logo

མཚོ་ལྷོ་ཁུལ་གྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་བྱས།

རྩོམ་པ་པོ།:ཀུན་བཟང་རྡོ་རྗེ། ཡོང་ཁུངས།:མཚོ་ལྷོ་ཚགས་པར། དུས་ཚོད།:2022-10-27 ཀློག་གྲངས།:
        ཟླ10པའི་ཚེས25ཉིན། རང་ཁུལ་གྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་ཆེའི་ཚོགས་འདུ་འཚོགས་ནས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱི་གྲོས་ཆོད་བཅས་ལ་ནན་ཏན་གྱིས་རྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཞིའི་འཐུས་མིའི་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མཇུག་སྒྲིལ་ཚོགས་འདུ། སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན། ཟླ10བའི་ཚེས24ཉིན་གྱི་ཕྱི་དྲོར་ཚོགས་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་སོགས་ལ་སློབ་སྦྱོང་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཚོགས་ཆེན་ལ་ཞུགས་པའི་མྱོང་ཚོར་དངོས་མཉམ་སྤྱོད་བྱས་པ་དང་འབྲེལ་ཚོགས་ཆེན་ཉི་ཤུ་པ་འཚོགས་པའི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཚོགས་ཆེན་ཉི་ཤུའི་དགོངས་དོན་གྱི་ནང་དོན་འགྲེལ་བཤད་བྱས་པ་བརྒྱུད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ལས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱ་རྒྱུའི་ཐད་བླང་བྱ་བཏོན་པ་རེད།
        ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་རང་རེའི་ཏང་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་བསྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པའི་གལ་ཆེའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན་ཅིང་། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུའི་ནང་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་གཏོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བརྗིད་ཉམས་ལྡན་པའི་འཆར་གཞི་དང་ལག་ལེན་གྱི་ཐབས་ལམ་བཀོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན། མར་ཁེ་སི་རིང་ལུགས་ཀྱི་འོད་ཟེར་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། ཀྲུང་དབྱང་སྒྲིག་ཨུའི་ལས་དོན་སྙན་ཞུའི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རླབས་ཆེན་གྱི་གསར་བརྗེས་རླབས་ཆེན་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་ཆོད་སེམས་དང་འདོད་བློ་གང་ལེགས་མཚོན་ཏེ་རྒྱང་བསྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུར་འབོད་སྐུལ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐེངས་ཉི་ཤུ་པ་མཇུག་སྒྲིལ་བའི་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ་ཏང་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་བྱེད་སེམས་ཆེ་རུ་གཏོང་བ། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ། དཀའ་སྤྱད་སྙིང་རུས་ཀྱིས་བྱ་བ་བསྒྲུབ་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཁག་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱ་དགོས་ཞེས་བསྟན་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ལས་སྐབས་གསར་པའི་ཀྲུང་དབྱང་གི་མགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་བ་དང་། ཚོགས་ཆེན་ལས་བློ་མཐུན་ཞི་ཅིན་ཕིང་མུ་མཐུད་དུ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་འདེམས་བསྐོ་བྱ་རྒྱུ་ནི་ཏང་ཡོངས་ཀྱི་བློ་སྟོབས་དང་མི་དམངས་ཀྱི་འདོད་བློ། དུས་རབས་ཀྱི་དགོས་དབང་དང་ཏང་གཤིས་ཀྱི་དམིགས་ཡུལ། དམག་སེམས་ཀྱི་གཏད་ཕྱོགས་དང་དམངས་སེམས་ཀྱི་འདོད་འདུན་བཅས་ཡིན།
ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཚོགས་ཆེན་ལ་ཞུགས་པའི་མྱོང་ཚོར་དངོས་ཀྱི་སྟེང་ནས་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་གནས་ཚུལ་ངོ་སྤྲོད་དང་ཚོགས་ཆེན་དགོངས་དོན་ལ་གསལ་འགྲེལ་བྱས་པ་དང་འབྲེལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ལས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱ་རྒྱུའི་ཐད་བླང་བྱ་བཏོན་པ་རེད།
        གྲོས་ཚོགས་ལས་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་དོན་གསལ་ཞིང་མི་སེམས་ལ་སྐུལ་མ་ཐེབས་པས། འཛམ་གླིང་ཡོངས་ལ་ང་ཚོའི་ཏང་གིས་དུས་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་དང་། དུས་ནམ་ཡང་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱུན་འཁྱོངས་བྱེད་པ། དུས་ནམ་ཡང་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེང་བ། དུས་ནམ་ཡང་བརྩོན་ལེན་བྱེད་པའི་དམིགས་འབེན་རྒྱུན་འཁྱོངས་བྱེད་པ་བཅས་གཟབ་ནན་གྱིས་དྲིལ་སྒྲོག་བྱས། དུས་རབས་གསར་བའི་ལོ་བཅུའི་འཕོ་འགྱུར་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་འགྲེལ་བཤད་གཏིང་ཟབ་བྱས་པ་དང་། འཛམ་གླིང་ཡོངས་ལ་ཀྲུང་གོ་གུང་ཁྲན་ཏང་གིས་ཅི་ཞིག་སྒྲུབ་ནུས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཟང་དོན་གང་ཡིན་པ་དེ་མཐར་གཏུགས་ན་མར་ཁེ་སིའི་རིང་ལུགས་ཀྱི་བྱ་གཞག་རླབས་ཆེན་ཡིན་ཞིང་། ཀྲུང་གོའི་རང་བཞིན་གྱི་དུས་རབས་ཅན་དུ་གྱུར་བའི་མར་ཁེ་སིའི་རིང་ལུགས་ཀྱི་བྱ་གཞག་རླབས་ཆེན་ཡིན་པ་ཁྱབ་སྒྲོག་བྱས་ཡོད། “གཏན་འཁེལ་གཉིས”ནི་ཏང་གིས་དུས་རབས་གསར་བར་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་བླངས་བ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་ཚུན་གྱི་ལོ5ཡི་གྲུབ་འབྲས་གལ་ཆེན་དང་དུས་རབས་གསར་བའི་ལོ10ཡི་རིང་གི་རླབས་ཆེན་གྱི་འཕོ་འགྱུར་ཞིག་ཀྱང་ཡིན། མདོར་དྲིལ་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དེ་ཁ་ཕྱོགས་གཏན་འཁེལ་གནང་བ་དང་ང་ཚོས“གཏན་འཁེལ་གཉིས”ལ་སྔར་ལས་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་བྱས་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབ་ཐུབ་པ་དེར་ཐུག་ཡོད། འོད་སྟོང་འབར་བའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གིས་འཛད་མེད་སྒུལ་ཤུགས་སྐུལ་སློང་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་སུ་གྱུར་ཡོད་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་གྱུར་ཡོང་ཆེད་འབད་འཐབ་བྱེད་པར་ཁྲིད་སྟོན་བྱས་ཡོད། དཀའ་ཚེགས་ཆེ་ཞིང་གཟི་བརྗིད་ལྡན་པའི་ལས་འགན་གྱིས་མཛེས་སྡུག་ལྡན་པའི་མ་འོངས་པར་རྨི་ལམ་བསྩལ་ཡོད་སྟབས། དེ་ནི་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་ཀྱི་སླད་ཕྱིན་ལས་དོན་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་ཡིན། རང་ཉིད་གསར་བརྗེ་བྱེད་པ་ངེས་པར་དུ་ཡུན་རིང་བོར་རྒྱུན་འཁྱོངས་དང་དར་སྤེལ་གཏོང་དགོས་པ་དང་། ཏང་གིས་རང་ལ་གསར་བརྗེ་བྱེད་པར་བརྟེན་ནས་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ལྡོག་མེད་ཀྱི་རང་བཞིན་གསལ་པོར་མཚོན་ཡོད་པས། རང་གིས་རང་ལ་གསར་བརྗེ་བྱེད་ཕོད་ན་ད་གཟོད་དཀའ་ངལ་ཡོད་ཚད་ལས་རྣམ་པར་རྒྱལ་ཐུབ། “ཁོང་དུ་བརྟན་པོ་ཆུད་པ་ལྔ”ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུ་ཡིན་ལ། མར་ཁེ་སིའི་རིང་ལུགས་ཀྱི་རིན་ཐང་ལྟ་བ་དང་ལོ་རྒྱུས་ལྟ་བ། ལག་ལེན་ལྟ་བ་བཅས་མཚོན་པར་བྱས་ཏེ། ང་ཚོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེས་དམའ་རིམ་གྱི་གཏན་ཚིགས་དང་ཐབས་ལམ་ཞིག་བཙལ་བ་ཡིན་ལ། མར་ཁེ་སིའི་རིང་ལུགས་ནི་ཀྲུང་གོའི་རང་བཞིན་གྱི་དུས་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཕྱོགས་བསྡུས་གཏིང་ཟབ་བྱེད་པའི་སྒྲོག་འགྲེལ་གསོན་ཉམས་ལྡན་པ་ཞིག་ཡིན།
        གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ཏེ་ལག་ལེན་མཐར་ཕྱིན་བྱ་རྒྱུ་ནི་ད་ལྟ་དང་མ་འོངས་པའི་དུས་སྐབས་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་མ་ཟད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱ་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་སློང་དང་གོང་བུ་གཅིག་ཏུ་སྒྲིལ་ནས་གུང་ཧོ་གཤོངས་ས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་གི་མི་དམངས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བཏོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ལེའུ་གསར་བ་ཞིག་རྩོམ་རྒྱུར་དོན་སྙིང་གལ་ཆེན་ལྡན། ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་བཅས་བྱ་རྒྱུར་མཐའ་འཁྱོངས་བྱས་ཏེ། སྔོན་ལ་སློབ་སྦྱོང་དང་སྔོན་ལ་ལག་ལེན་བྱེད་པ། སྔོན་ལ་མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་བྱས་ཏེ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། ཚན་རིག་རང་བཞིན་དང་ཕན་ནུས་རང་བཞིན། དམིགས་སའི་རང་བཞིན། རང་རྟོགས་རང་བཞིན་བཅས་ཆེ་རུ་བཏང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུའི་ཐད་མདུན་གྲལ་དུ་བསྐྱོད་པ་དང་མིག་དཔེ་སྟོན་དགོས་ཞེས་བསྟན།
        ཚོགས་འདུའི་ཐོག་གཅིག་ནས་ཚོགས་འདུའི་དགོངས་དོན་གྱི་ངོ་བོར་གོ་བ་བླངས་ནས་སློབ་སྦྱོང་གཏིང་ཟབ་དང་གོ་དོན་མཐིལ་རྟོགས་ཐུབ་པ་བྱ་དགོས། གཉིས་ནས་རིགས་པའི་གཞུང་ལུགས་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་ཏེ་བསམ་པའི་གཏིང་ལ་ཟུག་པ་དང་ཁྱིམ་ཚང་ཀུན་གྱིས་ཤེས་རྟོགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ་བླང་བྱ་མཚོན་པ་དང་དོན་དངོས་དང་མཐུན་པར་འགན་ལེན་བྱ་དགོས། བཞི་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་དམ་འཛིན་བྱས་ཏེ་དོན་འཁྱོལ་དང་འབྲས་བུ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས“དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག”གི་གཞི་རྐང་ལ་དམ་པོར་དམིགས་ཏེ། ཞིང་ཆེན་ཏང་ཨུའི་ཞིབ་ཕྲའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་མཚོ་ལྷོའི་ས་ཚིགས་ཀྱིས་ངེས་གནས་ཁོང་དུ་ཆུད་པ་བྱས་ནས“ཨར་ལས་རུ་ཁག”དང“ཨར་ལས་པ”ཡག་པོ་ཞིག་བྱ་དགོས་ལ། ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་འཆར་འགོད་བྱེད་པ་དང་ཟུང་འབྲེལ་གྱིས“ནད་ཡམས་སྔོན་འགོག་དང་དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ།” “སྔ་ཙམ་ནས་ཤེས་རྟོགས་དང་མྱུར་སེལ་ཐག་གཅོད། ཕྱི་ཐོན་སྔོན་འགོག”སོགས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རིམ་པ་བཞི་པའི་འགན་འཁྲི་ལེགས་པར་སྒྲུབ་པ་དང་སྔོན་འགོག་ཚོད་འཛིན་གྱི་མཐའ་ཚད་མཐའ་གཅིག་ཏུ་ཡག་པོ་སྲུང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན། ཁུལ་གྱིས་དཔལ་འབྱོར་བརྟན་པོ་ཡོང་བ་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཆ་ཚང་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་ལ། སང་ལོའི་ལས་དོན་སྔོན་ནས་བཟུང་ཇུས་འགོད་བྱེད་པ་དང་རྣམ་གྲངས་འཛུགས་སྐྲུན་བྱེད་པ། ཐོན་ལས་འཕེལ་རྒྱས་སུ་གཏོང་བ། མཁར་གྲོང་འཛུགས་སྐྲུན་བྱེད་པ། དམངས་འཚོ་འགན་སྲུང་སོགས་ཀྱི་གཙོ་གནད་ལས་དོན་ལེགས་སྒྲིག་བཅས་བྱས་ཏེ། ལས་དོན་སྔོན་ལ་སྒྲུབ་ནས་རྣམ་གྲངས་གསོག་འཇོག་དང་བརྩོན་ལེན་བྱས་ཏེ་ལས་དོན་དམ་འཛིན་ཏན་ཏིག་སྒོས་སང་ལོའི་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་བསྟན།
ཡོང་ཁུངས། མཚོ་ལྷོ་ཚགས་པར།
འབྲེལ་ཡོད་འོས་སྦྱོར།