ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
དུས་ཚོད།:2022-10-20
ཀློག་གྲངས།:
བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་བྱས་ནས། སློབ་སྦྱོང་གི་ཚ་རླབས་བསླངས་པ་དང་། ཚུར་སྣང་ཆེན་པོ་བྱུང་། ཚང་མས་བསྟན་དོན། བདེན་འཛིན་དངོས་སྒྲུབ་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། ཆོད་སེམས་དང་ཡིད་ཆེས་སྔར་ལས་བརྟན་པོ་དང་བསམ་པའི་རྣམ་པ་སྔར་ལས་བཟང་བོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔར་ལས་མཚར་སྡུག་ལྡན་པའི་ལེའུ་འབྲི་དགོས།
སྙན་ཞུའི་ནང་དུ། “ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཡོད་པའི་ཀྲུང་གོ་གུང་ཁྲན་ཏང་ནི་གསར་བརྗེ་རང་བཞིན་གྱི་སྦྱོང་བརྡར་ཁྲོད་སྔར་ལས་སྟོབས་ལྡན་དུ་གྱུར་པ་དང་། ཏང་གི་ཆབ་སྲིད་འགོ་ཁྲིད་ཀྱི་ནུས་པ་དང་བསམ་བློ་སྣེ་ཁྲིད་ཀྱི་ནུས་པ། མང་ཚོགས་རྩ་འཛུགས་ཀྱི་ནུས་པ། སྤྱི་ཚོགས་འབོད་སྐུལ་གྱི་ནུས་པ་བཅས་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་ལ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་འདྲིས་ནམ་ཡང་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ནམ་ཡང་དུས་རབས་ཀྱི་མདུན་གྲས་སུ་བསྐྱོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་སྣ་ཚོགས་དང་ཉམས་སད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ནམ་ཡང་མི་དམངས་ཀྱི་སེམས་རྟེན་དུ་གྱུར་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ནམ་ཡང་འགོ་ཁྲིད་སྲོག་ཤིང་བརྟན་པོར་གྱུར་ཡོད། ”ཅེས་བསྟན་ཡོད།
ཏང་ནང་དུ་ཞུགས་ནས་ལོ་ལྔ་བཅུ་འགོར་བའི་རྗེས་དྲན་རྟགས་མ་ཐོབ་མཁན་ཉིག་ཅིན་ཀྲི་ཡིས་བཤད་རྒྱུར། ཏང་དང་རྒྱལ་ཁབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུ་ཁྲིད་མཛུབ་སྟོན་འོག་ཏུ། རླབས་ཆེན་གྱི་འཕོ་འགྱུར་མངོན་འགྱུར་བྱས་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཏང་ཡོན་རྒན་པ་དང་། འཇར་འགོག་དམག་མི་ཞིག་ཡིན་པའི་ཆ་ནས། ངས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་གི“ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན”ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ཡིན་ལ། དེ་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མཐུན་པར་མ་ཟད། ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་འབད་འཐབ་ཀྱི་དམིགས་འབེན་གསལ་བོ་བསྟན་ཡོད་ལ། ང་ཚོས་སྔར་ལས་འོད་སྟོང་འབར་བའི་གྲུབ་འབྲས་ལེན་པར་སྐུལ་སློང་བྱེད་ངེས་ཟེར།
མཚོ་སྔོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་གླིང་གཙོ། དགེ་རྒན་ཆེན་མོ་ཝུའུ་ཡུང་ལེང་གིས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུས་ང་ཚོའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡང་བསྐྱར་ཁྱབ་བསྒྲགས་བྱས་པ་དང་། རྒྱུན་མཐུད་ངང་འབད་བརྩོན་བྱེད་པའི་ཐད་ཡང་བསྐྱར་ལམ་དུ་ཞུགས་པ་ཡིན། དེས་རྒྱ་ཆེའི་དགེ་སློབ་ཚོའི་སྐྱོད་ལམ་གསར་པར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཆེ་རུ་བསྐྱེད་ངེས། དེ་དང་མཉམ་དུ། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་དགོངས་དོན་གྱི་ཉིང་བཅུད་དང་གོ་དོན་གཙོ་བོར་རྒྱུས་ལོན་ཡང་དག་དང་ཁོང་དུ་ཆུད་པར་བྱེད་པ་མ་ཟད། དེ་སློབ་ཁྲིད་དང་འབྲེལ་ཆགས་པར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཡང་དག་པར་བཤད་པ་དང་། གཏིང་ཟབ་ཏུ་བཤད་པ། གསལ་བོར་བཤད་པ་བཅས་བྱས་ནས། རྒྱ་ཆེའི་ན་གཞོན་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཞའོ་མེན་གྱིས། ཏང་གི་ལོ་བརྒྱའི་ལོ་རྒྱུས་བརྗིད་སྙམས་ལྡན་པ་དང་། ཏང་གི་ལོ་རྒྱུས་བྱ་བའི་སྡེ་ཁག་ཅིག་ཡིན་པའི་ཆ་ནས། རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་ནས། ཕྱོགས་ཡོངས་ནས་ཏང་གི་བཀའ་ཁྱབ་བརྒྱུད་སྒྲོག་བྱེད་འོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་རྩ་འཛུགས་བཟང་བོ་བྱེད་པ་དང་། ཏང་གི་འོད་སྟོང་འབར་བའི་གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་མ་གཏོང་བ་དང་ལོ་རྒྱུས་ཀྱི་ཉམས་མྱོང་བཟང་བོས་མི་རྣམས་ལ་སློབ་གསོ་བཏང་སྟེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཟེར།
མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལྟ་སྐུལ་ཁང་གི་ཀྲུའུ་རིན་གཞོན་པ་ཆིན་ཝུན་གྱིས་བཤད་རྒྱུར། སྙན་ལས་ཞུ་ལས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་ནི་ཏང་ལ་རག་ལས་ཞེས་བསྟན་པ་ལས་ང་ལ་མྱོང་ཚོར་ཟབ་མོ་བྱུང་སོང་། དུས་རབས་གསར་པའི་ཞིབ་བཤེར་ལྟ་སྐུལ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་ངེས་པར་ཏུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནམ་མོ་བྱེད་པ་དུས་ནམ་ཡང་ལམ་དུ་ཡོད་པ་དང་ཏང་གི་རང་ངོས་གསར་བརྗེ་དུས་ནམ་ཡང་ལམ་དུ་ཡོད་པ་སེམས་ལ་བརྟན་པོར་བཅངས་ནས། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་འཛིན་པ་དང་ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་པ། རང་འགུལ་ངང་སྲུང་སྐྱོང་གཉིས་ཀྱི་དམིགས་བསལ་འགན་འཁྲི་ཕྲག་ཏུ་བླངས་ནས། ཏང་གི་སྲིད་ཇུས་ལམ་ཕྱོགས་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
སྙན་ཞུའི་ནང་དུ། ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་དཀྱིལ་སྙིང་ལས་འགན་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བསྟན་ཡོད།
མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁུངས་མི། ཆབ་སྲིད་པུའུ་ཡི་ཀྲུའུ་རིན་ཆུག་ཝུན་ལིས་ཀྱིས་བཤད་རྒྱར། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་གསར་གཏོད་བྱེད་པ་དེ་མཐར་གཏུགས་ན་ཁག་ཁུར་འབད་བརྩོན་དང་བདེན་འཛིན་དངོས་སྒྲུབ་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་དགོས་ཟེར།
མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་ཏང་ཨུའི་ཨུ་ཡོན། མཉམ་འབྲེལ་གསོ་བཅོས་ཁང་གི་ཀྲུའུ་རིན་ཀུན་བཟང་རྒྱ་མཚོས་བཤད་རྒྱུར། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ་གཞི་རིམ་ཏང་འཛུགས་བྱ་བ་བཟང་བོར་སྒྲུབ་དགོས། གཞུང་བཙུགས་སྨན་ཁང་གིས་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་དུ་གཙོ་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་བདེ་ཐང་ལ་ཧུར་ཐག་གིས་འགན་སྲུང་བྱེད་དགོས་ཟེར།
སྙན་ཞུའི་ནང་དུ། ཏང་གིས་རླབས་ཆེན་འབད་འཐབ་ལ་བརྟེན་ནས་ལོ་བརྒྱའི་རླབས་ཆེན་བྱ་གཞག་བསྐྲུན་ཡོད་པ་བཞིན་དུ། རླབས་ཆེན་འབད་འཐབ་གསར་པར་བརྟེན་ནས་རླབས་ཆེན་བྱ་གཞག་གསར་པའང་བསྐྲུན་ཐུབ་ངེས་ཡིན། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་ཡིད་ལ་བརྟན་པོར་བཅངས་ཏེ། ཡིད་ཆེས་ཇེ་བརྟན་དང་བློ་གཅིག་སེམས་གཅིག དཀའ་སྤྱད་འབད་བརྩོན་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་ཆེད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་བསྟན་ཡོད།
ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཞའོ་ཝུན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་བསྐྱོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན། སྙན་ཞུ་ལས་མ་འོངས་པའི་ལོ་ལྔའི་རིང་གི་བྱ་བ་དང་དུས་ཡུན་དེ་ལས་རིང་བོའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་ཀྱི་དམིགས་འབེན་ལས་འགན་དང་སྲིད་ཇུས་བྱེད་ཐབས་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་པ་དང་། མི་དམངས་སྲིད་གྲོས་བྱ་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། ང་ཚོས་འགན་ནུས་ལ་རྐང་བཙུགས་ནས་ཞིབ་བཤེར་ཞིབ་འཇུག་བྱ་བར་ཤུགས་སྣོན་པ་དང་དམངས་གཙོ་གྲོས་མོལ་ལ་ཤུགས་བསྣན་ནས། སྲིད་གྲོས་བྱ་བར་གྲུབ་འབྲས་གསར་པ་ལེན་པར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
སྙན་ཞུའི་ནང་དུ། དུས་རབས་གསར་པའི་ལོ་བཅུའི་ནང་རླབས་ཆེན་གྲུབ་འབྲས་བླངས་པ་དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསོན་ཤུགས་དྲག་པོ་མངོན་པར་མཚོན་ཡོད་ལ། དེ་ནི་ང་ཚོ་སྐྱོད་ལམ་གསར་པར་འབད་པས་བསྐྱོད་པའི་གདེང་སྤོབས་དྲག་པོ་ཡིན་ཞེས་བསྟན་ཡོད།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་དབང་གྲགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བཤད་རྒྱུར། སྙན་ཞུ་ལ་ནན་ཏན་གྱིས་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་ལེན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དང་དངོས་འབེབས་བྱ་རྒྱུ་ཡིན། ལས་དོན་ཁག་སོ་སོ་དམ་འཛིན་ལེགས་པོ་བྱེད་ཞོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པ་བརྗོད་གཞི་ཡིན་པའི་རིག་རྩལ་ཡུལ་སྐོར་བྱ་འགུལ་སྤེལ་བར་རྩ་འཛུགས་ཞིབ་མོ་བྱས་ཏེ། རིག་རྩལ་ཡུལ་སྐོར་ཁྲོམ་ར་ཕྱོགས་ཡོངས་ནས་མྱུར་དུ་སླར་གསོ་བྱེད་པར་སྐུལ་འདེད་བཏང་ནས། རང་ཞིང་གི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཁུལ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།
ཝང་ཀྲན་ཧྭ་ནི་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ་ཞི་མ་ལཱ་སྡེ་བའི་ཁྱིམ་ཚང་ཀུན་གྱིས་ཤེས་པའི་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་མི་འཇོན་ཐང་ཅན་ཞིག་ཡིན་པར་མ་ཟད། ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི་དམངས་ཆེན་འཐུས་མི་ཡང་རེད། སྙན་ཞུ་ལ་སློབ་སྦྱོང་བྱས་རྗེས། ཁོ་སྡེ་བའི་མ་འོངས་པའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཁོས་བཤད་རྒྱུར། ལོ་ངོ་བཅུའི་རིང་གི་ཞིང་གྲོང་ལ་འགྱུར་ལྡོག་ཆེན་པོ་བྱུང་པ་དེ་ངས་དངོས་སུ་མཐོང་ཡོད། ད་ལྟ་མང་ཚོགས་ཀྱི་ཁྱིམ་དུ་ཐོག་ཁང་ཆུང་ངུ་བསྐྲུན་ཡོད་ལ། རླངས་འཁོར་ཆུང་ངུ་ཡང་ཉོས་འདུག འདི་ནི་ཏང་དང་རྒྱལ་ཁབ་ཀྱིས་ལོ་བཅུའི་རིང་ལ་མང་ཚོགས་ལ་སྤྲད་པའི་རྒྱུགས་ལན་བཟང་བོ་རེད། ངས་མུ་མཐུད་དུ་དམངས་ཆེན་འཐུས་མིའི་བྱ་བ་ནན་མོར་བསྒྲུབ་སྟེ་ཞིང་སྡེ་ཕྱུག་འགྱུར་གྱི་ཕྱོགས་སུ་ཁྲིད་རྒྱུར་འབད་པ་བྱ་རྒྱུ་ཡིན་ལ། མཛེས་པའི་ཁྱིམ་གཞི་འཛུགས་སྐྲུན་གྱི་སྣེ་ཁྲིད་པ་བྱས་ཏེ། སྡེ་བའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་ཡོང་བའི་དམིགས་འབེན་གྱི་ཕྱོགས་སུ་འབད་པས་བསྐྱོད་རྒྱུ་ཡིན་ཟེར།
སྙན་ཞུའི་ནང་དུ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འཁོར་ལོ་མདུན་དུ་སྐྱོད་བཞིན་ཡོད་ལ། མེས་རྒྱལ་ཡོངས་སུ་གཅིག་གྱུར་བྱེད་པ་དེ་ངེས་པར་དུ་མངོན་འགྱུར་བྱ་དགོས་ལ་མངོན་འགྱུར་བྱ་ཡང་ཐུབ་ཅེས་བསྟན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་དུས་རབས་གསར་པའི་ཐེ་ཝན་གྱི་བྱ་གཞག་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཕྱོགས་སྟོན་སྣེ་ཁྲིད་བྱས་ཏེ། རྒྱ་ཆེའི་ཐེ་ཝན་སྤུན་ཟླ་རྣམས་མ་འོངས་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་པར་བྱས། ཧྥུའུ་ཧྲིག་ཧྲན་བདེ་ཐང་འདྲི་རྩད་དོ་དམ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཧོང་རིན་ཅེ་ཡིས་བཤད་རྒྱུར། ཐེ་ཝན་གྱི་ཚོང་ལས་གཉེར་མཁན་ཞིག་གི་ངོས་ནས། རང་གི་སྟོབས་ཤུགས་ཡོད་ཚད་ཕུལ་ནས། མེས་རྒྱལ་གྱི་འབད་འཐབ་གཏམ་རྒྱུད་བཤད་ཅིང་། མེས་རྒྱལ་གྱིས་ཐེ་ཝན་སྤུན་ཟླ་ལ་བཅངས་པའི་བྱམས་བརྩེ་དང་རོགས་སྐྱོར་བརྒྱུད་སྒྲོག་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་རིག་གནས་བརྗེ་རེས་མཉམ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

འབྲེལ་ཡོད་འོས་སྦྱོར།