ཆབ་ཆ་གྲོང་རྡལ་གྱི་མཁར་གྲོང་གཙོ་བོའི་བཀག་སྡོམ་གློད་པ།
རྩོམ་པ་པོ།:
ཡོང་ཁུངས།:གུང་ཧོ་རྫོང་སྨྱན་བྱད་མཉམ་འདྲེས་ལྟེ་གནས།
དུས་ཚོད།:2022-08-21
ཀློག་གྲངས།:
གུང་ཧོ་རྫོང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།
2022ལོའི་ཨང31པ།
“ཕྱི་ཡོང་སྔོན་འགོག་དང་ནང་ཁུལ་བསྐྱར་བྱུང་མི་བྱེད་པའི”སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་སེལ”གྱི་ཇུས་གཞི་ལག་བསྟར་ནན་མོ་བྱ་ཆེད་དང་། ཞིང་ཆེན་ཏང་ཨུའུ་དང་ཞིང་ཆེན་སྲིད་གཞུང་གིས་རིམས་ནད་སྔོན་འགོག་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་བྱ་བའི་རེ་བ་ལྟར། ཞིང་ཆེན་དང་ཁུལ། རྫོང་གི་ཆེད་མཁས་པ་དག་གིས་རྫོང་ཡོངས་ཀྱི་རིམས་ནད་ཀྱི་གནས་སྟངས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་བརྒྱུད། རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུས་ཐག་གཅོད་ལྟར་ན། ཟླ8པའི་ཚེས21ཉིན་གྱི་དུས་ཚོད15སྟེང་ཆབ་ཆ་གྲོང་རྡལ་གྱི་མཁར་གྲོང་གཙོ་བོའི་བཀག་སྡོམ་ཡོངས་སུ་གློད་རྒྱུ་དང་། ཐོན་སྐྱེད་འཚོ་བ་སྔར་བཞིན་རྒྱུན་ལྡན་ཅན་དུ་གཏོང་རྒྱུ་རེད། ཤང་དང་གྲོང་རྡལ11(འདིའི་ཁྲོད་ཆབ་ཆ་གྲོང་རྡལ་གྱི་སྲིད་འཛིན་སྡེ་བ15འདུས)གི་འཇགས་རྣམ་དོ་དམ་ཐད་ཀྱི་གནས་ཚུལ་དེ་ཟླ8པའི་ཚེས22ཉིན་གྱི་ཐེངས་བཞི་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་ཐོན་རྗེས། ཁུལ་དང་རྫོང་རིམས་ནད་སྔོན་འགོག་བཀོད་འདོམས་པུའི་ཕྱོགས་བསྡུས་དབྱེ་ཞིབ་བྱས་རྗེས་ད་གཟོད་བཀག་སྡོམ་གློད་ཆོག་མིན་གྱི་བརྡ་སྦྱོར་གཏོང་ངེས། གཤམ་ནས་ཆབ་ཆ་གྲོང་རྡལ་གྱི་མཁར་གྲོང་གཙོ་བོའི་བཀག་སྡོམ་གློད་རྗེས་ཀྱི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།
གཅིག ཆབ་ཆ་གྲོང་རྡལ་གྱི་མཁར་གྲོང་གཙོ་བོའི་བཀག་སྡོམ་ཁུལ་གློད་རྒྱུ།(འདིའི་ཁྲོད་གཏན་འཁེལ་བྱས་ཡོད་པའི་ཉེན་ཁ་ཅུང་ཆེ་བའི་ས་ཁུལ་མི་འདུས) གོ་རིམ་ལྡན་པའི་སྒོ་ནས་མི་སྣ་འགྲོ་འོང་བྱས་ཆོག་པ་དང་། ཏང་སྲིད་སྡེ་ཁག་དང་རྒྱལ་དབང་ཁེ་ལས།ལས་དོན་སྡེ་ཁག་བཅས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་གཞུང་སྒྲུབ་བྱས་ཆོག
གཉིས། གོ་རིམ་ལྡན་པའི་སྒོ་ནས་བཟོ་ལས་དང་ཁེ་ལས། ལས་གཞི་འཛུགས་སྐྲུན་སོགས་རྒྱུན་ལྡན་ངང་འཛུགས་སྐྲུན་བྱས་ཆོག ཁེ་ལས་སོ་སོ་དང་ལས་གཞི་འཛུགས་སྐྲུན་སྡེ་ཁག་གིས་རིམས་ནད་སྔོན་འགོག་གི་འགན་ཁུར་གཙིགས་སུ་བཟུང་ནས། ལས་བཟོ་བ་དང་རླངས་འཁོར་བཅས་ལ་བཀག་སྡོམ་རང་བཞིན་གྱི་དོ་དམ་བྱེད་དགོས།
གསུམ། གོ་རིམ་ལྡན་པའི་སྒོ་ནས་སྡེབ་འཚོང་རིགས་ཀྱི་ཁེ་ལས། ཞིང་ལས་ཚོང་ར། སྒོ་རྩིས་ཚོང་ཁང་། མགྲོན་ཁང་། སྟབས་བདེ་ཚོང་ཁང་། སྣུམ་སྣོན་ས་ཚིགས་བཅས་དམངས་ཀྱི་འཚོ་བའི་གཞི་རྩའི་ཞབས་ཞུའི་ཁྱབ་ཁོངས་སོགས་སྒོ་འབྱེད་རྒྱུ་ཡིན།
བཞི། བཟའ་བཏུང་ཁེ་ལས་ཀྱིས་གོ་རིམ་པའི་ལྡན་པའི་ངང་ལས་གཉེར་སླར་གསོ་བྱ་དགོས་པ་དང་། ཟ་མ་དྲ་ལམ་ནས་ཉོ་པ་དང་ཁྱེར་ནས་འགྲོ་དགོས།
ལྔ། སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་དག་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་དགོས། འགྲུལ་སྐྱེལ་རླངས་འཁོར་དག་རིམ་བཞིན་སླར་གསོ་བྱ་དགོས། ཁ་ལོ་བ་དག་གིས་དུས་ཡུན་གཏན་འཁེལ་ནང་ངེས་པར་དུ་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་ཤིང་། རླངས་འཁོར་སྐོར་དུས་ཚད་ལྡན་གྱི་ཁ་ཐུམ་རྒྱག་དགོས་པ་དང་། ཉིན་རེར་རླངས་འཁོར་ཐེངས་གཉིས་ལ་དུག་སེལ་བྱེད་དགོས་པར་མ་ཟད། མང་ཚོགས་རྣམས་རླངས་འཁོར་ལ་འདུག་སྐབས་ངེས་པར་དུ་ཚད་ལྡན་གྱིས་ཁ་ཐུམ་རྒྱག་པ་དང་ཨང་གཉིས་བཤེར་བའི་བྱེད་ཐབས་ལག་བསྟར་ནན་མོ་བྱ་དགོས།
དྲུག ཚོང་ཁང་དང་སྒེར་གཉེར་སྨན་ཁང་། གྱོན་ཆས་ཚོང་ཁང་། སྐྲ་བཞར་ཁང་། ལྗོངས་ཁུལ། KTV ཆང་ཁང་། དྲ་ཁང་སོགས་མང་ཚོགས་ཀྱི་འཚོ་བ་ཐད་ཀར་འབྲེལ་བ་དམ་ཟབ་མེད་པ་དག་གིས་གནས་སྐབས་ཚོང་གཉེར་བྱས་མི་ཆོག ཚོགས་འདུ་དང་ལྟ་སྦྱོང་། དགོངས་ཚོགས། འགྲེམས་ཚོང་། ལུས་རྩལ་འགྲན་སྡུར་སོག་ཀྱི་བྱ་འགུལ་གནས་སྐབས་སུ་སྤེལ་མཚམས་འཇོག་དགོས། འདས་ཆོད་སྟབས་བདེ་སྒྲུབ་པ་དང་གཉེན་སྟོན་སོགས་ཕྱིར་འགྱངས་བྱེད་དགོས།
བདུན། མྱུལ་སྐྱེལ་ལས་རིགས་དག་གིས་རིམས་འགོག་གི་བྱ་བ་ལག་བསྟར་ནན་མོ་བྱེད་དགོས་ཤིང་། མྱུར་སྐྱེལ་བ་དང་ཕྱིར་ཚོང་བྱེད་མཁན་དག་གིས་ངེས་པར་དུ་ཉིན་རེར་ལུས་ཀྱི་དྲོད་ཚད་འཇལ་པ་དང་དུས་ཡུན་གཏན་འཁེལ་ནང་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས། མྱུར་སྐྱེལ་ལས་རིགས་ཀྱིས་ཐག་གཅོད་བྱ་ཡུལ་དང་ལས་གཉེར་བྱ་ཡུལ། གཞུང་སྒྲུབ་བྱེད་ས། སྐྱེལ་འདྲེན་རླངས་འཁོར། མཁོ་ཆས་སོགས་ལ་དུག་སེལ་བྱེད་དགོས། སྔོན་ལ་དངོས་པོ་དུག་སེལ་བྱེད་པ་དང་རྗེས་ནས་དངོས་པོ་སྐྱེལ་བའི་ལམ་ལུགས་ལག་བསྟར་བྱེད་དགོས། སྦྲག་སྲིད་མྱུར་སྐྱེལ་ཀྱིས་རིམས་ནད་སྔོན་འགོག་གི་བླང་བྱ་དོན་འཁྱོལ་ནན་མོ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག མི་དང་རླངས་འཁོར། ལམ་ཐིག་བཅས་གཏན་འཁེལ་བྱེད་པའི་རྩ་དོན་ལྟར་སྐྱེལ་འདྲེན་བྱ་དགོས།
བརྒྱད། སྨན་བཅོས་ལས་ཁུངས་ཀྱིས་རིམས་འགོག་གི་བྱ་བར་ཤུགས་སྣོན་བརྒྱབ་ནས། སྔོན་ལ་བརྟག་དཔྱད་བྱེད་པའི་འགན་ཁུར་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། གལ་ཏེ་ཚ་རྒྱག་པ་སོགས་ཀྱི་རྒྱུན་ལྡན་མིན་པའི་ནད་རྟགས་བྱུང་ཚེ་དུས་ཐོག་ཏུ་རིམས་ནད་སྔོན་འགོག་གི་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།
དགུ ཡུལ་དངོས་ཀྱི་གསོ་སྦྱོང་རིགས་གནས་སྐབས་སུ་མཚམས་འཇོག་དགོས། རྒན་གསོ་ཁང་དང་སྤྱི་བདེ་ལྟ་སྐུལ་ཁང་ལ་ད་དུང་ཕྱོགས་ཡོངས་ནས་བཀག་སྡོམ་དོ་དམ་བྱ་དགོས། ཆོས་ལུགས་ཀྱི་བྱེད་སྒོའི་ས་ཚིགས་ཀྱིས་ཕྱི་ཕྱོགས་སུ་གནས་སྐབས་སྒོ་མི་འབྱེད་པར་གནས་སྐབས་སུ་བཀག་སྡོམ་གྱི་དོ་དམ་ལག་བསྟར་བྱ་དགོས།
བཅུ། ཐོན་སྐྱེད་ཚོང་གཉེར་སྡེ་ཁག་གིས་ཚོང་གཉེར་བྱ་བ་བསྐྱར་དུ་མགོ་མ་བརྩམས་པའི་སྔོན་དུ་ཁོར་ཡུག་དུག་སེལ་དང་། གཙང་སེལ། རླུང་རྒྱུ་རུ་འཇུག་དགོས། རིམས་འགོག་ཆེད་གཉེར་བྱ་བའི་མི་སྣ་དག་གིས་དུམ་མཚམས་དབྱེ་བའི་རྨང་གཞིའི་ཐོག གློག་སྐེས་དང་། ཚོང་ཟོག་འཇོག་སྒམ། ཚོང་ཟོག་སྐྱེལ་འདྲེན་རླངས་འཁོར་སོགས་ལ་དུག་སེལ་ནན་མོ་བྱ་དགོས་པར་མ་ཟད། ལུས་དྲོད་ཚད་འཇལ་དང་། ཁ་ཐུམ་རྒྱག་པ། ཨང་གཉིས་བཤེར་པ། མི་དང་མིའི་བར་སྨི་གཉིས་ཀྱི་བར་ཐག་ངེས་ཅན་འཛིན་དགོས།
བཅུ་གཅིག མུ་མཐུད་ནས་གཙོ་གནད་མི་སྣའི་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། དེ་ལས་ཀྱང་ཉེན་ཁ་ཆེ་བ་དང་། ཉེན་ཁ་འབྲིང་པ་སོགས་གཙོ་གནད་མི་སྣ་ལ་ཞིབ་བཤེར་ནན་མོ་བྱེད་རྒྱུ་ཡིན་ལ། ཁྱད་པར་དུ། བོད་ལྗོངས་དང་། ཀན་སུའུ། ཞིན་ཅང་། ཧའེ་ནན་ཞིང་ཆེན། རང་ཞིང་གི་མཚོ་ནུབ་ཁུལ་གྱི་ན་གོར་མོ། གཏེར་ལེན་ཁ། དབུས་ལམ། ཡུལ་ཤུལ་སོགས་ས་ཁུལ་ནས་རང་རྫོང་དུ་ལོག་པའི་མི་རྣམས་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཉིན་དང་པོ་དང། ཉིན་གཉིས་པ། ཉིན་གསུམ་པ་བཅས་ལ་ཐེངས་གསུམ་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས།
བཅུ་གཉིས། རང་རྫོང་དུ་ལོག་པའི་རླངས་འཁོར་ཁ་ལོ་བ་ཡོངས་ཀྱིས་གསུམ་མི་རུང་པའི་ཐབས་ཇུས་ལག་བསྟར་ནན་མོ་བྱས་ཏེ། རྫོང་ཡོངས་ཀྱི་གཞུང་ལམ་གཙོ་བོའི་རིམས་འགོག་ཞབས་ཞུའི་ལྟེ་གནས་ནས་ཨང་གཉིས་བཤེར་བ་དང་། ཉིང་སྐྱུར་བརྟག་དཔྱད་ཀྱི་འགྲོ་ལུགས་ཡང་དག་བསྒྲུབ་དགོས།
བཅུ་གསུམ། རིམས་འགོག་གི་སྒྲིག་ལམ་བརྩི་སྲུང་མི་བྱེད་པར་བྲོས་བྱོལ་བྱས་ཚེ། ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་རེད། དེ་བས་རྒྱ་ཆེ་མང་ཚོགས་ཀྱིས་ལྟ་སྐུལ་ཞུ་གཏུག་བྱེད་དགོས། ཞུ་གཏུག་བྱས་པའི་གནས་ཚུལ་དོན་དངོས་དང་མཐུན་ཚེ། ཞུ་གཏུག་བྱེད་མཁན་ལ་བྱ་དགའ་སྟེར་རྒྱུ་རེད།
བཅུ་བཞི། རྒྱ་ཆེའི་མང་ཚོགས་ཀྱིས་རང་གིས་རང་ལ་དོ་དམ་བྱེད་པའི་འགན་འཁྲི་ལག་བསྟར་བྱས་ནས་རིམས་འགོག་གི་བླང་བྱ་བརྩི་སྲུང་བྱས་ཏེ། སྒོ་ཕྱི་ལ་འགྲོ་སྐབས་ཁ་ཐུམ་རྒྱག་པ་དང་མི་དང་མིའི་བའི་བར་ངེས་ཅན་འཇོག་པ་རྒྱུན་འཁྱོངས་བྱེད་པ། རང་འགུལ་ངང་རིམས་འགོག་འགོག་ཁབ་རྒྱག་པ་བཅས་བྱས་ནས་རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས་པར་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་པར་གཞོགས་འདེགས་བྱས་ཏེ། དུས་རྒྱུན་དུ་ལག་པ་བཀྲུ་བ་དང་། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ། ཐུན་མོང་གི་ཐུར་མ་བཀོལ་སྤྱོད་བྱེད་པ་སོགས་རྒྱུན་སྐྱོང་བྱ་དགོས། གལ་ཏེ་ཚ་རྒྱག་པ་དང་གློ་ལུ་བྱེད་པ། ཤེད་ཤུགས་ཉམས་པ། མིད་པ་ན་བ། སྣ་ཚོར་ཉམས་པ་སོགས་པྲོག་གསར་གློ་ཚད་ཀྱི་ནད་རྟགས་བྱུང་ན་ངེས་པར་དུ་ཉེ་འགྲམ་གྱི་སྒོ་བསྟེན་སྨན་ཁང་དུ་སོང་སྟེ་སྨན་བཅོས་དང་བརྟག་དཔྱད་བྱེད་དགོས་པ་དང་། སྨན་ཁང་དུ་འགྲོ་བའི་ལམ་བར་དུ་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་འདུག་མི་ཆོག་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་དང་འགལ་བའི་རིགས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བདའ་འདེད་གཏོང་རྒྱུ། མིག་སྔར་རང་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་སྤྱིའི་ཆ་ནས་བརྟན་པོའི་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད་མོད། འོན་ཀྱང་རིམས་ནད་སྔར་བཞིན་གནས་ཡོད་པས། ཕྱི་ནས་ནང་དུ་འཆེད་པའི་ཉེན་ཡང་ཆེ། དེ་བས་རྫོང་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་གི་འདུ་ཤེས་སྔར་བཞིན་ཇེ་དྲག་བཏང་སྟེ་རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་བྱ་བར་རྒྱབ་སྐྱོར་བྱ་དགོས།
གུང་ཧོ་རྫོང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ནས།
2022ལོའི་ཟླ8པའི་ཚེས21ཉིན།
2022ལོའི་ཟླ8པའི་ཚེས21ཉིན།
འབྲེལ་ཡོད་འོས་སྦྱོར།