༄༅། །ཀྲུང་གུང་ཀྲུང་དབྱང་གིས«ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་ལས་དོན་སྲོལ་ཡིག»བཀྲམས་པ།
རྩོམ་པ་པོ།:
ཡོང་ཁུངས།:ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་བྱ་བའི་ཨུ་ལྷན་གཞུང་ལས་ཁང་།
དུས་ཚོད།:2022-07-12
ཀློག་གྲངས།:
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ༦ཚེས༢༠ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས«ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་ལས་དོན་སྲོལ་ཡིག»(གཤམ་དུ«སྲོལ་ཡིག»ཅེས་བསྡུ་རྒྱུ)བཀྲམ་པ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྩི་སྲུང་ནན་པོ་ཞུ་དགོས་པའི་བླང་བྱ་བཏོན་ཡོད།
བརྡ་ཐོའི་ནང་བསྟན་དོན། «སྲོལ་ཡིག»གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་གྲོས་མོལ་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། ཆབ་སྲིད་གྲོས་མོལ་ལས་དོན་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ནི་ཆབ་སྲིད་གྲོས་མོལ་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་རེད། «སྲོལ་ཡིག»བཟོས་པ་དེས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས«སྲོལ་ཡིག»ལག་བསྟར་གྱི་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་གྲོས་མོལ་གྱི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ཏང་གི་འགོ་ཁྲིད་འོག་གི་ཆབ་སྲིད་གྲོས་མོལ་ལས་དོན་གྱི་ལམ་ལུགས་མ་ལག་དང་ལས་དོན་ལམ་སྲོལ་བརྒྱུད་ཆབ་སྲིད་གྲོས་མོལ་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱས་ཏེ་ཆབ་སྲིད་གྲོས་མོལ་གྱི་ཕན་ནུས་ཆེ་རུ་གཏོང་བ་དང་ཆབ་སྲིད་གྲོས་མོལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་གྲོས་མོལ་གྱི་མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག་དང་མཐུན་པ་གཅིག་སྒྲིལ་དང་མི་མཐུན་ཀུན་སེལ་བརྒྱུད་གཞི་རྩའི་གནད་དོན་དང་གནད་དོན་གལ་ཆེན་ཐད་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ཏེ་ཕྱོགས་ཁག་གི་སྟོབས་ཤུགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་མཉམ་ཤུགས་ཆེན་པོ་ཆགས་པར་སྐུལ་འདེད་གཏོང་དགོས།
ས་ཁུལ་ཁག་དང་སྡེ་ཚན་ཁག་གིས«སྲོལ་ཡིག»ལག་བསྟར་བྱེད་རིང་གི་གནས་ཚུལ་དང་གྲོས་འགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་ཞུ་འབུལ་དགོས།
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། རྩ་འཛུགས་ཀྱི་འགོ་ཁྲིད་དང་འགན་འཁྲི།
ལེའུ་གསུམ་པ། ཆབ་སྲིད་གྲོས་མོལ་བྱ་ཡུལ་དང་ནང་དོན།
ལེའུ་བཞི་པ། ཆབ་སྲིད་གྲོས་མོལ་བྱེད་སྒོའི་གྲ་སྒྲིག
ལེའུ་ལྔ་པ། ཆབ་སྲིད་གྲོས་མོལ་བྱེད་སྒོ་སྤེལ་བ།
ལེའུ་དྲུག་པ། ཆབ་སྲིད་གྲོས་མོལ་གྱི་གྲུབ་འབྲས་བཀོལ་སྤྱོད་དང་ལན་སྤྲོད།
ལེའུ་བདུན་པ། ཆབ་སྲིད་གྲོས་མོལ་འགན་སྲུང་ལམ་སྲོལ།
ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཏང་གིས་ཆབ་སྲིད་གྲོས་མོལ་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་གྲོས་མོལ་ལས་ཀ་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་བ་བཅས་ཀྱི་ཆེད་དུ«ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག»གཞིར་བཟུང་ནས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། སྲོལ་ཡིག་འདིར་འཁོད་ཆབ་སྲིད་གྲོས་མོལ་ཞེས་པ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་རྣམས་དང་ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་མཛད་ཕྱོགས་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་གནད་དོན་གལ་ཆེན། དེ་བཞིན་དོན་དག་གལ་ཆེན་གཞན་དག་བཅས་ལ་དམིགས་ནས་གྲོས་མོལ་བྱེད་རྒྱུ་ཞིག་ཡིན།
ཆབ་སྲིད་གྲོས་མོལ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་རྣམ་པ་གལ་ཆེན་ཞིག བློ་གྲོས་གཅིག་སྒྲིལ་དང་། ཐུན་མོང་གི་ངོས་འཛིན་ཟབ་གཏོང་། ཚན་རིག་དང་མཐུན་པའི་དམངས་གཙོའི་ཐབས་ཇུས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན།
དོན་ཚན་གསུམ་པ། ཆབ་སྲིད་གྲོས་མོལ་གྱི་གཞི་རྩའི་བྱེད་སྟངས་ནི།
(གཅིག) ཀྲུང་གོའི་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་དང་ཐད་ཀར་གྲོས་མོལ་བྱེད་པ་དེའི་བསྡུས་མིང་ལ་སྲིད་ཏང་གྲོས་མོལ་ཞེས་ཟེར།
(གཉིས) ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་དང་དམངས་གཙོའི་ཏང་ཤོག་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣའི་བར་གྲོས་མོལ་བྱེད་པའི་བསྡུས་མིང་ལ་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་ཞེས་ཟེར།
དོན་ཚན་བཞི་པ། ཆབ་སྲིད་གྲོས་མོལ་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་དགོངས་པ་གལ་ཆེན། མི་དམངས་སྲིད་གྲོས་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་བཅས་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ། ཏང་གི་འགོ་ཁྲིད་འོག་གི་ཆབ་སྲིད་གྲོས་མོལ་ལས་ཀའི་ལམ་ལུགས་ཀྱི་མ་ལག་དང་ལས་ཀའི་ལམ་སྲོལ་བརྟེན་ནས་ཆབ་སྲིད་གྲོས་མོལ་གྱི་ཕན་ནུས་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཕྱིར་ཐུན་མོང་ཐོག་འབད་འཐབ་བྱེད་པའི་སྟོབས་ཤུགས་གོང་བུར་འགྲིལ་དགོས།
དོན་ཚན་ལྔ་པ། ཆབ་སྲིད་གྲོས་མོལ་གྱི་ལས་ཀར་གཤམ་གསལ་རྩ་དོན་བརྩི་སྲུང་བྱེད་དགོས་པ་སྟེ།
(གཅིག) ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ།
(གཉིས) ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ།
(གསུམ) དམངས་གཙོ་དར་སྤེལ་དང་ལྷག་བསམ་ཟོལ་མེད་ཀྱིས་གྲོས་མོལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ།
(བཞི) ཆབ་སྲིད་ཀྱིས་སྣེ་ཁྲིད་དང་ངོས་འཛིན་གཅིག་མཐུན་ཡོང་བ་རྒྱུན་འཁྱོངས་བྱེད་པ།

དོན་ཚན་དྲུག་པ། ཏང་ཀྲུང་དབྱང་གིས་ཆབ་སྲིད་གྲོས་མོལ་ལས་ཀར་གཅིག་སྡུད་དང་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་རྒྱུ་དང་། ཆབ་སྲིད་གྲོས་མོལ་ལས་ཀའི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་གཅིག་གྱུར་གྱིས་གཏན་འབེབས་བྱེད་པ། ཆབ་སྲིད་གྲོས་མོལ་ལས་ཀའི་ཁྱོན་ཡོངས་དང་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བའི་དོན་དག་གལ་ཆེན་ཞིབ་འཇུག་དང་གཏན་འབེབས་བཅས་བྱས་ཏེ། ཆབ་སྲིད་གྲོས་མོལ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པའི་འགན་ལེན་བྱེད་རྒྱུ།
ཏང་ཀྲུང་དབྱང་གིས་ཀྲུང་དབྱང་རིམ་པའི་སྲིད་ཏང་གྲོས་མོལ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱིས«ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག»དང་འབྲེལ་ཡོད་གཏན་འབེབས་ལྟར་ཆབ་སྲིད་གྲོས་མོལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་འགོ་ཁྲིད་དང་རྒྱབ་སྐྱོར་བྱེད་རྒྱུ།
དོན་ཚན་བདུན་པ། ཆབ་སྲིད་གྲོས་མོལ་གྱི་ལས་ཀའི་ཁྲོད་ཀྱི་ས་གནས་ཏང་ཨུད་ཀྱི་འགན་འཁྲི་གཙོ་བོ་ནི།
(གཅིག) ཆབ་སྲིད་གྲོས་མོལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་དང་། དེ་བཞིན་གོང་རིམ་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་བྱས་ནས་འོག་རིམ་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་གྲོས་མོལ་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་རྒྱུ།
(གཉིས) ཆབ་སྲིད་གྲོས་མོལ་གྱི་ལས་ཀ་ཏང་ཨུད་ཀྱི་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཅུག་ནས་ཆབ་སྲིད་གྲོས་མོལ་གྱི་ལས་ཀའི་ཁྲོད་ཀྱི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་རྒྱུ།
(གསུམ) གཏན་འབེབས་ལྟར་རིམ་པ་གཅིག་མཚུངས་ཀྱི་དམངས་གཙོའི་ཏང་ཤོག་གི་རྩ་འཛུགས་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣར་སྲིད་ཏང་གྲོས་མོལ་བྱས་ཏེ་རིམ་པ་དེ་གའི་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་འགོ་ཁྲིད་དང་རྒྱབ་སྐྱོར་བྱེད་རྒྱུ།
(བཞི) དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ཆབ་སྲིད་གྲོས་མོལ་བྱེད་ནུས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། འགན་འཁྲི་ལག་བསྟར་དང་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱེད་རྒྱུ།
དོན་ཚན་བརྒྱད་པ། ཆབ་སྲིད་གྲོས་མོལ་ལས་ཀའི་ཁྲོད་ཀྱི་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཁྲི་གཙོ་བོ་གཤམ་གསལ།
(གཅིག) ཆབ་སྲིད་གྲོས་མོལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་དང་། དེ་བཞིན་གོང་རིམ་ཏང་ཨུད་དང་རིམ་པ་གཅིག་མཚུངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ།
(གཉིས) ཏང་ཨུད་ཀྱི་མངགས་བཅོལ་ལྟར་སྲིད་ཏང་གྲོས་མོལ་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་ཏང་ཨུད་ལ་སྲིད་ཏང་གྲོས་མོལ་ལས་དོན་དགོངས་སྐོར་དང་སྙན་སེང་ཞུ་རྒྱུ་མ་ཟད་བསམ་འཆར་དང་གྲོས་འགོ་ཡང་འདོན་རྒྱུ།
(གསུམ) ཏང་ཨུད་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་ཆབ་སྲིད་གྲོས་མོལ་གྱི་འབྲེལ་ཡོད་ལས་ཀ་གཞན་དག་བསྒྲུབ་རྒྱུ།
དོན་ཚན་དགུ་པ། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་ལས་ཀའི་ཁྲོད་ཀྱི་སྲིད་གྲོས་ཏང་ཙུའུ་ཡི་འགན་འཁྲི་གཙོ་བོ་ནི།
(གཅིག) ཆབ་སྲིད་གྲོས་མོལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་དང་། དེ་བཞིན་གོང་རིམ་ཏང་ཨུད་དང་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་གཏན་འབེབས་དང་སྒྲིག་སྲོལ་ལྟར་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་ལས་དོན་སྒྲིག་འཛུགས་བྱེད་རྒྱུ།
(གཉིས) དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་། དོན་གནད་གལ་ཆེན་དགོངས་སྐོར་དང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། གྲོས་མོལ་གྱི་བྱེད་སྒོ་གལ་ཆེན་ཏང་ཨུད་ལ་ཕུལ་ནས་ཆོག་མཆན་ཐོབ་པ་བྱེད་པ། ལག་བསྟར་དང་དོན་འཁྱོལ་བྱས་ཚུལ་དུས་ཐོག་ཏུ་ཏང་ཨུད་ལ་སྙན་སེང་ཞུ་རྒྱུ།
(གསུམ) སྲིད་གྲོས་ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཨུ་ཡོན་རྣམས་ལ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་གཏིང་ཟབ་བྱེད་རྒྱུའི་ཁྲིད་སྟོན་དང་། གྲོས་མོལ་གྱི་འགན་འཁྲི་ནན་ཏན་སྒྲུབ་པ། གྲོས་མོལ་བྱེད་ནུས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་གྲོས་མོལ་བྱེད་པའི་ཁྲོད་ཏང་ཡོན་ཨུ་ཡོན་རྣམས་ཀྱི་ཆབ་སྲིད་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ།
(བཞི) ཏང་ཨུད་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་གྱི་འབྲེལ་ཡོད་ལས་དོན་གཞན་དག་བསྒྲུབ་རྒྱུ།

དོན་ཚན་བཅུ་པ། སྲིད་ཏང་གྲོས་མོལ་བྱ་ཡུལ་ནི།
(གཅིག) དམངས་གཙོའི་ཏང་ཤོག་དང་།
(གཉིས) ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ།
བཟོ་ཚོང་མཉམ་འབྲེལ་ཚོགས་པ་སྲིད་ཏང་གྲོས་མོལ་ལ་ཞུགས་རྒྱུར་གདན་འདྲེན་ཞུ་བ།
དོན་ཚན་བཅུ་གཅིག་པ། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་བྱ་ཡུལ་ནི་ཆབ་གྲོས་ནང་ཞུགས་མཁན་འབྲེལ་ཡོད་ཕྱོགས་ཁག་ཡིན་པ་སྟེ།

(གསུམ) མི་དམངས་ཚོགས་པ།
(བཞི) ལས་རིགས་ཁག་གི་འཐུས་ཚབ་མི་སྣ་གཞན་དག
དོན་ཚན་བཅུ་གཉིས་པ། སྲིད་ཏང་གྲོས་མོལ་གྱི་ནང་དོན་གཙོ་བོ་ནི།
(གཅིག) ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་དང་ས་གནས་ཀྱི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་དང་། ཏང་ཀྲུང་དབྱང་དང་དེ་བཞིན་ས་གནས་ཀྱི་ཏང་ཨུད་ཀྱི་འབྲེལ་ཡོད་ཡིག་ཆ་གལ་ཆེན་གཏན་འབེབས་དང་བཟོ་བཅོས་རྒྱག་རྒྱུ།
(གཉིས) རྩ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་གྲོས་འགོ་འདོན་པ་དང་། འབྲེལ་ཡོད་ཀྱི་ཁྲིམས་ལུགས་གལ་ཆེན་གཏན་འབེབས་དང་བཟོ་བཅོས་རྒྱག་རྒྱུའི་གྲོས་འགོ་འདོན་པ། འབྲེལ་ཡོད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གལ་ཆེན་གཏན་འབེབས་དང་བཟོ་བཅོས་རྒྱག་རྒྱུའི་གྲོས་འགོ་འདོན་པ།
(གསུམ) རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བ་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་གནད་དོན་གལ་ཆེན།
(བཞི) སྐབས་བརྗེ་སྐབས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མི་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཁྲིམས་ཁང་གི་ཡོན་ཀྲང་། ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བཅས་ཀྱི་འོས་མིའི་གྲོས་འགོ་འདོན་པ།
(ལྔ) འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་ཀྱི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པ།
དོན་ཚན་བཅུ་གསུམ་པ། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་གྱི་ནང་དོན་གཙོ་བོ་ནི།
(གཅིག) སྲིད་གྲོས་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་གྱི་དོན་དག་གལ་ཆེན་ནང་འཇུག་པ།
(གཉིས) རྒྱལ་ཁབ་ཀྱི་མཛད་ཕྱོགས་དང་སྲིད་ཇུས་དང་ས་གནས་ཀྱི་བྱེད་ཐབས་གལ་ཆེན། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་འཛུགས་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྤེལ་བཅས་བྱེད་པའི་གནད་དོན་གལ་ཆེན།
(གསུམ) འཐབ་ཕྱོགས་གཅིག་གྱུར་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན།

དོན་ཚན་བཅུ་བཞི་པ། ཏང་ཨུད་རིམ་པ་ཁག་གིས་ཆབ་སྲིད་གྲོས་མོལ་བྱེད་སྒོར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཏང་གྲོས་མོལ་དང་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་གཅིག་གྱུར་བཀོད་སྒྲིག་བྱེད་པ། གྲོས་མོལ་བྱེད་སྒོའི་འཆར་གཞིའི་རང་བཞིན་ཆེ་རུ་གཏོང་བ། གྲོས་མོལ་གྲོས་གཞིའི་དམིགས་བཀར་རང་བཞིན་ཆེ་རུ་གཏོང་བ། ཕྱོགས་གང་ཅིའི་ཐད་ནས་གྲོས་མོལ་གྲ་སྒྲིག་ལེགས་པོ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ།
དོན་ཚན་བཅོ་ལྔ་པ། སྲིད་ཏང་གྲོས་མོལ་གྱི་ལོ་འཁོར་འཆར་གཞི་དེ་ཏང་ཨུད་གཞུང་ལས་ཐིང(ཁང་)གིས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཉམ་དུ་འབྲེལ་ཡོད་སྡེ་ཚན་དང་། དམངས་གཙོའི་ཏང་ཤོག་གི་རྩ་འཛུགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་འཇོག་བྱེད་པའི་རྨང་གཞིའི་ཐོག་ཞིབ་འཇུག་བྱས་ནས་འདོན་པ་དང་། ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་རྗེས་རིམ་པ་གཅིག་མཚུངས་ཀྱི་དམངས་གཙོའི་ཏང་ཤོག་གི་རྩ་འཛུགས་ལ་བརྡ་ཁྱབ་གཏོང་རྒྱུ།
དོན་ཚན་བཅུ་དྲུག་པ། སྲིད་ཏང་གྲོས་མོལ་གྱི་ལོ་འཁོར་འཆར་གཞི་ལྟར་རིམ་པ་མཉམ་པའི་དམངས་གཙོའི་ཏང་ཤོག་གི་རྩ་འཛུགས་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ཐད་ལོ་འཁོར་གྱི་གཙོ་གནད་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དང་། ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱེད་རྒྱུ་མ་ཟད་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ལེགས་པར་བྱེད་རྒྱུ། དམངས་གཙོའི་ཏང་ཤོག་གི་རྩ་འཛུགས་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་ཡིས་རང་ངོས་ཀྱི་ཁྱད་ཆོས་དང་། དེ་བཞིན་སྲིད་ཏང་གི་གྲོས་མོལ་ལོ་འཁོར་འཆར་གཞིའི་ནང་དོན་དང་ཟུང་འབྲེལ་བྱས་ནས་དུས་རྒྱུན་དུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱས་འབྲས་བཟོ་བ་དང་། གྲོས་མོལ་བྱེད་སྒོར་དཔྱད་གཞི་འདོན་སྤྲོད་བྱེད་རྒྱུ།
དོན་ཚན་བཅུ་བདུན་པ། ཏང་ཨུད་གཞུང་དོན་ཐིང(ཁང་)གིས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཉམ་དུ་སྲིད་ཏང་གྲོས་མོལ་གྱི་ལོ་འཁོར་འཆར་གཞིར་གཞིགས་ཏེ་ཞིབ་ཕྲའི་ལས་ཀའི་ཇུས་གཞི་བཟོ་བ་དང་། ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྔོན་ཚུད་ནས་དམངས་གཙོའི་ཏང་ཤོག་རྩ་འཛུགས་ཀྱི་འགན་ཁུར་བློ་མཐུན་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་ཚབ་མི་སྣས་ཡིག་ཆ་ལྟ་ཀློག་ཀྱི་སྒྲིག་འཛུགས་བྱེད་པ་དང་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་གཏོང་རྒྱུ།
དོན་ཚན་བཅོ་བརྒྱད་པ། སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་གྲོས་དོན་སྐོར་གྱི་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་རྗེས། ལོ་འཁོར་གྱི་གྲོས་མོལ་གྲོས་དོན་གྱི་བཀོད་སྒྲིག་བཏོན་ནས་ལོ་འཁོར་གྱི་གྲོས་མོལ་འཆར་གཞིའི་འཆར་ཟིན་གྲུབ་པ་དང་། ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐོག་གཏན་འཁེལ་བྱེད་རྒྱུར་འབུལ་བར་མ་ཟད། གོ་རིམ་ལྟར་གྲོས་འཆམ་བྱུང་རྗེས་ལག་ལེན་བསྟར་རྒྱུ།
དོན་ཚན་བཅུ་དགུ་པ། ཏང་ཨུད་དང་སྲིད་གཞུང་རིམ་པ་ཁག་གིས་སྲིད་གྲོས་ཀྱིས་གྲོས་མོལ་གྱི་གྲོས་གཞིར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། ལས་ཀའི་དགོས་མཁོར་གཞིགས་ཏེ་འབྲེལ་ཡོད་ཏང་སྲིད་ལས་ཁུངས་ཀྱིས་སྲིད་གྲོས་ཀྱི་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་གནས་ཚུལ་ངོ་སྤྲོད་དང་། ཨུ་ཡོན་དང་བསམ་འཆར་བརྗེ་རེས། མཉམ་དུ་ཞིབ་འཇུག་བྱེད་པ་བཅས་བཀོད་སྒྲིག་བྱེད་ཆོག བརྟག་ཞིབ་ཀྱི་གྲུབ་འབྲས་གལ་ཆེན་ཏང་ཨུད་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་རྒྱུ།
དོན་ཚན་ཉི་ཤུ་པ། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་བྱེད་སྒོའི་ཞིབ་ཕྲའི་ལས་ཀའི་ཇུས་གཞི་དེ་ཆོག་མཆན་ཐོབ་པའི་ལོ་འཁོར་གྱི་གྲོས་མོལ་འཆར་གཞིར་གཞིགས་ནས་བཟོ་བ་དང་། གྲོས་གཞི་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱ་ཐབས་སོགས་ཡིག་ཐོག་གི་དཔྱད་གཞི་བབ་བསྟུན་གྱིས་སྔ་སྣུར་དུ་པར་འགྲེམས་བྱས་ཏེ་གྲོས་མོལ་ལ་ཞུགས་མཁན་ཕྱོགས་ཁག་གིས་གཟིགས་དཔྱད་གནང་རྒྱུར་མཁོ་འདོན་བྱེད་རྒྱུ།

དོན་ཚན་ཉེར་གཅིག་པ། ཏང་ཨུད་རིམ་པ་ཁག་གིས་རྣམ་པ་དང་ནང་དོན་ཆ་མཐུན་ཡིན་པའི་བླང་བྱ་ལྟར། གྲོས་མོལ་བྱེད་སྟངས་བེད་སྤྱོད་ལུགས་མཐུན་བྱས་ནས་གྲོས་མོལ་བྱེད་སྒོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་ལེན་བྱེད་རྒྱུ།
ཆབ་སྲིད་གྲོས་མོལ་བྱེད་སྒོའི་ཁྲོད་གྲོས་མོལ་ལ་ཞུགས་པའི་ཕྱོགས་ཁག་གིས་སྐད་ཆ་དྲང་པོ་ཤོད་པ་དང་། ལྕག་འདེབས་བྱེད་པའི་སྐད་ཆ་ཤོད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་པ་དང་། མཉམ་འགུལ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ལྷུག་ལྷོད་དང་དམངས་གཙོ། ཞི་མཐུན་བཅས་ཀྱི་གྲོས་མོལ་གྱི་རྣམ་པ་བསྐྲུན་རྒྱུ།
དོན་ཚན་ཉེར་གཉིས་པ། ཏང་ཨུད་རིམ་པ་ཁག་གིས་གཤམ་གསལ་གྱི་བྱེད་ཐབས་ལ་བརྟེན་ནས་སྲིད་ཏང་གྲོས་མོལ་སྤེལ་རྒྱུ་སྟེ།
(གཅིག) གྲོས་ཚོགས་ཐོག་གྲོས་མོལ་བྱེད་རྒྱུ། ཏང་ཨུད་ཀྱི་འགན་ཁུར་བློ་མཐུན་གྱིས་ཆེད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་དང་། མི་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ། བརྟག་དཔྱད་ཞིབ་འཇུག་གྲོས་མོལ་བཞུགས་མོལ་ཚོགས་འདུ་དང་། དེ་མིན་གྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བཅས་གཙོ་སྐྱོང་གནང་ནས་སྐོང་འཚོག་བྱེད་པ་དང་། རིམ་པ་གཅིག་མཚུངས་ཀྱི་དམངས་གཙོའི་ཏང་ཤོག་གི་རྩ་འཛུགས་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་ཚབ་མི་སྣའི་བསམ་འཆར་དང་གྲོས་འགོ་ཉན་རྒྱུ།
(གཉིས) ཁ་ཆད་གྲོས་མོལ་བྱེད་རྒྱུ། ཏང་ཨུད་ཀྱི་འགན་ཁུར་བློ་མཐུན་གྱིས་དགོས་མཁོར་གཞིགས་ནས་དུས་ངེས་མེད་དུ་རིམ་པ་མཉམ་པའི་དམངས་གཙོའི་ཏང་ཤོག་གི་འགན་འཁུར་བློ་མཐུན་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་ཚབ་མི་སྣ་གདན་འདྲེན་ཞུས་ནས་ཐུན་མོང་དུ་སེམས་ཁུར་བྱེད་པའི་གནད་དོན་ཐད་ངོ་ཐུག་ནས་གནས་ཚུལ་སྤེལ་རེས་དང་བསམ་འཆར་བརྗེ་རེས་བྱེད་ཆོག་པ་དང་། ཡང་ན་རིམ་པ་མཉམ་པའི་དམངས་གཙོའི་ཏང་ཤོག་གི་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་རྣམས་ལ་ཁ་ཆད་བཞག་ནས་བསམ་འཆར་རེ་ཟུང་ཉན་དུ་འཇུག་རྒྱུ།
(གསུམ) ཡིག་ཐོག་ནས་གྲོས་མོལ་བྱེད་རྒྱུ། ཏང་ཨུད་ཀྱིས་འབྲེལ་ཡོད་ཡིག་ཆ་གལ་ཆེན་དང་། དོན་གནད་གལ་ཆེན་ཡིག་ཐོག་ནས་རིམ་པ་གཅིག་མཚུངས་ཡིན་པའི་དམངས་གཙོའི་ཏང་ཤོག་གི་རྩ་འཛུགས་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་ཆོག་པ་དང་། དམངས་གཙོའི་ཏང་ཤོག་གི་རྩ་འཛུགས་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ཡིག་ཐོག་གི་རྣམ་པའི་ཐོག་ནས་གྲོས་མོལ་བསམ་འཆར་ལན་སྤྲོད་བྱེད་པ། དམངས་གཙོའི་ཏང་ཤོག་གི་རྩ་འཛུགས་དང་དེའི་འགན་འཁུར་བློ་མཐུན་གྱིས་ཡིག་ཐོག་ནས་རང་དང་རིམ་པ་མཉམ་པའི་ཏང་ཨུད་ལ་གནས་ཚུལ་ཐད་ཀར་སྙན་སེང་ཞུ་བ་དང་བསམ་འཆར་དང་གྲོས་འགོ་འདོན་པར་རྒྱབ་སྐྱོར་བྱེད་རྒྱུ།
དོན་ཚན་ཉེར་གསུམ་པ། ཏང་ཨུད་རིམ་པ་ཁག་གིས་སྲིད་གྲོས་ལ་རྒྱབ་སྐྱོར་བྱེད་པར་གཙོ་བོ་གཤམ་གྱི་རྣམ་པ་བརྒྱུད་ནས་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་སྤེལ་རྒྱུ་སྟེ།
(གཅིག) ཚང་འཛོམས་གྲོས་ཚོགས། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་བློ་མཐུན་སོགས་གདན་འདྲེན་ཞུས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཕེབས་ཏེ་ཨུ་ཡོན་རྣམས་དང་ལྷན་དུ་རྒྱལ་དོན་མཉམ་གྲོས་གནང་བ་དང་། ས་གནས་ཏང་ཨུད་ཀྱི་འགན་ཁུར་བློ་མཐུན་སོགས་གདན་འདྲེན་ཞུས་ནས་ས་གནས་སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཕེབས་ཏེ་གྲོས་སྡུར་ལ་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་རྒྱུ།
(གཉིས) ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས། ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་འདྲེན་ཞུས་ནས་འབྲེལ་ཡོད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཞུགས་པ་དང་འབྲེལ་སྙན་སྒྲོན་ཞུ་བ། བསམ་འཆར་གསན་པ་དང་འབྲེལ་དགོས་མཁོར་གཞིགས་ནས་མཉམ་འགུལ་སྤེལ་རེས་ཀྱང་གནང་རྒྱུ།
(གསུམ) ཆེད་དོན་གྲོས་མོལ་ཚོགས་འདུ། ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གདན་འདྲེན་ཞུས་ནས་ཆེད་དོན་གྲོས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་བསམ་འཆར་ཞུ་བ་དང་། འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་གྱིས་གནས་ཚུལ་ངོ་སྤྲོད་གནང་བ་དང་མཉམ་འགུལ་སྤེལ་རེས་ཀྱང་བྱེད་རྒྱུ།
(བཞི) གྲོས་མོལ་བཞུགས་མོལ་ཚོགས་འདུ། གནས་ཚུལ་ལ་གཞིགས་ཏེ་བབ་མཐུན་གྱི་གྲོས་མོལ་བྱེད་སྟངས་ལག་ལེན་བསྟར་ནས་སྲིད་གྲོས་ཀྱི་ཀྲུའུ་ཞིའམ་ཡང་ན་ཀྲུའུ་ཞི་གཞོན་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་གཙོ་སྐྱོང་བྱེད་རྒྱུ། གྲོས་དོན་དང་འབྲེལ་བ་ཡོད་པའི་སྡེ་ཚན་གྱིས་འགན་འཁུར་བློ་མཐུན་གདན་འདྲེན་ཞུས་ནས་ཚོགས་འདུར་གནས་ཚུལ་ངོ་སྤྲོད་དང་། བསམ་འཆར་ཉན་འཇོག་དང་སྤེལ་རེས་བྱེད་པར་ཕེབས་རྒྱུ།

དོན་ཚན་ཉེར་བཞི་པ། ཏང་ཨུད་རིམ་པ་ཁག་གིས་གྲོས་མོལ་གྱི་བསམ་འཆར་ཞིབ་འཇུག་དང་སྒྲུབ་གཉེར་ལ་མཐོང་ཆེན་བྱེད་དགོས་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་གྲོས་མོལ་གྱི་གྲུབ་འབྲས་བཀོལ་སྤྱོད་དང་ལན་སྤྲོད་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་ཆོག་ཅིང་། གྲོས་མོལ་གྱི་གྲུབ་འབྲས་གལ་ཆེན་དེ་ཇུས་ཐག་གཅོད་པའི་དཔྱད་གཞིར་བྱེད་ཆོག
དོན་ཚན་ཉེར་ལྔ་པ། ཏང་ཨུད་གཞུང་ལས་ཐིང(ཁང་)གིས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཉམ་དུ་སྲིད་ཏང་གྲོས་མོལ་བསམ་འཆར་གསེད་བཀྲོལ་དང་ཕྱོགས་སྒྲིག་བྱས་ཏེ། གནས་ཚུལ་དངོས་ལ་གཞིགས་ནས་འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་དང་སྒྲུབ་གཉེར་བྱེད་རྒྱུར་སྤྲོད་པ་དང་། སྒྲུབ་གཉེར་བྱས་ཚུལ་གཏན་འབེབས་ལྟར་རིམ་པ་མཉམ་པའི་དམངས་གཙོའི་ཏང་ཤོག་གི་རྩ་འཛུགས་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་ཚབ་མི་སྣར་ལན་སྤྲོད་བྱེད་རྒྱུ།
དོན་ཚན་ཉེར་དྲུག་པ། སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་གཏན་འབེབས་ལྟར་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་བྱེད་སྒོའི་གྲུབ་འབྲས་གསེད་བཀྲོལ་བྱས་ནས་གྲོས་མོལ་བྱེད་སྒོའི་གྲུབ་འབྲས་གལ་ཆེན་ཏང་ཨུད་ལ་འབུལ་རྒྱུ། ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་སྡེ་ཚན་གྱིས་གྲོས་མོལ་གྱི་གྲུབ་འབྲས་དོན་འཁྱོལ་བྱེད་པར་བླང་བྱ་ཁ་གསལ་བཏོན་ཡོད་ན། ཏང་ཨུད་དང་སྲིད་གཞུང་གི་གཞུང་ལས་ཐིང(ཁང་)གིས་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་རྒྱག་དགོས་པར་མ་ཟད། དོན་འཁྱོལ་བྱས་ཚུལ་དེ་རིམ་པ་གཅིག་མཚུངས་ཀྱི་སྲིད་གྲོས་གཞུང་ལས་ཐིང(ཁང་)ལ་བཤུ་སྐྱེལ་བྱེད་རྒྱུ།

དོན་ཚན་ཉེར་བདུན་པ། ཏང་ཨུད་རིམ་པ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཆབ་སྲིད་གྲོས་མོལ་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་ཡོད་ཚན་པ་དང་སྡེ་ཚན་ཆབ་སྲིད་གྲོས་མོལ་གྱི་འབྲེལ་ཡོད་ལས་ཀར་ཞུགས་པར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་རྒྱུ།
ཏང་ཨུད་དང་། སྲིད་གཞུང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱིས་དམངས་གཙོའི་ཏང་ཤོག་ཁག་དང་། ལས་རིགས་ཁག་གི་འཐུས་ཚབ་མི་སྣ་དང་ལས་ཀའི་འབྲེལ་གཏུག་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་དམངས་གཙོའི་ཏང་ཤོག་ཁག་དང་། ལས་རིགས་ཁག་གི་འཐུས་ཚབ་མི་སྣས་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་གསལ་པོ་ཡོང་བར་ཆ་རྐྱེན་བསྐྲུན་རྒྱུ།
ཏང་ཨུད་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་ཀྱི་སྲིད་གཞུང་སྡེ་ཚན་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་སྡེ་ཚན་བཅས་ཀྱི་ཏང་ཙུའུ(ཏང་ཨུད)ཡིས་ཚན་པ་དང་སྡེ་ཚན་དེ་གའི་དམངས་གཙོའི་ཏང་ཤོག་གི་ཁོངས་མི་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། སྲིད་གྲོས་ཨུ་ཡོན་བཅས་ཆབ་སྲིད་གྲོས་མོལ་ལ་ཞུགས་པར་མཐུན་རྐྱེན་བསྐྲུན་ནས་འགན་སྲུང་དགོས་ངེས་འདོན་སྤྲོད་བྱེད་རྒྱུ།
དོན་ཚན་ཉེར་བརྒྱད་པ། ཏང་ཨུད་ཀྱི་འགན་ཁུར་བློ་མཐུན་གྱིས་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ལས་ཀའི་དགོས་མཁོར་གཞིགས་ནས་རིམ་པ་གཅིག་མཚུངས་ཀྱི་དམངས་གཙོའི་ཏང་ཤོག་གི་རྩ་འཛུགས་ཀྱི་འགན་ཁུར་བློ་མཐུན་དང་། ཏང་ཤོག་གང་ལའང་མ་གཏོགས་པའི་འཐུས་ཚབ་མི་སྣ་ཞུགས་པར་གདན་འདྲེན་ཞུས་ཆོག
ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། འབྲེལ་ཡོད་སྲིད་གཞུང་སྡེ་ཚན་བཅས་ཀྱི་ཏང་ཙུའུ(ཏང་ཨུད)ཡིས་ལས་ཀའི་དགོས་མཁོར་གཞིགས་ནས་རིམ་པ་མཉམ་པའི་དམངས་གཙོའི་ཏང་ཤོག་གི་རྩ་འཛུགས་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣར་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱེད་ཆོག་པ་དང་། གནས་ཚུལ་ལ་གཞིགས་ནས་རིམ་པ་མཉམ་པའི་དམངས་གཙོའི་ཏང་ཤོག་གི་རྩ་འཛུགས་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་འབྲེལ་ཡོད་ལས་དོན་གྲོས་ཚོགས་ལ་ཟུར་ཞུགས་དང་། ཆེད་དོན་བརྟག་དཔྱད་ཞིབ་འཇུག་དང་ཞིབ་བཤེར་ལྟ་སྐུལ་སློབ་སྟོན་ལ་སོགས་པའི་ནང་ཞུགས་པར་གདན་འདྲེན་ཞུ་རྒྱུ།
དོན་ཚན་ཉེར་དགུ་པ། དམངས་གཙོའི་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་སྲིད་གྲོས་ཐོག་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་ས་གནས་ཀྱི་བྱེད་ཐབས་གལ་ཆེན་ལ་གྲོས་བསྡུར་དང་གྲོས་མོལ་བྱེད་པར་ཞུགས་པར་རྒྱབ་སྐྱོར་དང་། དམངས་གཙོའི་ཏང་ཤོག་ཁག་གིས་ཏང་ཤོག་དེ་གའི་མིང་ཐོག་ནས་སྲིད་གྲོས་ཐོག་བསམ་འཆར་འདོན་པ་དང་གྲོས་འགོ་འདོན་པ་སོགས་ལ་ལམ་སྲོལ་རང་བཞིན་ལྡན་པའི་བཀོད་སྒྲིག་བྱེད་རྒྱུ།
ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།
དོན་ཚན་སུམ་ཅུ་པ། སྲོལ་ཡིག་འདིའི་འགྲེལ་བཤད་རྒྱག་འགན་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འཁུར་རྒྱུ།
དོན་ཚན་སོ་གཅིག་པ། སྲོལ་ཡིག་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

༄༅། །ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་ལས་དོན་སྲོལ་ཡིག
(སྤྱི་ལོ༢༠༢༢ལོའི་ཟླ༥པའི་ཚེས༢༧ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད། སྤྱི་ལོ༢༠༢༢ལོའི་ཟླ༦པའི་ཚེས༡༣ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས)

འབྲེལ་ཡོད་འོས་སྦྱོར།