logo

མཚོ་སྔོན་གྱིས་ཤེས་བྱའི་བདག་དབང་སྐོར་གྱི་ལག་བསྟར་བསམ་འཆར་བཏོན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2022-02-23 ཀློག་གྲངས།:
        ཉེ་ལམ«ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིསཤེས་བྱའི་བདག་དབང་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་རྩ་གནད(2021ལོ་ནས2035བར)〉ལག་ལེན་དོན་འཁྱོལ་བྱ་བའི་ལག་བསྟར་བསམ་འཆར»(གཤམ་ནས«ལག་བསྟར་བསམ་འཆར»ཞེས་འགོད་རྒྱུ)ཁྱབ་སྒྲོག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དུས་ཡུན་རིང་འབྲིང་གི་ཤེས་བྱའི་བདག་དབང་གི་སྟོབས་ལྡན་ཞིང་ཆེན་བསྐྲུན་པའི་འཐབ་ཇུས་ལག་བསྟར་བྱ་བའི་འཆར་འགོད་བཟོས་ཤིང་། ཤེས་བྱའི་བདག་དབང་གསར་བཟོ་དང་བཀོལ་སྤྱོད། སྲུང་སྐྱོབ། དོ་དམ། ཞབས་ཞུའི་ཆུ་ཚད་བཅས་ཕྱོགས་ཡོངས་ནས་མཐོར་འདེགས་གཏང་བའི་བྱ་བ་མ་ལུས་བཀོད་སྒྲིག་བརྒྱབ། «ལག་བསྟར་བསམ་འཆར»གྱིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི«ཤེས་བྱའི་བདག་དབང་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་རྩ་གནད(2021ལོ་ནས2035བར)»ཚད་གཞིར་བཟུང་ནས་ཤེས་བྱའི་བདག་དབང་སྟོབས་ལྡན་ཅན་གྱི་ཞིང་ཆེན་བསྐྲུན་པའི་འཕེལ་རྒྱས་དམིགས་འབེན་དང་། ལས་འགན་གཙོ་བོ། སྒྲིག་འཛུགས་འགན་སྲུང་བཅས་གསལ་འབེབས་བྱས།
        «ལག་བསྟར་བསམ་འཆར»གྱི་ནང་དུ། 2025ལོར་བསླེབ་དུས། ཤེས་བྱའི་བདག་དབང་སྲུང་སྐྱོབ་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས་བདག་དབང་ལམ་ལུགས་གསར་གཏོད་ཀྱི་གཞི་རྩའི་འགན་སྲུང་ནུས་པ་གང་ལེགས་འདོན་པར་ཡར་སྐུལ་དང་། ཤེས་བྱའི་བདག་དབང་གི་ཁྲོམ་རའི་རིན་ཐང་མངོན་འགྱུར་བྱ་རྒྱུ། མཚོ་སྔོན་གྱི་ཚོང་རྟགས་གྲགས་ཅན་དང་དེའི་མཚན་སྙན་མུ་མཐུད་དེ་ཆེ་ཆེར་བསྒྲགས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཤེས་བྱའི་བདག་དབང་གི་ཞིང་ཆེན་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ལེན་རྒྱུ། 2035ལོར་བསླེབ་དུས། ཤེས་བྱའི་བདག་དབང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་ནས་ཤེས་བྱའི་བདག་དབང་གི་སྟོབས་ལྡན་ཞིང་ཆེན་གཞི་རྩའི་ཐོག་ལེགས་འགྲུབ་ཡོང་བ་བྱ་རྒྱུ་ཞེས་བསྟན།
        «ལག་བསྟར་བསམ་འཆར»ནང་མཚོ་སྔོན་གྱི་སྤུས་ལེགས་འཕེལ་རྒྱས་ལ་ཕན་པའི་ཤེས་བྱའི་བདག་དབང་ལམ་ལུགས་འཛུགས་པར་སྐུལ་འདེད་དང་། ཚོང་གཉེར་ཁོར་ཡུག་རྩེ་གྲ་འདེགས་སྐྱོར་ཐུབ་པའི་ཤེས་བྱའི་བདག་དབང་སྲུང་སྐྱོབ་མ་ལག་འཛུགས་སྐྱོང་། གསར་གཏོད་གོང་སྤེལ་ལ་ཡར་སྐུལ་ཐུབ་པའི་ཤེས་བྱའི་བདག་དབང་གི་ཁྲོམ་ར་འཁོར་སྐྱོད་ཀྱི་ནང་རྐྱེན་ལམ་ལུགས་འཛུགས་སྐྲུན། སྤྱི་ཚོགས་ཀྱི་སྤྱི་དམངས་དང་གསར་གཏོད་བྱེད་པོའི་དགོས་མཁོ་འཚིམ་ཐུབ་པའི་ཤེས་བྱའི་བདག་དབང་གི་སྤྱི་གཞུང་ཞབས་ཞུ་མ་ལག་འཛུགས་སྐྲུན། ཤེས་བྱའི་བདག་དབང་སྤུས་ལེགས་གོང་སྤེལ་ཐུབ་པའི་རྩོད་བྱུང་རིག་གནས་དང་སྤྱི་ཚོགས་ཁོར་ཡུག་འཛུགས་སྐྲུན། ཕན་ཚུན་མཐུན་སྦྱོར་གྱི་ངང་ནས་གོང་དུ་སྤེལ་ཐུབ་པའི་ཤེས་བྱ་བདག་དབང་གི་མཉམ་ལས་བརྗེ་སྤེལ་གྱི་ནང་རྐྱེན་ལམ་ལུགས་འཛུགས་སྐྲུན་ལ་སོགས་ཕྱོགས་ཆེན་པོ་དྲུག་ནས་བྱེ་བྲག་གི་ལས་འགན་དང་བྱེད་ཐབས14གསལ་འབེབས་བྱས་ཡོད་པར་མ་ཟད། ཏང་གིས་ཤེས་བྱའི་བདག་དབང་གི་ལས་དོན་ལ་ཕྱོགས་ཡོངས་ནས་སྣེ་འཁྲིད་དེ། ཤེས་བྱའི་བདག་དབང་གི་བྱ་བའི་འགྲོ་གྲོན་གཅིག་གྱུར་ཐོག་འགན་སྲུང་ཐུབ་པར་ཤུགས་བསྣན་དགོས་པ་དང་། དཔྱད་ཞིབ་དང་དཔྱད་འཇོག་ལ་ཤུགས་བསྣན་ཏེ། ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་པའི་སྡེ་དམིགས་སུ་བཟུང་སྟེ་ཤེས་བྱའི་བདག་དབང་གི་ལས་སྒྲུབ་ཕན་འབྲས་ལ་དཔྱད་ཞིབ་བྱ་དགོས། ལྟ་སྐུལ་དཔྱད་ཞིབ་བྱ་བ་དམ་འཛིན་བྱས་ནས་ཤེས་བྱའི་བདག་དབང་གི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྱོང་བྱ་བ་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ཀྱི་ཁྱབ་ཁོངས་སུ་ལེན་དགོས་པ་ཡང་ནན་གྱིས་བསྟན་འདུག
        ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་འགན་འཁུར་བས་འདི་སྐད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། གཅིག་གྱུར་འཆར་འགོད་བཟོས་ཏེ་ཤེས་བྱའི་བདག་དབང་གི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱ་བར་སྐུལ་འདེད་བྱ་རྒྱུ་དང་། མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་གི་འཐབ་ཇུས་ལག་བསྟར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ནང་རྐྱེན་ལམ་ལུགས་གོ་ཆོད་བསྒྲུབ་ཏེ། ལས་ཁུངས་པར་གྱི་འབྲེལ་སྦྱོར་མཉམ་སྒྲུབ་ལ་ཤུགས་སྣོན་དང་། ལོ་འཁོར་གྱི་ལས་སྒྲུབ་འཆར་འགོད་སྒྲིག་བཟོ། སང་ལོའི་ལས་འགན་ལས་བགོས་གསལ་བོ་བཅས་ལས་དོན་ཁག་དོན་འཁྱོལ་བྱ་བར་དམ་འཛིན་བྱས་ནས་སྔ་མོ་ནས་ཤེས་བྱའི་བདག་དབང་གི་སྟོབས་ལྡན་ཞིང་ཆེན་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱ་རྒྱུ་ཟེར།
འབྲེལ་ཡོད་འོས་སྦྱོར།