logo

མཚོ་སྔོན་ཞིང་ཆེན་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཚང་འཛམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2022-08-05 ཀློག་གྲངས།:
        ཟླ་བརྒྱད་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཚང་འཛམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཝེ་ཏུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཧོང་ཡ་གྲོས་ཚོགས་ལ་ཞུགས།
        གྲོས་ཚོགས་སྟེང་བསྟན་དོན། ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བ་ནི་སྲིད་གཞུང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བའི་དམངས་ཚིས་དམངས་སེམས་བཟོ་སྐྲུན་གལ་ཆེན་ཞིག་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ་གནས་བབ་གསར་པ་དང་ལས་འགན་གསར་པར་ངོས་འཛིན་གང་ལེགས་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།    གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་གཞི་རིམ་བཅོས་སྐྱོང་། སློབ་གསོ་དྲིལ་སྒྲོག་བཅས་ཐད་སྔར་ལས་ཤུགས་འདོན་པ། ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་ཁྲིམས་ལག་བསྟར་ཟབ་མོ་བྱེད་པ། སློབ་གྲྭའི་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པ། སྤྱི་བའི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ། ནར་མ་སོན་པའི་མིའི་དྲ་རྒྱའི་བདེ་འཇགས་ལ་ནུས་ཡོད་སྒོས་སྲུང་སྐྱོབ་བྱེད་པ། སྲིད་གཞུང་གི་སྲུང་སྐྱོབ་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཏེ་འགུལ་སྐྱོད་དངོས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
        གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱེད་པ་དང་། ལས་བགོས་འགན་འཁྲི་དང་བྱ་བ་དངོས་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ལ་ཞིབ་འཇུག་བྱ་རྒྱུ་དམ་འཛིན་བྱེད་དགོས། ལས་འགན་གཙོ་བོ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱེད་པ་དང་ལས་འགན་རྩིས་ཁྲར་དམིགས་པ། བྱེད་ཐབས་ཞིབ་ཕྲ་དང་དངོས་གཉེར་ཅན་དུ་གཏོང་བ། རིམ་པ་རེ་རེ་བཞིན་འགན་འཁྲི་ནན་མོར་འཛིན་པ། འབུར་ཐོན་གནད་དོན་ལེགས་བཅོས་བྱེད་པ། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་པ། ཁྱིམ་ཚང་དང་སློབ་གྲྭ། སྡེ་དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཚད་མཐའ་བརྟན་པོར་སྲུང་དགོས། གཅིག་གྱུར་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་སྟོན་དམ་འཛིན་ནན་མོ་བྱེད་པ་དང་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ། སྒྲིག་གཞིའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ཏེ་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བར་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་མཉམ་དུ་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་འོས་སྦྱོར།