མཚོ་ལྷོ་ཁུལ་ཨུའི་མགོ་ཁྲིད་ཀྱིས་གནོད་འཚེ་ཐེབས་ཡུལ་ལ་རྟོག་ཞིབ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2022-08-12
ཀློག་གྲངས།:
ཟླ8པའི་ཚེས9ཉིན་གྱི་དགོང་མོར། མཚོ་ལྷོ་ཁུལ་གྱི་ས་ཁུལ་སོ་སོར་དྲག་ཆར་དང་སེར་བ་བབས་ནས་ས་ཁུལ་ཁ་ཤས་སུ་ཆུ་ལོག་དང་རི་ཉིལ་བའི་གནས་ཚུལ་བྱུང་། ཟླ8པའི་ཚེས10ཉིན་གྱི་སྔ་དྲོར་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་དཔོན་ཀརྨ་ཕུན་ཚོགས་གཉིས་ཀྱིས་ཁུལ་མཁོ་བསྟུན་དོ་དམ་ཅུའུ་དང་། སྡོད་ཁང་དང་ཆུ་བེད་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་མཉམ་དུ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་སྒོ་མེ་ཞིང་ཁ་ཤར་སྡེ་དང་སོར་རྒྱ་སྡེ་བ། ཧྲུའུ་ཡུས་ཧྭ་ཧྥུ་སྡོད་ཁུལ་གྱི་མཐའ་འཁོར་སོགས་སུ་སོང་སྟེ་ཡུལ་དངོས་ནས་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་འབྲེལ་རོགས་སྐྱོར་བྱ་བར་མཛུབ་ཁྲིད་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།