ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་བར་ཞུགས་པའི་འཐུས་མི་ཡོངས་རྫོགས་བདམས་ཐོན་བྱུང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2022-09-26
ཀློག་གྲངས།:
བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་འཐུས་མི་འདེམ་བསྐོའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས། རྒྱལ་ཡོངས་ཀྱི་འདེམ་བསྐོ་ལས་ཁུངས་སོ་སོས་ཏང་གི་འཐུས་མིའི་ཚོགས་ཆེན་དང་ཡང་ན་ཏང་གི་འཐུས་མིའི་ཚོགས་འདུ་བསྡུས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བར་ཞུགས་པའི་འཐུས་མི2296བདམས་ཐོན་བྱུང་།
ཏང་གི་ཚོགས་ཆེན་ཉི་ཤུ་བའི་འཐུས་མི་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་སྒྲིག་ཡིག་རྩ་བའི་བསྲུང་བྱ་རུ་འཛིན་རྒྱུ་རྒྱུན་འཁྱོངས། ཏང་གི་ངོ་བོའི་དམིགས་གཞི་རྒྱུན་འཁྱོངས། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་པ་དང་། ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་བྱས་ཏེ། གཟབ་ནན་གྱིས་ཏང་ཀྲུང་དབྱང་གི་འཐུས་མི་འདེམ་བསྐོའི་བྱ་བ་བཟང་པོར་སྒྲུབ་པའི་བླང་བྱ་ལྟར། འོག་ནས་གོང་བར་འདེམ་པ་དང་གོང་འོག་མཉམ་སྦྲེལ། ཡང་དང་བསྐྱར་དུ་ནང་གྲོས་དང་རིམ་པ་བཞིན་དུ་གདམ་གསེས་བཅས་བྱས་ཏེ་བདམས་ཐོན་བྱུང་བ་རེད།
བདམས་ཐོན་བྱུང་བའི་འཐུས་མི་རྣམས་སྤྱིའི་ཆ་ནས་ཏང་ཀྲུང་དབྱང་གི་གཏན་ཁེལ་བྱས་པའི་ཆ་རྐྱེན་དང་མཐུན་ལ། བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ཅུང་མཐོན་པོ་དང་། སྤྱོད་ལམ་གཤིས་རྒྱུད་ཡག་པོ། གྲོས་སྡུར་གྱི་ནུས་པ་ཅུང་ཆེན་པོ་བཅས་ལྡན་ཞིང་། སོ་སོའི་ལས་གནས་སྟེང་མངོན་གསལ་གྱི་གྲུབ་འབྲས་བླངས་ཡོད་པ་དང་། གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་མི་སྣ་ཡིན། འཐུས་མིའི་གྲུབ་ཚུལ་དང་ཁྱབ་ཚུལ་ཅུང་ལུགས་མཐུན་ཡིན་ལ། གྲུབ་ཚུལ་གྱི་བསྡུར་ཚད་སོ་སོ་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཞིང་། རྒྱ་ཆེའི་འཐུས་ཚབ་རང་བཞིན་ལྡན། ཁོ་ཚོའི་ཁྲོད་དུ། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཡོད་པ་དང་། ཐོན་སྐྱེད་དང་བྱ་བའི་མདུན་སའི་ཏང་ཡོན་ཡང་ཡོད། བུད་མེད་ཏང་ཡོན་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ངེས་ཅན་ཞིག་ཡོད་ལ། དཔལ་འབྱོར་དང་ཚན་རྩལ། རྒྱལ་སྲུང་། སྲིད་ཁྲིམས། སློབ་གསོ། དྲིལ་སྒྲོག རིག་གནས། འཕྲོད་བསྟེན། ལུས་རྩལ་དང་སྤྱི་ཚོགས་དོ་དམ་སོགས་ཁྱབ་ཁོངས་སོ་སོའི་འཐུས་མི་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་བར་ཞུགས་པའི་འཐུས་མིའི་ཐོབ་ཐང་ནི། ད་དུང་ཏང་གི་ཚོགས་ཆེན་ཉི་ཤུ་བའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ངོས་འཛིན་བྱ་དགོས།

འབྲེལ་ཡོད་འོས་སྦྱོར།