ཞིང་ཆེན་རིམས་འགོག་བཀོད་འདོམས་པུའུ་ཡི་ལྟ་ཞིབ་ཚན་ཆུང་བཞི་པ་བྲག་དཀར་རྫོང་དུ་ཡོང་སྟེ་རིམས་འགོག་བྱ་བར་ལྟ་སྐུལ་དང་ཞིབ་བཤེར་བྱས།
རྩོམ་པ་པོ།:
ཡོང་ཁུངས།:བྲག་དཀར་རྫོང་ཉི་ཟེར་སྲིད་དོན།
དུས་ཚོད།:2022-08-23
ཀློག་གྲངས།:
སྤྱི་ཟླ8པའི་ཚེས21ཉིན། ཞིང་ཆེན་ཚོང་དོན་ཐེན་གྱི་ཐེན་ཀྲང་གཞོན་པ་ཝང་ཞུས་པེན་གྱིས་ཞིང་ཆེན་རིམས་འགོག་བཀོད་འདོམས་པུའུ་ཡི་ལྟ་ཞིབ་ཚན་ཆུང་བཞི་པ་སྣེ་ཁྲིད་བྱས་ཏེ་རང་རྫོང་དུ་ཡོང་ནས་རིམས་འགོག་བྱ་བར་ལྟ་སྐུལ་དང་ཞིབ་བཤེར་བྱས། ཞིབ་བཤེར་བྱེད་སྐབས་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཏིག་ཞན་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲང་ཀྲི་ཝུན་གཉིས་ཀྱིས་འགྲོ་རོགས་བྱས།

ལྟ་ཞིབ་ཚན་ཆུང་སྔ་རྗེས་སུ་རྫོང་རིམས་འགོག་ལྟེ་གནས་དང་ཧུའེ་ཅ་འཚོ་བའི་སྒོ་རྩིས་ཚོང་ཁང་། ཐང་ནག་ཡུལ་ཚོ་སྡེ་བ་གོང་མའི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས། ལིས་ཅིན་གཞིས་ཁུལ་གྱི་བཀག་སྡོམ་ས་ཚིགས་སོགས་སུ་སོང་སྟེ། ཡུལ་དངོས་སུ་ལྟ་ཞིབ་བྱེད་པ་དང་འབྲེལ་ཡོད་ཡིག་ཆ་ལྟ་ཀློག་བྱེད་པ་བཅས་ཀྱི་ཐབས་ལ་བརྟེན་ནས་རང་རྫོང་གི་རིམས་འགོག་བྱ་བའི་བཀོད་འདོམས་མ་ལག་དང་རིམས་འགོག་དངོས་རྫས་གསོག་ཉར་བྱས་ཚུལ། གཙོ་གནད་ས་ཁུལ་གྱི་རྒྱུན་ལྡན་གྱི་རིམས་འགོག་བྱས་ཚུལ། སྨན་བཅོས་དངོས་རྫས་གསོག་ཉར་བྱས་ཚུལ། རིམས་ནད་ཀྱི་འགོག་ཁབ་བརྒྱབ་ཚུལ་བཅས་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱས།

ལྟ་ཞིབ་ཚན་ཆུང་གིས་རང་རྫོང་གི་རིམས་འགོག་བྱ་བར་གདེང་འཇོག་མཐོན་པོ་གནང་བ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རིམས་འགོག་བྱ་བར་མཐོང་ཆེན་དྲག་པོ་བྱས་ཏེ་བཀོད་འདོམས་གང་ལེགས་བྱས་ཤིང་། རིམས་འགོག་བྱ་བ་སོ་སོ་ནན་གྱིས་བསྒྲུབས་པས་ཞིང་ཆེན་རིམ་པའི་བླང་བྱ་བཏོན་པ་དག་དོན་འཁྱོལ་ནུས་ལྡན་བྱས་ཡོད་ཅེས་བཤད། དེ་ནས་རང་རྫོང་གིས་མུ་མཐུད་དུ་རིམས་འགོག་བྱ་བ་ལེགས་པོར་བསྒྲུབ་པའི་ཐད་ལ་བླང་བྱ་ཞིབ་ཕྲ་བཏོན་ཞིང་། རྫོང་རིམས་འགོག་ལྟེ་གནས་ཀྱིས་ལྟ་ཞིབ་ཚན་ཚུང་གིས་བཏོན་པའི་བླང་བྱ་སོ་སོ་གཞིར་བཟུང་སྟེ་མྱུར་དུ་བཀོད་འདོམས་གང་ལེགས་བྱས་ཤིང་། ཚན་ཁག་སོ་སོས་རིམས་འགོག་ཁྲོད་ཀྱི་གནད་དོན་ཐག་གཅོད་དགོས་པ་དང་ཞན་ཆ་ཁ་གསབ་བྱས་ནས་རང་རྫོང་གི་རིམས་འགོག་བྱ་བ་སོ་སོ་ལེགས་པར་འགྲུབ་དགོས་པའི་བླང་བྱ་ནན་མོ་བཏོན།
འབྲེལ་ཡོད་འོས་སྦྱོར།