པྲོག་གསར་གློ་ཚད་ཀྱི་སྨན་དེ་སྨན་བཅོས་འགན་བཅོལ་ནང་འཇུག་རྒྱུ་རེད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2022-09-21
ཀློག་གྲངས།:
ཟླ9པའི་ཚེས6ནས་ཚེས12ཉིན་བར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡིས2022ལོའི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་དང་ཞིབ་བཤེར་བྱས་པའི་རེ་ཞུའི་སྨན་རྫས་ཀྱི་མིང་ཐོ་ཁྱབ་སྒྲོག་བྱས་ཤིང་། ཉེ་ཆར། ཕྱོགས་སོ་སོས་བཏོན་པའི་བསམ་འཆར་ལྟར། རིམ་པ་ལྟར་འབྲེལ་ཡོད་སྨན་རྫས་ལ་བསྐྱར་བཤེར་དང་མཇུག་འབྲས་ལ་བཟོ་བཅོས་བྱས། ཟླ9པའི་ཚེས17ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡིས2022«ལོའི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ་། བུ་བཙའི་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་གི་རྣམ་པས་ཞིབ་བཤེར་བྱས་པའི་སྨན་རྫས་ཀྱི་མིང་ཐོ»ཁྱབ་སྒྲོག་བྱས་པའི་ནང་། བསྡོམས་པའི་སྨན་རྫས་སྣ་ཁ343ལ་ཞིབ་བཤེར་བྱས།
2022ལོའི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱི་སྨན་རྫས་ཀྱི་དཀར་ཆག་ལེགས་སྒྲིག་གི་རྣམ་པས་ཞིབ་བཤེར་བྱས་པའི་སྨན་རྫས་རེ་ཞུའི་མིང་ཐོའི་ནང་། སྨན་རྫས་སྣ་ཁ343ལ་ཞིབ་དཔྱད་བྱས་ཤིང་། དེའི་ནང་རང་རྒྱལ་ནས་ཐོན་སྐྱེད་ཐོག་མར་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་སྨན་ཨ་ཙེ་ཕུའུ་ཏིང་ཕིན་སོགས་དཀར་ཆག་ནང་ཚུད་མེད་པའི་ཕྱི་ལུགས་དང་ཀྲུང་ལུགས་སྨན་སྣ198དང་། ཨ་ཏ་མུའུ་འགོག་ཁབ་སྨན་སོགས་དཀར་ཆག་ནང་ཚུད་པའི་ཕྱི་ལུགས་དང་ཀྲུང་ལུགས་སྨན་སྣ145ཡོད།
རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡིས་འདི་སྐད། ཐེངས་འདིའི་ཞིབ་བཤེར་སྙན་ཞུའི་བརྒྱུད་རིམ་ཁྲོད། ཞིབ་བཤེར་བྱས་ཟིན་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་སྨན་རྫས་སྔ་རྗེས་གོ་རིམ་ལྟར་བསྒྲུབ་ནས། རིན་གོང་ལུགས་དང་མཐུན་པ་གཏན་འཁེལ་བྱས་ཏེ་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་དངོས་སུ་འཇུག་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།
སླད་ཕྱིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡིས«གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས»དང«2022ལོའི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་ལས་དོན་གྱི་ཇུས་གཞི»ཡི་བླང་བྱ་ལྟར། ཆེད་མཁས་པའི་ཞིབ་བཤེར་སོགས་ཀྱི་ལས་དོན་གོ་རིམ་ལྟར་སྤེལ་རྒྱུ་ཡིན་ལ། གལ་ཏེ་དུས་ལྟར་ལམ་ལྷུང་བྱུང་ཚེ་ཟླ11པར་པར་གཞི་གསར་པའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ཁྱབ་སྒྲོག་བྱ་རྒྱུ་ཡིན་ལ། སང་ལོའི་ཟླ1པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།