logo

མཚོ་སྔོན་འཐུས་ཚབ་ཚོགས་པ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐུན་མོང་བཅར་འདྲི་ཐེངས་ལྔ་པར་ཞུགས་པ།

རྩོམ་པ་པོ།:རྟ་མགྲིན་དཔལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2022-10-21 ཀློག་གྲངས།:
འཐུས་ཚབ་ཚོགས་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་དང་གྲོས་བསྡུར་བྱས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ།
        ཟླ10པའི་ཚེས20ཉིན་གྱི་དགོང་མོར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱིས་མཉམ་སྡེབ་བཅར་འདྲི་ཐེངས་ལྔ་པ་སྤེལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་དང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ཁྲེན་རུའེ་ཧྥུན་གྱིས་འཐུས་ཚབ་ཚོགས་པས་ཚབ་མཛད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་སྒྲོན་ལ་སློབ་སྦྱོང་དང་གྲོས་བསྡུར་བྱས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ། གསར་འགོད་པའི་དྲི་བར་ལན་བཏབ།
        ཁྲེན་རུའེ་ཧྥུན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མིའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས། ཚོགས་ཆེན་འཚོག་རིང་། འཐུས་མི་རྣམ་པས་སྙན་སྒྲོན་དང་ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་འགྲིལ་བ་དང་མི་དམངས་ཀྱི་བསམ་འདུན་མཚོན་པར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་མདུན་སྐྱོད་ཁ་ཕྱོགས་སྔར་ལས་གསལ་སྟོན་གནང་བ་དེ་ནི། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་སྟེང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན་པ་ངོས་འཛིན་གནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“ས་ཁུལ་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། “དེང་རབས་ཅན་གྱི་མཚོ་སྔོན་གསར་པ”འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་བས་ལས་དོན་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱང་སྐྱོད་ཀྱི་ལམ་བུའི་སྟེང་སྐྱོད་སྐབས་འཐུས་མི་ཚོས“གཏན་འཁེལ་གཉིས”ལ་སྙིང་ནས་བརྩི་བཀུར་ཞུས་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་དམ་འཛིན་བྱེད་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་དམིགས་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་ཕན་འབྲས་ཐོན་པ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཞིག་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཟེར།
        ཁྲེན་རུའེ་ཧྥུན་གྱིས་ཡུལ་དངོས་ཀྱི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། ཞིན་ཅིན་ཚགས་པར་གྱི་གསར་འགོད་པའི་མཚོ་སྔོན་གྱིས་ཇི་ལྟར་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་རྒྱུའི་སྐོར་གྱི་དྲི་བ་བཏོན་པས། ཁྲེན་རུའེ་ཧྥུན་གྱིས་མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོ་བཅངས་ནས། སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་དང་གངས་རི་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ“རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པ”སེམས་ལ་བཅངས་ནས་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་པའི་འཐབ་ཇུས་ལག་ལེན་དུ་བསྟར་ཏེ། མཚོ་བོད་ས་མཐོའི་སྲོག་ཆགས་དང་རྩི་ཤིང་། རི་ཀླུང་ཁྲི་སྟོང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ནས་མཚོ་བོད་ས་མཐོ་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ལག་ལེན་གྱི་ཁྲོད་དུ་ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློའི་ལག་ལེན་གྱི་མཐོ་ཚད་མཐོ་ཤོས་དེར་སྤྱི་འདོམས་བྱས་ཏེ། “མཐོ་ཚད་མཐོ་ཤོས་བདུན”གཅིག་གྱུར་གྱིས་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཀུན་དང་། ས་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་གནས་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་བཏང་བས། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་སྒྱུར་བ། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད། ད་ཆའི་གཙང་གསུམ་ཆུ་འགོ་དང་ཆུ་དྭངས་ཤིང་རྩྭ་ཐང་ཕུན་སུམ་ཚོགས་པ། “ཀྲུང་ཧྭའི་ཆུ་མཛོད”བརྟན་ལ་ཕུན་སུམ་ཚོགས་པ་ཞིག་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་དོན་འཁྱོལ་ནན་ཏན་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་ལེན་གཏིང་ཟབ། བློ་བརྟན་འགྱུར་མེད་ཀྱིས་“ཀྲུང་ཧྭའི་ཆུ་མཛོད”ལྟ་སྲུང་ཡག་པོ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་དང་། བརྩེ་སེམས་བཅངས་ནས་མུ་མཐུད་དེ་འབྱུང་རྩའི་འགན་འཁྲི་ཕྲག་ཏུ་འཁུར་བ། ཆུ་གཞུང་གི་འགན་འཁྲི་འཁུར་བ། གཙང་པོའི་ཆུ་འགོར་ལེགས་སྐྱེས་ཕུལ་བ་བཅས་བྱས་ཏེ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་སྤོབས་སེམས་སུ་འགྱུར་བར་བྱེད་དགོས།
        ཀྲུང་དབྱང་རླུང་འཕྲིན་དང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པའི་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཀྱི་ཉམས་མྱོང་དང་བྱེད་སྟངས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་བའི་སྐོར་གྱི་དྲི་བར་ལན་འདེབས་སྐབས། ཁྲེན་རུའེ་ཧྥུན་གྱིས། ལོ་བཅུའི་རིང་ལ་ང་ཚོས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དུ་བསྟར་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་འཛིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་སྤུན་ཟླའི་འཆམ་མཐུན་དང་ཕན་ཚུན་རོགས་རེས་བྱས་ནས། ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གཏོང་བའི་རྣམ་པ་གསར་པ་བཏོད་ཡོད། ང་ཚོས་རིག་གནས་ངོས་འཛིན་གྱི་རྩ་བ་བརྟན་པོ་འདི་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས། ཀྲུང་ཧྭའི་དཔལ་ཡོན་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྨ་ཙོང་རིག་གནས་དང་། ཁུ་ནུ་རིག་གནས། གླིང་སྒྲུང་། རེབ་གོང་སྒྱུ་རྩལ། ཐང་བོད་གནའ་ལམ་སོགས་རིག་གནས་ཀྱི་རིན་ཐང་སྔོག་འདོན་ཧུར་ཐག་བྱས་ཏེ། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་མ་ཏན་ཏིག་བཏང་ནས། “ཧྲན་ཙུང་ཆུ་ཁུངས”དང“མཛེས་སྡུག་ལྡན་པའི་མཚོ་སྔོན”སོགས་རིག་གནས་མཚོན་རྟགས་ཁག་གཅིག་བཏོད་དེ། མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་དང་ཁོངས་གཏོགས་བསམ་པ་སྔར་ལས་ཇེ་ཟབ་ཏུ་བཏང་ཡོད། ང་ཚོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་ནས་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། “ལོ་རྒྱུས་བཞི”ཡི་དྲིལ་སྒྲོག་སློབ་གསོ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཤིང་། རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་། ལམ་གཏོད་པའི་སྙིང་སྟོབས། “འབར་མདེལ་གཉིས་དང་འཁོར་སྐར་གཅིག་”གི་སྙིང་སྟོབས། མཚོ་བོད་ས་མཐོའི་སྙིང་སྟོབས། ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་སོགས་དར་སྤེལ་ཤུགས་ཆེན་བཏང་བ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་ཡོད།
        ད་ལྟའི་མཚོ་སྔོན། གྲོང་ཁྱེར་དང་ཁུལ་ཡོད་ཚད་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྔོན་ལ་བསྐྲུན་ནས། སྣ་མང་རིག་གནས་ཀྱི་དུས་རབས་ཀྱི་ཡིད་དབང་འཕྲོག་ཤུགས་ཉིན་བཞིན་མངོན་གསལ་དོད་པོར་འགྲོ་བ་དང་། མི་རིགས་མཐུན་སྒྲིལ་གྱི་རིག་གནས་གཞི་རྒྱུ་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བ། མི་རིགས་ཁག་ཐུན་མོང་ཐོག་བསམ་པའི་ཁྱིམ་གཞིས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ། མི་རིགས་ཁག་སེའུ་འབྲུ་དང་འདྲ་བར་དམ་པོར་འབྲེལ་ནས་དཔལ་ཡོན་དང་ཞི་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་དང་ཡར་རྒྱས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད།
ལོ་ཙཱ་བ། རྟ་མགྲིན་དཔལ།
འབྲེལ་ཡོད་འོས་སྦྱོར།