ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་མཇུག་སྒྲིལ།
རྩོམ་པ་པོ།:བསོད་ནམས་བཀྲ་ཤིས།
ཡོང་ཁུངས།: མཚོ་ལྷོ་གསར་འགྱུར་དྲ་བ།
དུས་ཚོད།:2021-08-23
ཀློག་གྲངས།:
ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་མཇུག་སྒྲིལ།

ཐེངས་འདིའི་ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི253ཡོད་པ་དང་དངོས་སུ་ཞུགས་ཡོད་པའི་འཐུས་མི250ཡོད་པས་གཏན་འཁེལ་མི་གྲངས་དང་མཐུན། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག་ཚོགས་འདུར་ཞུགས་མཁན་འཐུས་མིས་མིང་མི་འགོད་པའི་འདེམས་ཤོག་འཕེན་སྟངས་བརྒྱུད་དེ། སྐབས་བཅུ་བཞི་བའི་ཁུལ་ཨུའི་ཨུ་ཡོན41དང་རྗེས་སྣོན་ཨུ་ཡོན8། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན25བདམས་ཐོན་བྱུང་བ་དང་།《ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྙན་ཞུའི་སྐོར་གྱི་གྲོས་ཆོད》དང《ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་།
ཚོགས་འདུའི་གྲོས་རིམ་སོ་སོ་ལེགས་འགྲུབ་བྱུང་རྗེས། བློ་མཐུན་ལིས་ཀང་གིས་གཏམ་བཤད་གནང་། ཁོང་གིས་བསྟན་དོན། ཁུལ་གྱི་ཐེངས་བཅུ་བཞི་བའི་ཏང་གི་འཐུས་མི་ཚོགས་ཆེན་ནི་ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་ཞུས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”མགོ་འཛུགས་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་བསྐྱོད་ལམ་བུ་གསར་པ་གཏོད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན། ཚོགས་འདུའི་ཐོག་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་འཚོགས་ཚུན་ལ་ཐོབ་པའི་གྲུབ་འབྲས་གཙོ་བོ་དང་གཞི་རྩའི་ཉམས་མྱོང་ཕྱོགས་བསྡོམས་ཕྱིར་དྲན་བྱས་པ་དང་། མདུན་དུ་ལྷགས་པའི་གནས་བབ་གསར་པ་དང་གོ་སྐབས་གསར་པ། འགྲན་སློང་གསར་པ་བཅས་ལ་དབྱེ་ཞིབ་བྱས་ཤིང་། མཚོ་ལྷོ་ཁུལ་གྱི་མ་འོངས་པའི་ལོ་ལྔའི་ནང“དར་རྒྱས་གཅིག་མངོན་འགྱུར་བྱེད་པ་དང་། འགག་སྒྲོལ་གཉིས་བརྩོན་ལེན་བྱེད་པ། དཔེ་མཚོན་གསུམ་བཏོད་དགོས་པ། མདུན་གྲལ་དུ་བསྐྱོད་རྒྱུ་བཞི་ལ་སྐུལ་འདེད་གཏོང་བ། མངོན་གསལ་གྱི་མཐོར་འདེགས་འབྱུང་བ་ལྔ་ལ་སྐུལ་འདེད་གཏོང་བ།”བཅས་ཀྱི་འབད་འཐབ་དམིགས་འབེན་དང་ལས་འགན་གཏན་འཁེལ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ཞིང་། ཚོགས་འདུའི་ཐོག་བཏོན་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་པ་དང་། བསམ་བློ་གཅིག་གྱུར་དང་སེམས་ནུས་གཅིག་སྒྲིལ། སྙིང་སྟོབས་ཆེར་བསྐྱེད་དང་སྔ་འཛིན་ཕྱི་གཏོད་ཀྱི་ཚོགས་ཆེན་ཞིག་ཡིན་པས་མཚོ་ལྷོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་བྱ་བ་སོ་སོར་གལ་འགངས་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས་རེད།
ལིས་ཀང་གིས་ནན་གྱིས་བསྟན་དོན། མ་འོངས་པའི་ལོ་ངོ་ལྔ་ནི་མཚོ་ལྷོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་དང་། ཁྱོན་ཡོངས་ནས“ལོ་བརྒྱ་གཉིས”ཀྱི་དམིགས་འབེན་ལ་འབད་བརྩོན་བྱེད་པའི་འཐབ་ཇུས་གསར་བ་ཞིག་མགོ་རྩོམ་པའི་གནད་འགག་གི་ལོ་ལྔ་ཡིན་སྟབས། སྐབས་གསར་བའི་ཁུལ་ཨུས་ཞི་ཅིན་ཕིང་གི་བརྩེ་སེམས་དང་ཐུགས་ཁུར་ལ་གཅེས་སྤྲས་བྱེད་པ། ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ལ་གཅེས་སྤྲས་བྱེད་པ། རྒྱལ་ཁབ་བདེ་འཇགས་ཀྱི་རྣམ་པ་བཟང་བོར་གཅེས་སྤྲས་བྱེད་པ། ཁུལ་ཨུས་སྐབས་སྔོན་མ་དག་ལ་བཏིངས་བའི་རྨང་གཞི་བརྟན་པོར་གཅེས་སྤྲས་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱི་བརྩེ་བ་དང་ཡིད་ཆེས་ཟབ་མོར་གཅེས་སྤྲས་བྱེད་དགོས་པར་མ་ཟད། ཞིང་ཆེན་ཏང་ཨུའི་སྣེ་ཁྲིད་བཟང་བོའི་འོག་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཟུང་སྟེ། རང་འགུལ་སྒོས་མཚོ་ལྷོའི་འཕེལ་རྒྱས་ཀྱི་འགན་འཁྲི་ཁྲག་ཏུ་བླངས་ནས་མཚོ་ལྷོའི་ལས་དོན་ཁག་གི་འཕེལ་རྒྱས་ལ་ནུས་ཤུགས་འདོན་པའི་རྣམ་པ་གསར་བ་ཆགས་སུ་འཇུག་དགོས།

དེ་མིན་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཡོངས་ཀྱི་ཕྱོགས་སོ་སོའི་བརྩོན་ཤུགས་དང་གསར་གཏོད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚོགས་ཆེན་གྱི་བཀོད་འདོམས་ལག་བསྟར་ཞིབ་ཕྲ་དང་ལག་བསྟར་དོན་དངོས་ཡོང་བར་སྐུལ་འདེད་དང་། ཏང་གི་འཐུས་མི་ཡོངས་དང་སྒོས་སུ་རིམ་པ་སོ་སོའི་ཏང་ཡོན་མགོ་ཁྲིད་ལས་བྱེད་ཀྱིས་ལས་གནས་ཀྱི་འགན་འཁྲི་ཡིད་ལ་བརྟན་པོར་བཟུང་ནས་ལས་དོན་ཁག་གི་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་བཟང་བོ་ཞིག་ཐོན་པར་འབད་བརྩོན་བྱ་དགོས།

དམངས་ཕན་གྱི་འདུ་ཤེས་ཆེ་རུ་གཏོང་བར་སྣེ་ཁྲིད་དེ། “རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ”ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་སུ་བཅུག་སྟེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ལ་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་དུ་འཇུག་པ་དང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ཀྱི་སྤྲོ་དགའི་ཉམས་སྣང་མཐོ་རུ་གཏོང་དགོས། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཆེ་རུ་གཏོང་བར་སྣེ་ཁྲིད་དེ།“རྒྱལ་ཁབ་ཆེན་པོ”ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་པའི་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་བ། ཆབ་སྲིད་ལག་བསྟར་བྱེད་པའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་གུང་ཁྲན་ཏང་མིའི་སྔོན་ཐོན་རང་བཞིན་ནམ་ཡང་མི་ཉམས་པར་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏན་འཇགས་ཀྱི་སྣེ་ཁྲིད་ཁ་ཕྱོགས་དང་། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད། ཁུལ་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་རྣམས་ཀྱིས་ཐུན་མོང་གིས་འབད་བརྩོན་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་པ་བཅས་ཡོད་པས། ང་ཚོས་ཏང་གི་འཐུས་མིའི་ཚོགས་ཆེན་ཐོག་བཀོད་པའི་འཆར་གཞི་དེ་དོན་དངོས་སུ་བསྒྱུར་ནས་མི་རིགས་ཁག་གི་མི་དམངས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་མཛེས་སྡུག་གི་འཚོ་བ་ཞིག་བསྐྲུན་དགོས།།
འབྲེལ་ཡོད་འོས་སྦྱོར།