logo

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་གསར་འགྱུར་དྲ་བ། དུས་ཚོད།:2021-08-24 ཀློག་གྲངས།:
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས།
          ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་དེ་ཟླ8པའི་ཚེས22ཉིན་གྱི་ཕྱི་དྲོར་ཁུལ་གྲོས་ཚོགས་ལྟེ་གནས་སུ་འཚོགས། སྐབས་བཅུ་གསུམ་པའི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རེན་ཅན་མིང་། ཀུན་བཟང་པདྨ་རྣམ་རྒྱལ། དཔལ་ལྡན། དྲུང་ཡིག་ཆེན་མོ་སང་ཁྲེང་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཀུའེ་ལེན་གྱིས་ཚོགས་འདུར་མགོ་འཛིན་མཛད། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཚེ་རིང་དང་ཏང་ཙུའུ་ཁོངས་མི་བསོད་ནམས་སྐྱིད་ཚོགས་འདུར་ཞུགས།
      ཚོགས་འདུ་ལས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ། ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་མགོ་འཛིན་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོ། ཚོགས་འདུའི་གྲོས་རིམ་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་ཆོད་བྱུང་ཞིང་། དེ་མིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཚོགས་འདུའི་ཉིན་རེའི་ལས་རིམ་དང་ཚོགས་འདུའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མིང་ཐོར་གྲོས་ཞིབ་བྱས་ཏེ་གྲོས་ཆོད་བྱུང་།
    ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་ལས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་ལས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་མགོ་འཛིན་པའི་མིང་ཐོར་གྲོས་ཞིབ་བྱས་ཏེ་གྲོས་ཆོད་བྱུང་ཞིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་ལས་ཐེངས་སོ་སོའི་གྲོས་ཚོགས་ཡོངས་ཀྱི་ལག་བསྟར་ཀྲུའུ་ཞི་དང་མགོ་འཛིན་པའི་མིང་ཐོར་གྲོས་ཞིབ་བྱས་ཏེ་གྲོས་ཆོད་བྱུང་ལ། དེ་མིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་ལས་ཚན་ཁག་དགར་བའི་བྱེད་ཐབས་དང་ཚན་ཁག་སོ་སོའི་མི་སྣ་བསྡུ་བའི་མིང་ཐོ། དྲུང་ཡིག་གཞོན་པའི་མིང་ཐོ་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་ཆོད་བྱུང་།
འབྲེལ་ཡོད་འོས་སྦྱོར།