logo

ཞིང་ཆེན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་བྱེད་པའི་དྲིལ་སྒྲོག་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཁྲིམས་ལུགས་ཚགས་པར། དུས་ཚོད།:2022-10-15 ཀློག་གྲངས།:
        ཟླ10པའི་ཚེས9ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་བྱེད་པའི་དྲིལ་སྒྲོག་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས། གྲོས་ཚོགས་སུ་ཏང་ཀྲུང་དབྱང་གི་བཀོད་སྒྲིག་རེ་བ་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་ཞིང་འགན་འཁྲི་དང་ལེན་བཟང་པོ་བྱས་ནས། ཞིང་ཆེན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་བྱེད་པའི་དྲིལ་སྒྲོག་བྱ་བར་ཡང་བསྐྱར་བཀོད་སྒྲིག་དང་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
    གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་བྱེད་པའི་དྲིལ་སྒྲོག་བྱ་བ་བཟང་པོར་བསྒྲུབ་པའི་ལས་འགན་ཧ་ཅང་ལྕི། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་འགྲེང་གནས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཁ་ཕྱོགས་དང་གླེང་ཕྱོགས་ཁྲིད་ཕྱོགས། རིན་ཐང་བརྩོན་ཕྱོགས་གསལ་པོར་ཤེས་དགོས་ལ། རིགས་གཞུང་གླེང་ཕྱོགས་དང་དྲ་ངོས་དང་ཡུལ་དངོས། ནང་སྒྲོག་དང་ཕྱི་སྒྲོག་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། གནད་ལ་འཁེལ་ཞིང་ཡང་དག་པ་དང་སྤུས་ཚད་མཐོ་ཞིང་ཕན་འབྲས་མཐོ་བ་རྒྱུན་འཁྱོངས་བྱེད་པར་མ་ཟད། བརྗོད་དོན་གཙོ་བོ་མཚོན་པར་བྱེད་པ་དང་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་སྡུད་བྱེད་པ། སྤོབས་པ་ཆེར་སྐྱེད་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་སྤྲོ་སེམས་རབ་ཏུ་འཁོལ་ཞིང་སྤོབས་པས་ཁེངས་པའི་སྣང་ཚུལ་བཟང་པོ་བསྐྲུན་དགོས་ཞེས་ཟེར།
        གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་རང་རང་གི་འགན་འཁྲི་ལག་བསྟར་བཟང་པོ་བྱེད་པ་དང་། གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ཏེ། གནད་ས་འབུར་དུ་ཐོན་པར་བྱེད་པ་དང་རྩ་འཛུགས་ཞིབ་མོ་བྱེད་དགོས་ལ། སྔར་ལས་བཟང་བའི་སྤྱོད་ཚུལ་དང་སྔར་ལས་མཐོ་བའི་ཚད་གཞི། སྔར་ལས་གཟབ་ནན་ཡིན་པའི་རེ་བར་བརྟེན་ནས། བྱ་བའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་བར་འགན་སྲུང་བྱ་དགོས། དྲིལ་སྒྲོག་ཇུས་གཞིའི་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་བརྗོད་དོན་གཙོ་བོ་དྲིལ་སྒྲོག་བྱེད་པར་རྩ་འཛུགས་བཟང་པོ་བྱ་དགོས། བྱེད་ཐབས་གསར་སྐྲུན་དང་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། གཡུལ་ས་རྒྱ་བསྐྱེད་ཅིང་མཉམ་འདྲེས་སྨྱན་སྦྱོར་གྱི་དྲིལ་སྒྲོག་བྱ་བར་ཤུགས་སྣོན་པ་དང་། ཕྱོགས་མང་པོ་དང་ཡོངས་ལ་ཁེབས་པར་བྱ་དགོས། གཞི་རིམ་དུ་བསྐྱོད་ཅིང་དར་སྲོལ་ལེགས་སྒྱུར་བྱེད་པ་དང་། འཕེལ་རྒྱས་གྲུབ་འབྲས་ཀྱི་དྲིལ་སྒྲོག་བྱ་བ་བཟང་པོར་བསྒྲུབ་པ་དང་། ཧུར་ཐག་སྒོས་མང་ཚོགས་ཀྱིས་ཡིད་འཇོག་བྱེད་པའི་གནད་དོན་ཐག་གཅོད་དགོས་ལ། སྔར་ལས་བཟང་བའི་སྒོ་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དམངས་སེམས་གཅིག་སྡུད་བྱེད་པ། སེམས་ཤུགས་ཆེ་རུ་གཏོང་དགོས་ཞེས་ཟེར།
        གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་དྲ་རྒྱ་ཆ་འཕྲིན་གཞུང་སྒྲུབ་ཁང་སོགས་ཞིང་ཆེན་ཐད་གཏོགས་དྲིལ་སྒྲོག་ལས་ཁུངས་དང་ཞིང་ཆེན་གྱི་སྨྱན་སྦྱོར་གཙོ་བོ་བཞི་ཡིས་བརྗེ་རེས་གཏམ་བཤད་སྤེལ། གྲོང་ཁྱེར་དང་ཁུལ་སོ་སོའི་དྲིལ་སྒྲོག་ཁོངས་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཡན་ལག་ཚོགས་ར་ནས་ཚོགས་འདུར་ཞུགས།
འབྲེལ་ཡོད་འོས་སྦྱོར།