logo

མཚོ་ལྷོ་ཁུལ་དམངས་ཆེན་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ལ་སློབ་སྦྱོང་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2021-11-23 ཀློག་གྲངས།:
        ཟླ11ཚེས15ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་ཆ་ཚང་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་རེན་མཱ་ཅན་ཧུང་གིས་ཚོགས་འདུར་མགོ་འཛིན་གནང་བ་རེད།
        ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐད་གཏམ་བཤད་སྤེལ་རེས་གནང་བ་རེད། གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ང་ཚོའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་ཡིན་ཞིང་། ཏང་དང་མི་དམངས་ཀྱིས་ལོ་ངོ་བརྒྱའི་རིང་གི་འབད་འཐབ་དམིགས་འབེན་དང་པོ་རྒྱལ་ཁའི་ངང་མངོན་འགྱུར་དང་། འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པར་བྱེད་པའི་ལོ་ངོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་ཀྱི་དམིགས་འབེན་སྒྲུབ་པའི་ལོ་རྒྱུས་ཀྱི་འགག་རྩར་བསྐྱོད་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའིཏང་གི་ལོ་བརྒྱའི་རིང་གི་འབད་འཐབ་ཀྱི་རླབས་ཆེན་གྲུབ་འབྲས་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོདལས“སྔོན་ཆད་ང་ཚོས་རྒྱལ་ཁ་ལེན་ཐུབ་དོན་དང་། མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་ད་གཟོད་མུ་མཐུད་དུ་རྒྱལ་ཁ་ལེན་ཐུབ་དོན”གསལ་སྟོན་ཟབ་མོ་བྱས་པ་དང་། ཏང་ཀྲུང་དབྱང་གིས་ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱེད་པའི་ངོས་འཛིན་གསར་པ་མཚོན་པ་དང་། འོད་སྟོང་འཕྲོ་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་ལ་གཏོད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པས། ཏང་ཡོངས་ཀྱི་བསམ་བློའི་ཐོག་གཅིག་གྱུར་དང་ཆབ་སྲིད་ཐོག་མཐུན་སྒྲིལ། བྱ་སྤྱོད་ཐོག་གཅིག་གྱུར་བཅས་ཡོང་རྒྱུར་སྐུལ་འདེད་བཏང་།
        ཚོགས་འདུའི་ཐོག་གཅིག་ནས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས། སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་རྣམ་པ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་དུས་ཐོག་ཏུ་སློབ་སྦྱོང་དང་བགྲོ་གླེང་བཅས་བྱས་ཏེ། ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ལྷག་རིང་གི་འབད་འཐབ་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་དང་དོན་སྙིང་རླབས་ཆེན། ཉམས་མྱོང་རླབས་པོ་ཆེ། འབད་བརྩོན་བྱེད་ཕྱོགས་བཅས་ལ་གོ་བ་ཟབ་མོ་བླངས་ཏེ། དེའི་ཁྲོད་ནས་འགག་སྒྲོལ་དཀའ་སེལ་དང་འབད་འཐབ་ཧུར་ཐག་བྱེད་པའི་བསམ་བློའི་བློ་གྲོས་དང་བསམ་པའི་འཚོ་བཅུད་བསྡུ་ལེན་དང་། ལྷག་པར་དུ་རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་ཐེངས་གཅིག་དང་སློབ་སྦྱོང་གཏིང་ཟབ། སློབ་སྦྱོང་མཐར་ཕྱིན་བྱེད་པ་བཅས་བྱས་ཏེ་དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།
        གཉིས་ནས་དོན་དངོས་དང་ཟུང་འབྲེལ་སྒོས་བསམ་བློ་གཏིང་ཟབ་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱ་རྒྱུ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱག་རྒྱུ་ཟུང་འབྲེལ། ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ། ཀྲུང་དབྱང་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་ཐོག་བཏོན་པའི་བསམ་བློ་གསར་པ་དང་རིགས་པའི་གཞུང་ལུགས་གསར་པ། བླང་བྱ་གསར་པ་བཅས་ལ་དམིགས་པ། ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་འབེན་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ལ་དམ་པོར་དམིགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་དང་། ལོ་འཁོར་གྱི་ལས་དོན་ཁག་ནུས་ཤུགས་གང་ཡོད་ཀྱིས་ལེགས་འཛིན་མཐའ་འཁྱོངས། སྤུས་ཚད་མཐོན་པོའི་ཐོག་ནས་སང་ལོའི་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་འཆར་འགོད་ཡག་པོ་བཅས་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་དེ་ལས་ཀར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱ་དགོས། 
        གསུམ་ནས་བྱ་ཐབས་གསར་གཏོད་བྱས་ནས་དོན་འཁྱོལ་ཡོང་བ་ལ་སྐུལ་འདེད་གཏོང་དགོས། ཏང་གི་མགོ་ཁྲིད་ཅེས་པའི་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་འདི་མཐའ་འཁྱོངས་བྱས་ཏེ།"རྒྱལ་ཁབ་ཆེན་པོ"ཞེས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལ་དམིགས་པ་དང་།"བདེ་འཇགས་གསུམ"དང"ས་ཁུལ་བཞི"འཛུགས་སྐྲུན་སོགས་སྐོར་གྱི་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གལ་ཆེན་ལ་དམིགས་པ། ཁུལ་ཨུ་ལྷན་གྱི"མ་དཔེ་གསུམ"བསྐྲུན་པ་དང་།"ཁུལ་ལྔ"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་ཀ་གཙོ་བོར་དམིགས་པ་བཅས་བྱས། མི་དམངས་འཐུས་ཚོགས་ལས་དོན་གྱི་འཇུག་སྒོ་དང་ཤུགས་རྒྱག་ས་སྔར་བས་གནད་ལ་འཁེལ་བའི་སྒོ་ནས་བཙལ་ཏེ་དེ་སྔོན་གྱི་བྱེད་ཐབས་བཟང་པོ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་ས་ཆ་གཞན་གྱི་ཉམས་མྱོང་བཟང་པོ་སློབ་སྦྱོང་ནན་ཏན་དང་དཔྱད་གཞིར་འཛིན་པ་དང་། ལས་ཀའི་བསམ་ཕྱོགས་གསར་གཏོད་བྱས་ཏེ་རང་འགན་གཙང་སྒྲུབ་དང་སྙིང་སྟོབས་འཕེལ་བ་བྱས་ནས་མི་དམངས་འཐུས་ཚོགས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་གུང་ཧོ་གཤོང་ས་ཆེན་པོ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་མི་དམངས་འཐུས་ཚོགས་སྐབས་གསར་བའི་ཚན་ཁག་གི་རྣམ་པ་གསར་པ་དང་གཟུགས་བརྙན་གསར་བ་མངོན་གང་ཐུབ་བྱེད་དགོས།
        ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དཔལ་ལྡན་དང་ཀེང་ཁྲེང་། མ་ཧྲའོ་ཧྥུ། ལི་སུང་སེན་བཅས་ཚོགས་འདུར་ཕེབས་པ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གསར་མཚོ་དང་དེ་བཞིན་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
འབྲེལ་ཡོད་འོས་སྦྱོར།