མཚོ་ལྷོ་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཚགས་པར།
དུས་ཚོད།:2022-11-01
ཀློག་གྲངས།:
ཉེ་སྔོན། རང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་ནན་མོ་བྱས། གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་རྒྱུ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོར་བརྩི་བ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་སློང་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དངོས་འབེབས་བཟང་བོ་བྱེད་པ་དང་། རིགས་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་གསར་སྐྲུན་བྱེད་པར་མ་ཟད། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་ལྷོའི་ལེའུ་གསར་བ་འབྲི་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ནས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་ཡིས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་གཏན་ལ་ཕབ་པའི་ལས་འགན་སྣ་ཚོགས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། བཅོས་སྒྱུར་ལ་བསམ་གཞིགས་གཏོང་བ་དང་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ། བརྟན་འཇགས་དམ་འཛིན་བྱེད་པ། གསར་སྐྲུན་བརྩོན་ལེན་བྱེད་པར་མ་ཟད། མཛེས་པའི་རེ་བ་དེ་འཕེལ་རྒྱས་གྲུབ་འབྲས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས་ལ། ཏན་ཏིག་སྒོས་བྱ་བ་སྒྲུབ་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་ཀུན་གྱི་མདུན་གྲས་སུ་བསླེབ་པར་བྱེད་དགོས་པ་དང་། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རང་ཁུལ་ནས་དངོས་འབེབས་བྱས་ཏེ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།

འབྲེལ་ཡོད་འོས་སྦྱོར།