མཚོ་ལྷོ་ཁུལ་སྲིད་ཁྲིམས་ཨུས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་སློབ་སྦྱོང་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2021-11-23
ཀློག་གྲངས།:
ཟླ11ཚེས15ཉིན་ཁུལ་ཨུའི་སྲིད་ཁྲིམས་ཨུས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས"གཏན་འཁེལ་གཉིས"དང"ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྔ།""མཐའ་འཁྱོངས་བཅུ"སོགས་ལྟེ་བའི་ནང་དོན་ལ་དམིགས་ནས་ངོས་འཛིན་དང་གྲུབ་འབྲས། འགན་འཁུར། ཆོད་སེམས་མཚོན་པ་བཅས་གླེང་བ་རེད།
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཏང་དབུ་བཪྙེས་ནས་ལོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་ཡིན་པ་དང་། ཏང་དང་མི་དམངས་ཀྱིས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་བསྐྱོད་བཞིན་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་འཚོགས་པའི་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་། བསམ་བློ་གཏིང་ཟབ་པ། རྒྱས་བཤད་གནད་ལ་འཁེལ་བ་བཅས་བྱས་ཏེ་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་སྔར་ལས་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི«ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད»ཅེས་པ་ནི་མར་ཁེ་སིའི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། ཏང་ཡོངས་ཀྱིས་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་གསར་གཏོད་བྱེད་པ། དཀའ་སྤྱད་སྙིང་རུས་ཀྱིས་བྱ་བ་སྒྲུབ་པ། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་སྔར་ལས་ཡག་པོ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པར་གལ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད་པ་རེད།
ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་སྔར་ལས་རྒྱས་པའི་བསམ་པའི་ཉམས་འགྱུར་དང་། ལས་ཀའི་སྤྲོ་སེམས་ལ་བརྟེན་ནས་མཚོ་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞིབ་ཕྲའི་ལག་ལེན་ཁྲོད་ཞུགས་ཏེ་དུས་རབས་གསར་བའི་མཚོ་ལྷོའི་སྲིད་ཁྲིམས་ལས་དོན་དང་དུས་བདེའི་མཚོ་ལྷོའི་འཛུགས་སྐྲུན་ལས་དོན་གསར་གཏོད་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས་ཏང་གི་མི་དམངས་མང་ཚོགས་ཀྱི་རེ་བ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་མི་རུང་། །


འབྲེལ་ཡོད་འོས་སྦྱོར།