བྲག་དཀར་རྫོང་གིས༢༠༢༢ལོའི་སྟོན་དུས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:བྲག་དཀར་རྫོང་ཉི་ཟེར་སྲིད་དོན་འཕྲིན་སྟེགས།
དུས་ཚོད།:2022-09-22
ཀློག་གྲངས།:
ཞིང་ཆེན་དང་ཁུལ་གྱི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་བའི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མིག་སྔའི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་བར་དབྱེ་ཞིབ་ཟབ་མོ་བྱ་ཆེད། ཟླ9པའི་ཚེས16ཉིན། བྲག་དཀར་རྫོང་གིས2022ལོའི་སྟོན་དུས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས་ཤིང་། རྫོང་ཞིང་ཕྱུགས་ཆུ་བེད་ཅུས་ཀྱི་མགོ་ཁྲིད་གཙོ་བོ་དང་། རྫོང་ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱི་མགོ་ཁྲིད། ཕྱུགས་ལས་གཞུང་ལས་ཁང་གི་ཀྲུའུ་རིན། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱི་མགོ་ཁྲིད། ཕྱུགས་རིགས་སྨན་པའི་ལས་དོན་མི་སྣ་ཡོངས་ཚོགས་འདུར་ཞུགས།

ཚོགས་འདུ་ལས་རང་རྫོང་གི་དཔྱིད་འགོག་བྱ་བ་སྤྱི་བསྡོམས་དང་། མིག་སྔའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་དབྱེ་ཞིབ་བྱས་ཤིང་། 2022ལོའི་སྟོན་དུས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་བར་བཀོད་སྒྲིག་བཅས་བྱས། ཚོགས་འདུ་ལས་བསྟན་དོན། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཤུགས་བསྣན་ཏེ“རྫོང་རིམ་པས་ཡུལ་ཚོར་འགན་གཙང་བྱེད་པ་དང་། ཡུལ་ཚོ་རིམ་པས་སྡེ་བར་འགན་གཙང་བྱེད་པ། སྡེ་བ་རིམ་པས་ཕྱུགས་ཟོག་ལ་འགན་གཙང་བྱེད་པ”བཅས་ཀྱི་བྱ་བའི་སྒྲིག་སྲོལ་གཞིར་བཟུང་སྟེ། འགན་འཁྲིའི་ས་ཁུལ་གཏན་འཁེལ་བྱེད་པ་དང་། རིམས་འགོག་འགན་འཁྲི་ནན་དུ་གཏོང་བ། ཁ་ཚ་རྨིག་ཚ་སོགས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་གྱི་སྟོན་དུས་ཀྱི་རྨང་གཞིའི་རིམས་འགོག་བྱ་བར་དམ་འཛིན་བྱ་དགོས། རྫོང་རིམ་པའི་འབྲེལ་གནས་ལས་དོན་མི་སྣ་སྡེ་བ་དང་འདུས་སྡེར་སོང་སྟེ་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་བར་ཞིབ་བཤེར་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོར་དུས་ཚོད་ལྟར་ཕྱུགས་བྱའི་རིམས་འགོག་བྱ་བ་ལེགས་བསྒྲུབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཤེས་རྟོགས་བྱུང་བའི་གནད་དོན་ཡུལ་ཚོ་དང་གྲོང་རྡལ་སོ་སོར་དུས་ཐོག་ཏུ་ཡར་ཞུ་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་སོ་སོ་ལག་བསྟར་བྱས་ནས་སྟོན་དུས་སྔོན་འགོག་གི་བྱ་བ་ཡོངས་བདེ་བླག་ངང་ལེགས་བསྒྲུབ་ཡོང་བར་བྱ་དགོས།
ཅུས་ཀྲང་གཞོན་པ་རྡོ་རྗེ་ཚེ་བརྟན་གྱིས2022ལོའི་སྟོན་དུས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལེགས་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསུམ་བཏོན་པ་སྟེ། གཅིག་ནས་རྨང་གཞིའི་རིམས་འགོག་བྱ་བར་ཤུགས་སྣོན་དགོས། ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱུགས་རིགས་སྨན་བཅོས་ས་ཚིགས་སོ་སོས་ཡུལ་ཚོ་དང་གྲོང་རྡལ་སྲིད་གཞུང་དང་འབྲེལ་མཐུད་བྱས་ནས“སྲིད་གཞུང་སྡེ་ཁག་གིས་འདུས་ཚད་འགན་ལེན་དང་ལས་སྒོ་སྡེ་ཁག་གིས་སྤུས་ཚད་འགན་ལེན་བྱེད་པའི”རྩ་དོན་གཞིར་བཟུང་ནས། མགྱོགས་མྱུར་གྱིས་རིམ་པ་སོ་སོའི་རིམས་འགོག་བྱ་བའི་སྟོབས་ཤུགས་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་གཅིག་སྡུད་ཀྱི་རིམས་འགོག་བྱ་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཟླ10པའི་ཚེས15ཡི་སྔོན་དུ་སྤུས་ཚད་དང་གྲངས་ཚད་འགན་ལེན་བྱས་ཏེ་རྫོང་ཡོངས་ཀྱི་སྟོན་དུས་ཀྱི་གཅིག་སྡུད་རིམས་འགོག་བྱ་བ་ལེགས་འགྲུབ་བྱ་དགོས། གཉིས་ནས་ཡིག་ཚགས་དཔྱད་ཡིག་འཐུས་ཚང་དུ་གཏོང་དགོས། ཡུལ་ཚོ་སོ་སོའི་ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱིས་རིམས་འགོག་ཡིག་ཚགས་དང་རིམས་འགོག་ཟིན་ཐོ། ནད་བརྟག་སྨན་བཅོས་ཀྱི་ཡིག་ཚགས། གནོད་པ་མེད་པར་ཐག་གཅོད་བྱས་པའི་ཟིན་ཐོ། དུག་སེལ་དང་ཡོང་ཁུངས་མེད་པར་བཟོས་པའི་ཟིན་ཐོ་སོགས་ཡིག་ཚགས་རྣམས་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས་ཐོ་འགོད་ཆ་ཚང་དང་ཡང་དག་བྱ་དགོས། གསུམ་ནས་འགན་འཁྲི་ནན་དུ་བཏང་སྟེ་འགན་འཁྲིའི་གསལ་ཐོ་ཁ་གསལ་བཟོ་དགོས། ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་ལས་སྒོའི་སྡེ་ཁག་གིས་འགན་འཁྲི་དོན་འཁྱོལ་ཡོང་བར་སྐུལ་འདེད་དང་། རྒྱུན་ལྡན་གྱི་བྱ་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་བའི་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བྱ་བ་སྒྲུབ་མཁན་ཡོད་པར་འགན་ལེན་བྱས་ནས་ཁ་ཚ་རྨིག་ཚའི་རིམས་ནད་དང་ཐུམ་འབུའི་ནད་སོགས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་བ་དེ་མིག་སྔའི་བྱ་བའི་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། བྱ་བའི་བྱེད་ཤུགས་ཆེ་རུ་བཏང་ནས་བྱ་བའི་འགན་འཁྲི་ཕྲག་ཏུ་བླངས་ཏེ་ཁ་ཚ་རྨིག་ཚའི་རིམས་ནད་དང་འབུ་ཁྲའི་ནད་ཡམས་སོགས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བ་སོ་སོ་དམ་འཛིན་བྱས་ནས་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱུགས་ལས་བདེ་བླག་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་འགན་ལེན་བྱ་དགོས།

ཚོགས་འདུར་ནན་གྱིས་བསྟན་དོན། ཡུལ་ཚོ་དང་གྲོང་རྡལ་སོ་སོས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ད་ལོའི་སྟོན་དུས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བ་བཀོད་སྒྲིག་བཀོད་སྒྲིག་དོན་འཁྱོལ་ཡང་བསྐྱར་བཅས་བྱས་ནས། འགན་འཁྲི་གཙོ་བོ་ཁ་གསལ་བཟོ་བ་དང་། རང་རྫོང་གི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པའི་གནས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་པ། དུས་བཀག་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བསྒྲུབས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ། གནད་དོན་དང་དཀའ་ངལ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་པ། སྟོན་དུས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྐུལ་འདེད་གཏོང་བ། ས་ཁོངས་རང་བཞིན་གྱི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་མི་འབྱུང་བའི་རིམས་ནད་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱ་དགོས།
འབྲེལ་ཡོད་འོས་སྦྱོར།