logo

༄༅། །ཚོང་རྫས་རྫུན་མར་རྡུང་རྡེག་བྱས་ཏེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-03-17 ཀློག་གྲངས།:
        ཟླ༣པའི༡༥ཉིན་ནི་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་ཡིན་ལ། འཛད་སྤྱོད་པའི་ཁེ་དབང་ཉིན་མོ་འདིར། གཏེར་ལེན་ཁ་གྲོང་ཁྱེར་དང་། དབུས་ལམ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་མངའ་ཁུལ་གྱི་ཚོང་ཁང་དང་སྔོ་ཚོད་ཚོང་ཁང་། ཟ་ཁང་དང་སྨན་རྫས་ཚོང་ཁང་བཅས་སུ་ཞིབ་བཤེར་ནན་མོ་བྱས་པ་མ་ཟད། ད་དུང་ཚོང་རྫས་རྫུན་མ་དག་གཅིག་སྡུད་སྒོས་མེ་ལ་བསྲེགས་ཏེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས།
        ཞིབ་བཤེར་ཁྲོད། ཁྲིམས་ལག་ལྟར་མི་སྣས་ཁྲིམས་འགལ་ཚོང་གཉེར་དང་ཟས་རིགས་དང་བཏུང་བྱའི་རིགས་སྤྱོད་ཡུན་གྱི་དུས་ཡུན་བརྒལ་ཡོད་མེད། དེ་མིན་ད་དུང་ཚོང་རྫས་རྫུན་མ་དང་ཚོང་རྫས་རུལ་བ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་པ་མ་ཟད། ཚོང་རྫས་ལེན་པའི་ལམ་ལུགས་དང་རྩིས་ཐོ་ལ་ཞིབ་བཤེར་ཞིབ་མོ་བྱས། ཚོང་གཉེར་མི་སྣ་དག་ལ་ཚོང་རྫས་ལེན་པའི་གོ་རིམ་ཁྲོད་ཚོང་རྫས་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། ཡུལ་དངོས་སུ་ཚད་ལྡན་མིན་པའི་ཁམས་གསོ་ཐོན་རྫས་དང་མཛེས་སྤྲས་སྐེག་རིགས། ཞིང་ལས་ཐོན་རྫས། དུས་ཡུན་བརྒལ་བའི་བཟའ་བཏུང་གི་རིགས་དང་། འོ་མའི་ཐོན་རྫས། སྦྱོར་རྟའི་རིགས་ཀྱི་ཚོང་རྫས་སོགས་རིགས་ཆེན་པོ6དང་སྣ་ཁ11གི་ཚོང་རྫས་རྫུན་མ་ཞིབ་བཤེར་བྱས་ཏེ། ཚོང་རྫས་རྫུན་མ་རྣམས་ཁོར་ཡུག་ལ་གནོད་སྐྱོན་མེད་པའི་སྒོ་ནས་གཅིག་བསྡུས་སྒོས་མེ་ལ་བསྲེགས་ནས་ས་འོག་བཅུག་ལ། ཁྲིམས་ལག་བསྟར་མི་སྣས་ཡུལ་དངོས་སུ་ཚོང་གཉེར་བ་རྣམས་ལ་འཛད་སྤྱོད་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཀྱི་བརྡ་ཁྱབ་དང་ཐོན་རྫས་སྤུས་ཀ་སོགས་ཕྱོགས་ཀྱི་བཅའ་ཁྲིམས་དང་སྒྲིག་སྲོལ་དྲིལ་བསྒྲགས་བྱས། 
        གཏེར་ལེན་ཁ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཚེ་དཔའ་ཡིས་བཤད་རྒྱུར། ང་ཚོས་དྲིལ་སྒྲོག་དང་སྲིད་འཛིན་ལྟ་སྐུལ། མཛུབ་སྟོན་དང་སྲུང་སྐྱོབ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། དྲ་ལམ་དུ་ལེ་ཚན་སྒྲིག་འགོད་དང་ཡུལ་དངོས་སུ་ཞབས་ཕྱི་བྱེད་པ། དུས་མཚུངས་སུ་རིམས་ནད་འགོག་སྲུང་གི་བྱ་བར་ཟུང་འབྲེལ་བྱས་ནས། འཛད་སྤྱོད་པའི་ཁྱབ་ཁོངས་སུ་ཆེད་དུ་ཞིབ་བཤེར་བྱེད་པའི་བྱ་འགུལ་རྩ་འཛུགས་བྱས་པ་ལ། སྤྱི་ཚོགས་ཡོངས་སུ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་མཁའ་དབུགས་ལེགས་པོ་བཞེངས་སྐྲུན་བྱས་ཟེར།
        ཚོང་རྫས་རྗུན་མ་ལ་གཅིག་བསྡུས་སྒོས་རྡུང་རྡེག་གཏོང་བའི་བྱ་འགུལ་བརྒྱུད་དེ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཚོང་རྫས་རྫུན་མ་ཚོང་གཉེར་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་བྱེད་པ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་ཆེ་ཡིན་ལ། ཚོང་རྫས་རྫུན་མ་ཚོད་བཀག་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་བཟོ་བའི་བྱ་སྤྱོད་ཕན་ནུས་ལྡན་པར་སྲུང་སྐྱོབ་བྱས་ནས། ཚོང་རྟགས་ཡང་དག་བཞེངས་སྐྲུན་ལ་སྐུལ་འདེད་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ལ་འབོད་སྐུལ་བཏང་།
འབྲེལ་ཡོད་འོས་སྦྱོར།