logo

ལིས་ཀང་ཁུལ་སྲིད་གྲོས་སྐབས14བའི་ཚོགས་འབྲེལ་གྲོས་ཞིབ་ལ་ཞུགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་གསར་འགྱུར་དྲ་བ། དུས་ཚོད།:2021-09-03 ཀློག་གྲངས།:
ལིས་ཀང་ཁུལ་སྲིད་གྲོས་སྐབས14བའི་ཚོགས་འབྲེལ་གྲོས་ཞིབ་ལ་ཞུགས།
ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་དཔལ་འབྱོར། ཞིང་ལས་ཁག་གི་ཚོགས་པའི་གྲོས་ཞིབ་ལ་ཞུགས།
       བློ་མཐུན་ལིས་ཀང་གིས་མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་དཔལ་འབྱོར། ཞིང་ལས་བཅས་ལས་རིགས་མཉམ་འབྲེལ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོར་བཏང་ནས་ཕྱོགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་བཏང་སྟེ་གུང་ཧོ་གཤོང་ས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་ཤུགས་འདོན་དགོས་ཞེས་ནན་བཤད་གནང་བ།
    ཟླ8ཚེས25ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཁང་དང་དཔལ་འབྱོར། ཞིང་ལས་བཅས་ལས་རིགས་ཚོགས་པ་ཁག་བགོས་ཀྱི་གྲོས་ཞིབ་ནང་ཞུགས་པ་རེད།
      ལིས་ཀང་གིས་ཐེངས་འདིའི་སྲིད་གྲོས་ཚོགས་ཆེན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་བསྐྱོད་ལམ་བུ་གསར་བ་ཞིག་བཏོད་པ་དང་། གུང་ཧོ་གཤོང་སར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་རྒྱུས་ཀྱི་དུས་མཚམས་སུ་འཚོག་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཁུལ་སྲིད་གྲོས་ཀྱི་ལས་དོན་སྙན་ཞུའི་ནང་ཚོགས་ཆེན་ལ་ཕུན་སུམ་ཚོགས་པའི་སྦྱངས་འབྲས་རེའུ་མིག་དང་། བློ་བརྟན་འགྱུར་མེད་ཀྱི་བསྒྲགས་གཏམ་ཡིག་ཆ། ལས་འགན་དཔེ་རིས་གསལ་བོ་བཅས་ཕུལ་ཡོད།  ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བ་དང་། གྲུབ་འབྲས་དངོས་ལ་ཕྱོགས་བསྡོམས། གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། དུས་བབ་འཛིན་སྟངས་ཡང་དག་བྱེད་པ། བསམ་ཕྱོགས་དང་ཁ་ཕྱོགས་གསལ་བ། བྱ་ཐབས་ལས་འགན་ཁ་གསལ་བ། བརྗོད་དོན་ཁ་གསལ་བ། ལས་འགན་ཏན་ཏིག་བསྒྲུབ་པ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ནི་ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་དང་། དུས་རབས་གསར་བའི་སྲིད་གྲོས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་ཁོང་དུ་ཆུད་པ། དུས་རབས་གསར་བའི་སྲིད་གྲོས་ལས་དོན་གྱི་འགན་འཁྲི་འཁུར་སེམས་མཚོན་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད།
      ལིས་ཀང་གིས་བསྟན་དོན། ལོ་ལྔའི་རིང་ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་ཀྱིས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁུལ་ཡོངས་སུ་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གཙང་གསུམ་འབྱུང་ཁུངས་ལྗང་མདོག་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ཀྱི་སྔོན་བསྐྱོད་ཁུལ་འཛུགས་སྐྲུན་དམིགས་ཚད་མངོན་འགྱུར་བྱེད་པའི་ཁྲོད་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་། དཀའ་སྤྱད་འབད་བརྩོན་བྱས་པའི་ནང་ཨུ་ཡོན་རྣམ་པ་ཚོའི་བློ་གྲོས་དང་སེམས་ཤུགས་གཅིག་ཏུ་འདུས་ཡོད། ལྷག་པར་དུ“དོན་དག་ཡོད་ན་གྲོས་བསྡུར་ཡག་པོ་བྱེད་པའི”གྲོས་མོལ་བྱེད་པའི་སྟེགས་བུ་བསྐྲུན་ནས་མང་ཚོགས་ཀྱི་ཉེ་འགྲམ་དུ“ཉེན་ཁ་དང་དཀའ་ངལ་ལ་སེམས་ཁྲལ་དང་རེ་སྒུག་བྱེད་པའི”གནད་དོན་ཁག་ཅིག་ཐག་གཅོད་བྱེད་པར་གདེང་འཇོག་ཐོབ་ཡོད། “ལྔའི་བཅུ་གསུམ་པའི”རིང་ཁུལ་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཁང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཚོ་ལྷོའི་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་ནས་རང་སྐྱོང་ཁུལ་གྱི་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི་འཛུགས་སྐྲུན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་པས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་པ་དང་། མཚོ་ལྷོའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
      ལིས་ཀང་གིས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་བྱས་ནས་མཚོ་ལྷོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་རྒྱ་ཆེའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་ཚུད་པའི་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་བློ་གྲོས་སྟོབས་ཤུགས་སྔར་བས་རྒྱ་ཁྱབ་ངང་གཅིག་ཏུ་བསྡུ་དགོས་ཞེས་ནན་བཤད་གནང་སྟེ།
      གཅིག་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོར་གཏོང་དགོས། ད་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་གསུང་བཤད་གལ་ཆེན་གནང་ནས་མཚོ་སྔོན་གྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་རེ་བ་ཆེན་པོ་གནང་བ་མ་ཟད། ལྷག་པར་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། “བདེ་འཇགས་གསུམ”གྱི་འཐབ་ཇུས་ཀྱི་གནས་ངེས། “ས་ཁུལ་བཞིའི”འཛུགས་སྐྲུན་སོགས་ཀྱི་བླང་བྱ་གལ་ཆེན་བཏོན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གོ་སྐབས་གསར་བ་ཐོབ་ཡོད། དམངས་གཉེར་ཁེ་ལས་པས་མིག་སྔའི་མཚོ་ལྷོའི་དཔལ་འབྱོར་འཕེལ་ཕྱོགས་བཟང་བོར་ངོས་འཛིན་གང་ལེགས་བྱས། བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་གསར་བསྒྱུར། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ་རང་རྟོགས་ངང་གཙོ་འཛིན་གྱི་བསམ་བློ་དང་ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྲོད་བསམ་ཕྱོགས་དང་གཞི་འཛིན་ས། བྱ་ཐབས་བཅས་འཚོལ་བ་དང་། རང་ངོས་འཕེལ་རྒྱས་ཀྱི་གོ་སྐབས་དང་ཁ་ཕྱོགས། མདུན་ལམ་བཅས་འཚོལ་བ། དུས་བབ་དང་བསྟུན་ནས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་གསར་བ་འབུལ་དགོས་ཞེས་གསུངས་པ་རེད། 
      གཉིས་ནས་ཚུལ་སྒྱུར་རིམ་སྤར་ཇེ་མགྱོགས་སུ་གཏོང་དགོས། ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཁག་ལ་དམིགས་ནས། ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྣེ་ཁྲིད་ཁུལ་དང་།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་སྔོན་བསྐྱོད་ཁུལ་དང་།ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བཅས་ཀྱི་དཔེ་སྟོན་ཁུལ་དུ་བཏོད་པ། ཐབས་ལམ་གསར་བ་འཚོལ་བ།བྱེད་ཐབས་ངོ་མ་འདོན་པར་ཤུགས་རྒྱག་པ། དམའ་རིམ་ལས་སྣོན་དེ་ལག་རྩལ་ཡོད་པ་དང་།སྤུས་རྟགས་ཡོད་པ།རང་བདག་གི་ཤེས་བྱའི་ཐོན་དབང་ཡོད་པ་བཅས་ཀྱི་རྩེར་སོན་བཟོ་སྐྲུན་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཐོན་རྫས་ཀྱི་རིན་ཐང་འབྲེལ་ཐག་སྣུར་སྲིང་བྱེད་པ།ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་ཞུགས་ནས་རང་ངོས་གྱི་སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་ཆེར་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་ཆེད་མུ་མཐུད་ནུས་པ་གསར་བ་འདོན་དགོས་ཞེས་གསུངས་པ་རེད།
      གསུམ་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། ཁུལ་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་དང་ཁུལ་གྱིས་བཏོན་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། ཁྲིད་སྟོན་བྱེད་པའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་ནན་ཏན་བྱས་ནས་རིམ་ཁག་སྲིད་གཞུང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་མུ་མཐུད་དུ་དོན་འཁྱོལ་ཡག་པོ་བྱས་ཏེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་དང་།རྒྱབ་སྐྱོར། ཁྲིད་སྟོན་བཅས་ཧུར་ཐག་བྱས་པ་རེད། སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས་རྒྱུན་མི་ཆད་པར་སྤེལ་ནས་ཞིབ་བཤེར་ཆོག་མཆན་འགོད་རིམ་ཇེ་ལེགས་སུ་གཏོང་བ་དང་། ཞིབ་བཤེར་ཆོག་མཆན་འགོད་པའི་དོན་དག་ཇེ་ཉུང་དུ་གཏོང་བ། ཞིབ་བཤེར་ཆོག་མཆན་འགོད་པའི་དུས་བཀག་དོན་འཁྱོལ་ནན་མོ་བྱེད་པ། ཞིབ་བཤེར་ཆོག་མཆན་འགོད་པའི་དུས་ཚོད་ཇེ་ཐུང་དུ་གཏོང་བ། ཚོང་རར་ཞུགས་འཐུས་དང་ཞིབ་བཤེར་ཆོག་མཆན་འགོད་པའི་ཆོག་འཐུས། གཉེར་སྐྱོང་འཁོར་སྐྱོད། སྲིད་ཇུས་ཀྱི་རོགས་སྐྱོར་སོགས་ཀྱི་ཐད་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཚོད་འཛིན་བྱེད་པའི་བཀག་རྐྱེན་སྣ་ཚོགས་མཐའ་གཅིག་ཏུ་མེད་པར་བཟོ་བ།དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཞབས་ཞུའི་མ་ལག་འཛུགས་པ་བཅས་བྱས་ཏེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས།
      བཞི་ནས་འཕེལ་རྒྱས་ཀྱི་འགན་འཁྲི་ཡག་པོ་འཁུར་དགོས། དམངས་གཉེར་ཁེ་ལས་མཁས་པས་སྔ་གཞུག་བར་གསུམ་དུ་ཏང་དང་རྒྱལ་ཁབ་དང་མཉམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་རང་རྟོགས་ངང་འཁུར་བ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཧུར་ཐག་ངང་ཆེ་རུ་བཏང་སྟེ་རྒྱལ་ཁབ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་ཚིས་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་ཆེད་སྟོབས་ཤུགས་མང་ཙམ་འབུལ་དགོས་ཞེས་གསུངས་པ་རེད། མི་རྩ་བར་འཛིན་པའི་འདུ་ཤེས་བཟུང་སྟེ་རོགས་རམ་དང་སློབ་གསོ། སྨན་བཅོས། རིག་གནས། ལས་ཞུགས་སོགས་སྤྱི་ཚོགས་བྱ་གཞག་ནང་ཞུགས་ཏེ་རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། སྐྱེ་ཁམས་ཁོར་ཡུག སྤྱི་བའི་ཞབས་ཞུའི་སྒྲིག་བཀོད་བཅས་འཛུགས་སྐྲུན་ནང་ཞུགས་ནས་ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་ཏེ་སྤྱི་ཚོགས་མཐུན་སྒྲིལ་དང་གཞི་མཐུན་ཡོང་བ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་འོས་འགན་དང་ཁེ་ཕན་གྱི་ལྟ་བ་དར་སྤེལ་དུ་བཏང་ནས། “འོས་འགན་དང་ཁེ་ཕན་གཉིས་ཀར་ལྟ་རྟོག་དང་ །དྲང་བདེན་གཙོ་བོར་འཛིན་པའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྔར་ལས་ཕྱུག་པོར་གྱུར་ཏེ་ཡར་རྒྱས་ཡོང་བར་བསམ་བློ་གཏོང་བ་དང་། སྐྱོན་བྲལ་ངང་འཚར་ལོངས་ཡོང་བ། གཟི་བརྗིད་བྱ་གཞག་གི་སྙིང་སྟོབས་དང་ཤུགས་རྐྱེན་ཐེབས་པར་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་བཅས་ལ་འབད་བརྩོན་བྱེད་དགོས་ཞེས་བསྟན།
 
འབྲེལ་ཡོད་འོས་སྦྱོར།