“སྐྱེ་ཁམས་བདེ་འཇགས་སྲུང་ཡོལ”སྔར་ལས་ཇེ་བརྟན་དུ་ཕྱིན་པ།
རྩོམ་པ་པོ།:ཕག་གྲུ་ཡིས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-10-25
ཀློག་གྲངས།:
སྟོན་དུས་ཀྱི་ཟླ་བཅུ་པར། པེ་ཅིན་འགྲེམ་སྟོན་ཁང་དུ་གཉེར་བའི“དུས་རབས་གསར་པར་འབད་པས་བསྐྱོད་པའི”བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམ་སྟོན་གྱིས། ལྟད་མོ་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད་ཅིང་། བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམ་སྟོན་བྱ་ཡུལ་འགྲེམ་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་མཚོ་སྔོན་འགྲེམ་ཁུལ་གྱིས་པར་རིས་དང་བརྙན་ལམ། དངོས་པོ་འགྲེམ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་མཚོ་སྔོན་གྱི་གཞི་རྒྱུ་དེ་བཀྲག་མདངས་ཆེ་བའི་མཛེས་ལྗོངས་འགྲེམ་སྟོན་ཁུལ་ཞིག་ཏུ་སྒྲིག་སྦྱོར་བྱས་ནས་མཚོ་སྔོན་གྱི་ལོ་བཅུའི་འཕེལ་རྒྱས་ཀྱི་རྗེས་ཤུལ་དེ་བས་གསོན་ཉམས་དོད་པོའི་ངང་མཐོང་ཐུབ་པར་བྱས་ཡོད།

“མཚོ་སྔོན་གྱི་སྔོན་པོ”ནི་འགྲེམ་ཁང་གི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་བྱང་སྣེའི་ཆུ་དམར་གཙང་པོ་ནས་མགོ་བཙུགས་ཏེ་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཚྭ་ཆུའི་མཚེའུ་ཆེ་ཤོས་ཡིན་པའི་མཚོ་སྔོན་པོ་དང་། གཙོད་ཕྲུག་བཙའ་ཡུལ་ཨ་ཆེན་གངས་རྒྱབ་ཀྱི་བྲག་ནག་མཚེའུ་དང་། “གནམ་འོག་ན་ཁྲི་ཀའི་རྨ་ཆུ་དྭངས”ཞེས་པའི་རྨ་ཆུའི་སྟོད་རྒྱུད་ཀྱི་མཚོ་སྔོན་ཁྲི་ཀའི་དུམ་མཚམས་སོགས་པར་རིས་མང་པོ་ཞིག་གིས་ལྟད་མོ་བར་ལྗང་མདོག་མཚོ་སྔོན་གྱི་རི་མོ་ཞིག་བསྟན་ཡོད།

ལྟད་མོ་བ་དག་གིས་གཅིག་རྗེས་གཉིས་མཐུད་ངང་གོམ་མཚམས་བཞག་ནས་ལྟ་བཞིན་པ།
ལོ་བཅུའི་རིང་མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ལ་བརྟེན་ནས་ལེགས་གཏོང་ཧྲག་སྒྲིག་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ། རྩ་ཆེ་ཞིང་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། དེ་བཞིན་འཚོ་གནས་ཁུལ་སྲུང་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་ལེན་བསྟར་ཡོད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་མ་ལག་གལ་ཆེན་དང་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་སྲོག་ཆགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་། སྤྱི་ཚོགས་སུ་ཞུགས་པ་དང་སྤྱི་དམངས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་གཏིང་ཟབ་ཏུ་ཕྱིན་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་དེ་སྡེ་ཚན་ཁག་དང་ཁྱབ་ཁོངས་ཁག་ཏུ་གཙོ་རྒྱུན་ཅན་དུ་གྱུར་ནས་ཕྱོགས་མང་དང་བརྒྱུད་རིམ་ལྡན་པའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་རྣམ་པ་གསར་པ་ཞིག་རིམ་བཞིན་ཆགས་ཡོད་པ་རེད།

ལྟད་མོ་བས་མཚོ་སྔོན་ལ་དམིགས་བསལ་དུ་ཡོད་པའི་སྲོག་ཆགས་དང་རྩི་ཤིང་གི་པར་ལ་ལྟ་བཞིན་པ།
གསའ་དང་། གཡུ། ཁྲུང་ཁྲུང་སྐེ་ནག གླ་བ། ཀོང་པོ་ཧུང་མོན་ལན། ལུག་རུ་སེར་པོ་སོགས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་སྲོག་ཆགས་དང་རྩི་ཤིང་གི་པར་རིས་ཀྱིས་ལྟད་མོ་བའི་ཡིད་དབང་འཕྲོག་ཅིང་། རྩ་ཆེའི་སྲོག་ཆགས་ཀྱི་འཚོ་བའི་བློ་གྲོས་དང་མཐོང་དཀོན་པའི་རྩི་ཤིང་གི་སྐྱེ་འཚར་བརྒྱུད་རིམ་བཅས་ནི་པར་རྒྱག་མཁས་ཅན་གྱི་པར་ཆས་ལ་བརྟེན་ནས་འཛམ་གླིང་ལ་མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་མངོན་ཡོད་པ་རེད། །
འབྲེལ་ཡོད་འོས་སྦྱོར།