logo

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་གྱི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-01-13 ཀློག་གྲངས།:
        མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།
        
ཟླ1པོའི་ཚེས12ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གཉིས་པ་ཆབ་ཆ་གྲོང་རྡལ་དུ་འཚོགས་ཤིང་། ཚོགས་འདུར་ཐོན་དགོས་པའི་འཐུས་མི253ཡོད་པ་དང་ཚོགས་ཆེན་ལ་དངོས་སུ་ཐོན་ཡོད་པའི་འཐུས་མི230ཡོད་པས། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།
        ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་མཱ་ཅན་ཧུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ལིས་ཀང་དང་ཧྲི་ཅན་ཕིང་། ཀྲང་ཧྲང་པིའོ། གསེར་མཚོ། དཔལ་ལྡན། ཀེང་ཧྲང་ཁྲང་། ཏིང་རུའོ་ཡུང་། མ་ཧྲའོ་ཧྥུའུ། ལིས་སུང་སེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
        ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀརྨ་ཕུན་ཚོགས་དང་། ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།    
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ཚོགས་ཆེན་ལག་བསྟར་ཀྲུའུ་ཞི་མཱ་ཅན་ཧུང་གིས་མགོ་འཛིན་བྱེད་བཞིན་པ།
        ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་མཁན་ཨུ་ཡོན་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཁག་ཅིག ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུ་དང་མི་དམངས་ཚོགས་པའི་འགན་འཁུར་བ། མཚོ་ལྷོ་ཡན་ལག་དམག་ཁུལ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚན་ཁག ཞིང་ཆེན་དོ་དམ་ལས་ཁུངས་ཀྱི་འགན་འཁུར་བ།ཁུལ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ། ཁུལ་འབྲེལ་ཁེ་ལས་དང་ལས་དོན་ལས་ཁུངས། དམངས་གཉེར་ཁེ་ལས་འགན་འཁུར་བ་ཁག་ཅིག་བཅས་ཟུར་ཞུགས་བྱས་ཡོད་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་བཞིན་པ།
        ཚོགས་འདུའི་སྟེང་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་བར་ཉན་པ་དང་། སྙན་ཞུའི་ནང་འདས་ཟིན་པའི་ལོ་གཅིག་གི་རིང་སྐབས་གསར་བའི་སྲིད་གཞུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང“12345”འཕེལ་རྒྱས་ཀྱི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར། དཔལ་འབྱོར་འཁོར་བསྐྱོད་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བ་དང་། ཐོན་ལས་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་བསྒྱུར། འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་མཐུད་ངང་ཇེ་ཆེར་འགྲོ་བ། སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་ཇེ་མཐོ་དང་། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ལེགས་བཅོས་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད་པར་བསྟན།
ཚོགས་རའི་ཡུལ་དངོས།
        སྔོན་དཔག་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར4%དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས7%། བཟོ་ལས་ཀྱི་འཕར་ཐང3%དང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ22.5%། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར8.5%དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཚང་མ6%འཕར་བར་བྱ་དགོས་ཤིང་། དམིགས་ཚད་ཁག་འཕར་བ་ཅུང་ལེགས་པ་དེའི་ཐོག་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་བ”བརྟན་པོའི་ངང་མགོ་ཚུགས་པ་མཚོན་པ་དང་། མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཚོ་ལྷོའི་གྲུབ་འབྲས་བཟང་བོ་ཞིག་བླངས་ནས་རྒྱང་བསྐྱོད་ཀྱི་ལམ་བུ་གསར་བའི་ཐོག་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།
ཚོགས་རའི་ཡུལ་དངོས།
        སྙན་ཞུའི་ལས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། མཚོ་ལྷོའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གལ་ཆེ་བའི་ལོ་ཞིག་ཀྱང་ཡིན་པས། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པ་དང་། ད་ལོའི་སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་འོག་ཏུ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་། དེ་བཞིན་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་ཁུལ་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དོན་འཁྱོལ་ཡོང་བར་བྱས་ནས། ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་དར་སྤེལ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྔར་ལས་ཇེ་ལེགས་སུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། “བརྟན་པོ་དྲུག”དང“འགན་ལེན་དྲུག”“གི་ལས་དོན་མུ་མཐུད་དུ་ཡག་པོ་བསྒྲུབས་ནས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ། སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་བྱེད་པ། བཅོས་སྒྱུར་སྒོ་འབྱེད་བྱ་རྒྱུ་སྒུལ་ཤུགས་སུ་བྱེད་པ། “ཐོན་ལས་ཆེན་པོ་བཞི”ཁྲིད་སྟོན་དུ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བཏོད་པ། གུང་ཧོའི་ཁྱོན་ཡོངས་བའི་གཤོང་ས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་ཏང་ཨུའི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་རྒྱུར་བསུ་མ་བྱ་དགོས།
        སྙན་ཞུ་ལས་བསྟན་དོན། ད་ལོའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར5.5%ཡན་དང་གཏན་འཇགས་རྒྱུ་ནོར་མ་དངུལ་འཇོག་གྲངས6.5%། བཟོ་ལས་ཀྱི་གནས་ཐང་འཕར་ཚད5.5%། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བྱེད་གྲངས་ཀྱི་བསྡོམས་འབོར6%ཙམ་འཕར་བར་བྱས་ནས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་དང་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་དེ་ས་ཁུལ་གྱི་དཔལ་འབྱོར་དང་དུས་མཉམ་དུ་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་བྱ་བའི་ཤོར་ཚད3.5%ནང་ཚུན་དུ་ཚོད་འཛིན་བྱེད་པ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་བྱེད་གྲངས་མི་ཐེངས་ཁྲི4.5ཟིན་པ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་ཞིང་ཆེན་གྱིས་གཏན་ལ་ཕབ་པའི་དམིགས་ཚད་ནང་ཚུན་དུ་ཚོད་འཛིན་བྱེད་པ། མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད95%ཡན་དུ་སླེབས་པ་བཅས་རྒྱུན་འཁྱོངས་བྱ་དགོས། རྨ་ཆུ་མངའ་ཁོངས་ནས་ཕྱིར་ཐོན་པའི་ཆུའི་སྤུས་ཚད་རིགསཡན་ཆད་ཡིན་པ་རྒྱུན་འཁྱོངས་དང་། ནུས་ཁུངས་གྲོན་ཆུང་དང་ཐཱན་རྫས་སྙིགས་འཕྲི་ཚོད་འཛིན་བྱེད་པ་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་ཚད་ལས་མི་བརྒལ་བ། འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི15ཡན་ཡིན་པ་རྒྱུན་འཁྱོངས་བྱ་དགོས།
        སྙན་ཞུ་ལས་བསྟན་དོན། གོང་གི་དམིགས་འབེན་མངོན་འགྱུར་ཡོང་ཆེད། གཙོ་བོ་ཕྱོགས་བདུན་ནས་འཛིན་དགོས་ཏེ། གཅིག་ནི་སྐྱེ་ཁམས་གཙོ་གནད་འབུར་དུ་བཏོད་དེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་སའི་སྔོན་བསྐྱོད་ས་ཁུལ་འཛུགས་སྐྲུན་བྱེད་པ། གཉིས་ནི་ཐོན་ལས་དམངས་ཕྱུག་འབུར་དུ་བཏོད་དེ། དེང་རབས་ཐོན་ལས་མ་ལག་གསར་བ་འཛུགས་སྐྲུན་བྱེད་པ། གསུམ་ནི་མ་གཏོང་མཛད་སྤྱོད་འབུར་དུ་བཏོད་དེ། སྤུས་མཐོའི་འཕེལ་རྒྱས་འདེགས་སྐྱོར་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་བ། བཞི་ནི་གྲོང་གསེབ་དར་རྒྱས་འབུར་དུ་བཏོད་དེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་མཉམ་འགུལ་གྱི་འཕེལ་རྒྱས་ལ་གཅིག་གྱུར་སྒོས་སྐུལ་འདེད་བྱེད་པ། ལྔ་ནི་བཅོས་སྒྱུར་སྒོ་འབྱེད་འབུར་དུ་བཏོད་དེ། འཁོར་བསྐྱོད་གཉིས་ཀྱི་འཕེལ་རྒྱས་གསར་བའི་སྒྲིག་གཞིར་འདྲེས་པར་ཤུགས་སྣོན་པ། དྲུག་ནི་དམངས་ཚིས་ལེགས་བཅོས་འབུར་དུ་བཏོད་དེ། སྤུས་མཐོའི་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། བདུན་ནི་ཁྲིམས་ལྟར་ཁུལ་སྐྱོང་བ་འབུར་དུ་བཏོད་དེ། འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་རྣམ་པ་བཟང་བོ་ཞིག་ཆགས་པར་རྨང་གཞི་འདིང་བ། 
        སྙན་ཞུ་ལས་ནན་གྱིས་བསྟན་དོན། ལོ་གསར་བའི་ནང་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གཞུང་དང་གཞུང་དོན་སྒྲུབ་མཁན་གྱིས་ཏང་གི་སྣེ་ཁྲིད་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱེད་པ། ཆབ་སྲིད་ལ་བློ་དཀར་བྱ་རྒྱུ་དེ་དམིགས་ཚད་གཙོ་བོ་དང་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུ་དེ་འགན་འཁྲིའི་ཚད་གཞིར་བརྩི་བ། དོན་དངོས་གཉེར་རྒྱུ་དང་སྤྱོད་གཙང་སྲིད་སྐྱོང་བྱ་རྒྱུ་དེ་དད་མོས་ཀྱི་དོན་ཆེན་ཞིག་ཏུ་བརྩིས་ཏེ། མི་དམངས་ཀྱི་འདོད་བློ་ཚིམ་པའི་སྲིད་གཞུང་ཚད་ལྡན་ཞིག་བྱ་དགོས།
ཚོགས་རའི་ཡུལ་དངོས།
        གྲོས་ཚོགས་ལས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་ཁུལ་ཨུའི་སྐབ་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཤིང་། «མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ། 2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོདའཆར་ཟིནཀྱི་སྙན་ཞུ» «མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2021ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང2022ལོའི་ནོར་སྲིད་སྔོན་རྩིསའཆར་ཟིནཀྱི་སྙན་ཞུ»ལ་ཞིབ་བཤེར་བྱས། །
འབྲེལ་ཡོད་འོས་སྦྱོར།