གྱི་སྙིང་སྟོབས་དེ་ཏང་ཀྲུང་དབྱང་གི་མའོ་ཀྲུའུ་ཞིས་ཡན་ཨན་དུ་ལོ13རིང་བཞག་པའི་གསར་བརྗེའི་རྗེས་ཤུལ་འབོར་ཆེན་དང་། ཡན་ཨན་དུ་ལོ13རིང་བཞག་པའི་འོད་ཟེར་སྟོང་ལྡན་གྱི་གསུང་རྩོམ་མང་བོ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ་རྒན་རབས་ཚོའི་བྱ་སྤྱོད་དངོས་བཅས་ཀྱི་ཁྲོད་དུ་མངོན་ཡོད།
འབྲེལ་ཡོད་འོས་སྦྱོར།