logo

༄༅། །མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་ཀརྨ་ཕུན་ཚོགས་བྲག་དཀར་རྫོང་ལུང་བཟང་ཤང་དུ་ལས་དོན་རྟོག་ཞིབ་ལ་ཕེབས།

རྩོམ་པ་པོ།:འདི་གའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-09-06 ཀློག་གྲངས།:
        ཟླ༩པའི་ཚེས༤ནས་ཚེས༥ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀརྨ་ཕུན་ཚོགས་ལགས་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ། ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དགེ་འདུན་རྒྱལ་གྱི་འགྲོ་རོགས་འོག བྲག་དཀར་རྫོང་ལུང་བཟང་ཤང་དུ་སོང་ནས་ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་དང་གྲོང་རྡལ་འཛུག་སྐྲུན། བྲུབ་འགོག་གནོད་འགོག་གི་བྱ་བར་གཟིགས་ཞིབ་བྱས། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་འབྲུག་འབུམ་རྒྱལ། དེ་མིན་རྫོང་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་པ། ཤང་ཏང་སྲིད་ཀྱི་འབྲེལ་ཡོད་འགན་འཁུར་བ་གཙོ་བོ་དག་གིས་རྟོག་ཞིབ་ལ་འགྲོ་རོགས་བྱས།
        ཁུལ་དཔོན་ཀརྨ་ཕུན་ཚོགས་ཤང་ལས་ཁུངས་ཀྱི་ཟ་ཁང་དང་གཞུང་ལས་ཁང་། ཉལ་ཁང་བཅས་སུ་སོང་ནས་ལས་བྱེད་པའི་འཚོ་བའི་གནས་ཚུལ་དང་ཁོར་ཡུག་ལ་ཡུལ་དངོས་གཟིགས་ཞིབ་གནང་བ་དང་། ཤང་ཡོངས་ཀྱི་གཞི་རྩའི་གནས་ཚུལ་དང་རྫོང་མཁར་གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱི“ཏང་དང་དམངས་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས”ཀྱི་ལས་གཉེར་གནས་ཚུལ་ལ་གསན་པ་རེད། ཁོང་གིས་ལུང་བཟང་ཤང་ཏང་ཨུ་དང་སྲིད་གཞུང་གིས་འཚོལ་ཞིབ་ཧུར་ཐག་དང་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ“ཞིབ་གཉེར་ཅན”གྱི་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་སྔར་ཡོད་འབྲོག་ཁུལ་གྱི་ཐོན་ཁུངས་བསྡུ་སྒྲིལ་དང་། ཕྱོགས་ཡོངས་ནས“ཏང་དང་དམངས་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས”སྐྲུན་པ་དང“ས་གནས་གཉིས་ཀྱི་མཉམ་འབྲེལ་ཁ་གསབ”ཀྱི་ཞབས་ཞུའི་རྣམ་པ་སྐྲུན་པར་ཁས་ལེན་གང་ལེགས་བྱ་དགོས་པ། མཐོ་སྒང་འབྲོག་ཁུལ་ནི་ས་རྒྱ་ཆེ་ཞིང་མི་གྲངས་ཁ་ཐོར་དང་ཆ་རྐྱེན་ཞན་པས། སྐྱས་སྤོས་འབྲོག་པ་གཞིས་ཆགས་དང་ཡུལ་གཞན་དུ་གནས་སྤོ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དེས་ཁོ་ཚོའི་འཚོ་བའི་ཆ་རྐྱེན་སྔར་བས་ཇེ་ལེགས་དང་ལས་ཞུགས་ཀྱི་གོ་སྐབས་མང་སའི་རྫོང་མཁར་དུ་གནས་སྤོ་ཐུབ་པ་བྱེད་རྒྱུ་དང་ཆབས་ཅིག ཤང་དུ་ཡོད་པའི་འབྲོག་པས་མུ་མཐུད་འབྲོག་ལས་ཐོན་ལས་འཕེལ་རྒྱས་བཏང་སྟེ། ས་གནས་གཉིས་ཀྱི་གཞུང་དོན་སྒྲུབ་སྟངས་ཀྱིས་ཞབས་ཞུའི་བར་ཐག་ཆེས་ཆེར་ཐུང་དུ་བཏང་ནས་ཞིང་འབྲོག་མང་ཚོགས་གནས་གཉིས་སུ་ཡར་རྒྱུག་མར་རྒྱུག་བྱེད་པ་དང་། ལས་སྒྲུབ་མ་གནས་མཐོ་བ་དང་ལས་སྒྲུབ་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་སྤྱི་ལེ་གཅིག”ཤར་གཏོང་བྱེད་ཐུབ་དགོས་པ་བསྟན།
        ཕྱི་ཉིན། ཁུལ་དཔོན་ཀརྨ་ཕུན་ཚོགས་འཁོར་དང་བཅས་པ་མཚམས་ཐོག་དགོན་གོང་མར་སོང་ནས་དགོན་པའི་འཆར་འགོད་དང་དུས་རྒྱུན་གྱི་དོ་དམ་གནས་ཚུལ་ལ་གསན། གཞན་གནས་དེ་དག་གི་རི་ཉུལ་བའི་བྱུར་རྐྱེན་གནས་ཚུལ་ལ་གཟིགས་ཞིབ་གནང་བར་མ་ཟད། རྐྱེན་ངན་དེ་དག་བཅོས་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ལྷག་པའི་དཀའ་ངལ་དང་གནད་དོན་ཐད་དགེ་མཚན་ལྡན་པའི་བསམ་འཆར་བཏོན། ཁོང་གིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་མཐའ་འཁྱོངས་བྱེད་ཏེ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ལས་ཀའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྔོན་ཚུད་ཉེན་བརྡ་དང་ལྟ་ཞིབ་ཚད་ལེན། འཕྲལ་སྡོམ་ཁ་གཏད་གཅོག་པ། སྐྱོབ་རོགས་བྱེད་ཤུགས་ཆེ་རུ་གཏོང་བ། གེགས་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུག་ཆེན་པོའི་འདུ་ཤེས་ལྡན་པར་བྱས་ཏེ་གྲྭ་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་བསྟན།

        ཉིན་གཉིས་ཀྱི་རིང་། ཁུལ་དཔོན་ཀརྨ་ཕུན་ཚོགས་ལགས་སྔ་གཞུག་ཏུ་ས་གནས་དེ་གའི་རུ་ཕྱོར་སྡེ་བ་དང་གླང་ཆེན་སྡེ་བ་སོགས་སུ་སོང་ནས་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཞིང་གྲོང་དར་སྤེལ་བཅས་ཀྱི་བྱ་བར་རྒྱུས་ལོན་དང་མཛུབ་སྟོན་གལ་ཆེན་གནང་།
འབྲེལ་ཡོད་འོས་སྦྱོར།