logo

ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་གསར་འགྱུར་དྲ་བ། དུས་ཚོད།:2021-08-19 ཀློག་གྲངས།:
ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས།
     ཟླ8པའི་ཚེས18ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་ཁུལ་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་འཚོགས།ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིས་ཀང་དང་ཀརྨ་ཕུན་ཚོགས། ཧྲི་ཅན་ཕིང་། ཁྲིན་ཧྲུའུ་ཧྲན། མ་ཅན་ཧོང་། ཅིན་ཡོང་ཅེ། ཧྥན་རོན་ཡོན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་པ་དང་། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པའི་འཐུས་མི་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྟེང་ཞུགས་དགོས་པའི་འཐུས་མི253ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི248ཡོད།
     སྔ་དྲོའི་དུས་ཚོད་དགུའི་སྟེང་། ཀརྨ་མ་ཕུན་ཚོགས་ཀྱིས་ཚོགས་ཆེན་འཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་འཐུས་མི་ཡོངས་ཡར་ལངས་ནས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།
ལིས་ཀང་གིས་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་འདུར་སྙན་ཞུ་ཕུལ།
ཀརྨ་ཕུན་ཚོགས་ཀྱིས་ཚོགས་འདུར་མགོ་འཛིན་མཛད།
     ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་ལས་དོན་ལ་རྟོག་ཞིབ་གནང་བའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས་འབད་འབུངས་ཡར་བརྩོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཁྱོན་ཡངས་པའི་གུང་ཧོ་གཤོང་ས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་མི་དམངས་ལ་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་གཏོད་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་དེ་རེད།
     སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ལིས་ཀང་གིས་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ《དུས་རབས་ཀྱི་འགན་འཁྲི་ཕྲག་སྟེང་དུ་བླངས་ནས་འབད་འབུངས་ཡར་བརྩོན་གྱིས་ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ལ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་གི་འཚོ་བ་གསར་བ་བསྐྲུན་ཆེད་འབད་བརྩོན་ལྷུར་ལེན་བྱེད་དགོས།》ཞེས་པ་བརྗོད་བྱ་ཡིན་པའི་སྙན་ཞུ་ཕུལ།
   སྙན་ཞུ་དེ་ལ་འདས་པའི་ལོ་ལྔའི་རིང་གི་བྱ་བ་དང་བློ་འབྱེད་ཉམས་མྱོང་། སླད་ཕྱིན་ལོ་ལྔའི་མཛུབ་སྟོན་བསམ་བློ་དང་འབད་འཐབ་དམིགས་འབེན།འགན་འཁྲིའི་འཁུར་སེམས་ཆེ་རུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ཁྱད་ལྡན་ལེགས་ཆ་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་སྤུས་མཐོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། ཐོག་མའི་བསམ་འདུན་བརྟན་པོར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་འདུན་རྒྱུན་ཆད་མེད་པར་སྐོང་བ། ཡུན་རིང་བདེ་འཁོད་ལ་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས་ཏེ་ཁྱོན་ཡངས་པའི་གུང་ཧོ་གཤོང་ས་དར་རྒྱས་ཡོང་བར་འགན་ལེན་བརྟན་པོ་བྱེད་དགོས་པ་བཅས་ཕྱོགས་བདུན་དུ་བགོས་ཡོད།
      ཚོགས་ཆེན་སྟེང་ངོས་འཛིན་བྱས་དོན།འདས་ཟིན་པའི་ལོ་ལྔའི་རིང་ནི་རྙོག་འཛིང་ཆེ་བའི་སྤྱི་ཁོག་ཁོར་ཡུག་དང་། སྔར་བྱུང་མ་མྱོང་བའི་ཉེན་ཁ་དང་འགྲན་སློང་།ཏོག་གསར་གློ་ཚད་རིམས་ནད་ཀྱི་བརྡབ་གསིག་ཆེན་པོ་ཕོག་པ་བཅས་ཀྱི་མདུན་དུ། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག  ཁུལ་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་གཏིང་ཟབ་བྱས་པ་དང་།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་ཧུར་ཐག་གཏོང་བ་སྤྱི་འདོམས་སུ་བྱས་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་བྱས་པར་བརྟེན། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་གཅིག་སྡུད་འཕེལ་རྒྱས་སྔོན་སྐྱོད་ཁུལ་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་བླངས་པ་དང་། ཁུལ་ཨུའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པར་བྱས་ཏེ་རང་ཁུལ་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་གི་འོད་སྟོང་འབར་བའི་ལེའུ་ཞིག་བརྩམས་ཡོད།
      སྙན་ཞུ་ལས་སླད་ཕྱིན་ལོ་ལྔའི་རིང་གི་ཁུལ་ཡོངས་ཀྱི་བྱ་བའི་མཛུབ་ཁྲིད་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས།ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་།གསུམ་པ།བཞི་བ།ལྔ་བ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་།“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་ཁྱབ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ།འཕེལ་རྒྱས་ཀྱི་དུས་རིམ་གསར་བར་དམིགས་པ་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར།འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བའི་ནང་འདྲེས་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་བླང་བྱ་གལ་ཆེན་མཛུབ་ཁྲིད་དུ་འཛིན་པ།“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“བདེ་འཇགས་གསུམ”གྱི་འཐབ་ཇུས་ངེས་གནས་ཁོང་དུ་ཆུད་པ།བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས།རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་འཆར་འགོད།འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད།དུས་བསྟུན་མདུན་སྐྱོད་ཀྱིས་ཞིང་ཆེན་ཏང་ཨུའི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དངོས་འབེབས།མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐབས་ལམ་དུ་བྱེད་པ།སྒྱུར་བཅོས་སྒོ་འབྱེད་སྒུལ་ཤུགས་སུ་བྱེད་པ།“ཐོན་ལས་ཆེན་པོ་བཞི”འཐེན་ཤུགས་སུ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ། ཁྱོན་ཡངས་པའི་གུང་ཧོ་གཤོང་ས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་ལ་སྔར་བས་བདེ་སྐྱིད་ལྡན་པའི་མཛེས་སྡུག་གི་འཚོ་བ་གསར་བ་བསྐྲུན་རྒྱུ་དེ་ཡིན།
     སྙན་ཞུ་ལས་སླད་ཕྱིན་ལོ་ལྔའི་རིང་གི་འབད་འཐབ་དམིགས་ཡུལ་གཙོ་བོ་ནི།དར་རྒྱས་གཅིག་མངོན་འགྱུར་བྱེད་དགོས་པ་སྟེ། ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་དར་རྒྱས་མངོན་འགྱུར་བྱེད་པ། འགག་སྒྲོལ་གཉིས་བརྩོན་ལེན་བྱེད་དགོས་པ་སྟེ། ས་གནས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དེ་སྙེག་བརྒལ་རིམ་སྤོར་གྱི་ཐད་ནས་འགག་སྒྲོལ་ཐུབ་པར་བྱེད་པ་དང་།  ས་ཁོངས་འགྲན་རྩོད་ཀྱི་ལེགས་ཆ་དེ་གདང་འདེགས་རིམ་སྤར་གྱི་ཕྱོགས་ནས་འགག་སྒྲོལ་ཐུབ་པར་བྱེད་པ། དཔེ་མཚོན་གསུམ་གཏོད་དགོས་པ་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་མཚོ་ལྷོའི་དཔེ་མཚོན་གཏོད་དགོས་པ།བོད་འབྲེལ་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོ་ལྷོའི་དཔེ་མཚོན་གཏོད་དགོས།མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་བཅོས་སྐྱོང་གི་མཚོ་ལྷོའི་དཔེ་མཚོན་གཏོད་དགོས། མདུན་གྲལ་དུ་སྐྱོད་རྒྱུ་བཞི་ལ་སྐུལ་འདེད་གཏོང་དགོས་པ་སྟེ། ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ཁྲོད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་གང་ཐུབ་བྱེད་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ཁྲོད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་གང་ཐུབ་བྱེད་དགོས།ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་ཁྲོད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་གང་ཐུབ་བྱེད་དགོས།གཞི་གྲངས་ཆེན་མོའི་ཐོན་ལས་ལག་བསྟར་བྱེད་པའི་གྲངས་འཛིན་དཔལ་འབྱོར་རྒྱ་སྐྱེད་དང་སྣུར་སྲིང་བྱེད་པའི་ཕྱོགས་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་གང་ཐུབ་བྱེད་དགོས། མངོན་གསལ་ཀྱི་མཐོར་འདེགས་འབྱུང་བ་ལྔ་ལ་སྐུལ་འདེད་གཏོང་དགོས་པ་སྟེ།རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་དང་།དམངས་ཚིས་འགན་སྲུང་བྱེད་ནུས། སྤྱི་བའི་ཞབས་ཕྱིའི་ཆུ་ཚད། སྒྱུར་བཅོས་སྒོ་འབྱེད་བྱེད་ཤུགས།ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཕན་འབྲས་བཅས་ལ་མཐོར་འདེགས་མངོན་གསལ་ཡོང་བར་བྱེད་དགོས།སྙན་ཞུ་ལས་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་བླང་བྱ་གསར་བ་བཏོན་ལ། གཅིག་ནི་འགན་འཁྲིའི་འཁུར་སེམས་ཆེ་རུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ།གཉིས་ནི་ཁྱད་ལྡན་ལེགས་ཆ་ཆེ་རུ་བཏང་ནས།འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་སྤུས་མཐོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། གསུམ་ནི་ཐོག་མའི་བསམ་འདུན་བརྟན་པོར་བྱས་ཏེ།མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་སྐོང་བ། བཞི་ནི་ཡུན་རིང་བདེ་འཁོད་ལ་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ལྔ་ནི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས་ཏེ་ཁྱོན་ཡངས་པའི་གུང་ཧོ་གཤོང་ས་དར་རྒྱས་ཡོང་བར་འགན་ལེན་བརྟན་པོར་གཏོང་བ་དེ་ཡིན།
      སྙན་ཞུ་ལས་སླད་ཕྱིན་ལོ་ལྔའི་རིང་གི་འབད་འཐབ་དམིགས་ཡུལ་གཙོ་བོ་ནི། དར་རྒྱས་གཅིག་མངོན་འགྱུར་བྱེད་དགོས་པ་སྟེ། ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་དར་རྒྱས་མངོན་འགྱུར་བྱེད་པ། འགག་སྒྲོལ་གཉིས་བརྩོན་ལེན་བྱེད་དགོས་པ་སྟེ། ས་གནས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དེ་སྙེག་བརྒལ་རིམ་སྤོར་གྱི་ཐད་ནས་འགག་སྒྲོལ་ཐུབ་པར་བྱེད་པ་དང་།  ས་ཁོངས་འགྲན་རྩོད་ཀྱི་ལེགས་ཆ་དེ་གདང་འདེགས་རིམ་སྤར་གྱི་ཕྱོགས་ནས་འགག་སྒྲོལ་ཐུབ་པར་བྱེད་པ། དཔེ་མཚོན་གསུམ་གཏོད་དགོས་པ་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་མཚོ་ལྷོའི་དཔེ་མཚོན་གཏོད་དགོས་པ། བོད་འབྲེལ་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོ་ལྷོའི་དཔེ་མཚོན་གཏོད་དགོས།མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་བཅོས་སྐྱོང་གི་མཚོ་ལྷོའི་དཔེ་མཚོན་གཏོད་དགོས། མདུན་གྲལ་དུ་སྐྱོད་རྒྱུ་བཞི་ལ་སྐུལ་འདེད་གཏོང་དགོས་པ་སྟེ། ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ཁྲོད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་གང་ཐུབ་བྱེད་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ཁྲོད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་གང་ཐུབ་བྱེད་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་ཁྲོད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་གང་ཐུབ་བྱེད་དགོས། གཞི་གྲངས་ཆེན་མོའི་ཐོན་ལས་ལག་བསྟར་བྱེད་པའི་གྲངས་འཛིན་དཔལ་འབྱོར་རྒྱ་སྐྱེད་དང་སྣུར་སྲིང་བྱེད་པའི་ཕྱོགས་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་གང་ཐུབ་བྱེད་དགོས། མངོན་གསལ་ཀྱི་མཐོར་འདེགས་འབྱུང་བ་ལྔ་ལ་སྐུལ་འདེད་གཏོང་དགོས་པ་སྟེ།རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་དང་། དམངས་ཚིས་འགན་སྲུང་བྱེད་ནུས། སྤྱི་བའི་ཞབས་ཕྱིའི་ཆུ་ཚད། སྒྱུར་བཅོས་སྒོ་འབྱེད་བྱེད་ཤུགས།ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཕན་འབྲས་བཅས་ལ་མཐོར་འདེགས་མངོན་གསལ་ཡོང་བར་བྱེད་དགོས།
     སྙན་ཞུ་ལས་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་བླང་བྱ་གསར་བ་བཏོན་ལ། གཅིག་ནི་འགན་འཁྲིའི་འཁུར་སེམས་ཆེ་རུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་འགན་འཁྲི་མཐའ་གཅིགསྣོན་བྱས་ཏེ་ཁྱོན་ཡངས་པའི་གུང་ཧོ་གཤོང་ས་དར་རྒྱས་ཡོང་བར་འགན་ལེན་བརྟན་པོར་གཏོང་བ་དེ་ཡིན།སྙན་ཞུ་ལས་ཁྱོན་ཡངས་པའི་གུང་ཧོ་གཤོང་ས་དར་རྒྱས་ཡོང་བ་མངོན་འགྱུར་བྱེད་པར་ཕྱོགས་གང་ཅིའི་ཧུར་སེམས་རང་བཞིན་དང་།རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ཐུབ་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།ཁྲིམས་ལྟར་ཁུལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བྱེད་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་གིས་བློ་གཅིག་སེམས་གཅིག་དང་། བློ་སེམས་གཅིག་མཐུན་བཅས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ནས། སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དམིགས་པ་དང་ཡར་བརྩོན་ལྷུར་ལེན་གྱི་འགྲུལ་བཞུད་གསར་བར་བརྩོན་དགོས།ཏང་ཨུའི་མགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།ཏང་གིས་བྱ་བ་ཡོངས་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས།ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས།མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ནས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས།ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།མི་དམངས་སྲིད་གྲོས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་དང་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བྱས་ཏེ། དམངས་གཙོའི་ཏང་ཤོག་དང་།ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ།བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་དགོས།  མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བཟོ་ཚོགས་དང་།གུང་གཞོན་ཚོགས་པ།བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་འགན་ནུས་སྒྲུབ་པ་དང་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས།བློ་རྩེ་གཅིག་སྒྲིམ་གྱིས་ལས་བྱེད་པ་རྒན་གྲས་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས། ཁྲིམས་ལྟར་ཁུལ་སྐྱོང་བའི་འཕེལ་རིམ་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱས་ཏེ་སྔར་ལས་ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་མཚོ་ལྷོ་འཛུགས་སྐྲུན་བྱེད་དགོས།གོམ་གང་མདུན་སྤོས་ཀྱིས་གཞི་རིམ་གྱི་དམངས་གཙོ་རྒྱ་བསྐྱེད་དེ་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་དང་ཁེ་ལས།ལས་དོན་སྡེ་ཚན་གྱི་དམངས་གཙོའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།ཏང་གིས་དྲག་ཆས་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་།མཉམ་སྤྱོད་མཉམ་སྐྲུན་གཏིང་ཟབ་བྱས་ཏེ་དམག་དམངས་མཉམ་འདྲེས་གཏིང་ཟབ་ཏུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད།
 
འབྲེལ་ཡོད་འོས་སྦྱོར།